Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་བལ་ཡུལ་གྱི་ས་ཆ་ཧམ་བཟུང་བྱས་ཀྱང་བལ་ཡུལ་གྱི་སྲིད་བློན་ཁུ་སིམ་པོར་བསྡད་པར་སྐྱོན་བརྗོད།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

རྒྱ་གར་གྱི་ Zee News གསར་ཁང་གིས་བལ་ཡུལ་གཞུང་གི་གནད་བསྡུའི་དཔྱད་ཞིབ་ཀྱི་གནས་ཚུལ་སྤེལ་བར་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་སྒོ་ནས་བལ་ཡུལ་གྱི་ས་མཚམས་སུ་ཆགས་པའི་མངའ་སྡེ་ཁག་བདུན་ཙམ་ལ་ཧམ་འཛུལ་བྱས་ཡོད་པ་མ་ཟད་ས་ཚིགས་མང་དག་ཅིག་ལའང་བཙན་འཛུལ་བྱེད་མུས་ཡིན་པ་དེ་ལྟར་ཡང་། བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་ KP Sharma Oli རྒྱ་ནག་གཞུང་ལ་བསྟུན་མཁས་ཀྱིས་ཁུ་སིམ་པོར་བསྡད་པར་སྐྱོན་བརྗོད་གནང་འདུག

བལ་ཡུལ་གཞུང་གི་ས་བཀྲ་སྡེ་ཚན་གྱིས་དཔྱད་ཞིབ་གནང་བའི་ནང་རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ས་མཚམས་དང་ཉེ་བའི་ Dolakha ཞེས་པའི་མངའ་སྡེའི་ནང་སྤྱི་ལེ་ ༡༥༠༠ ཙམ་བཙན་བཟུང་བྱས་ཟིན་པ་དང་དེ་སྔ་བལ་ཡུལ་ Korlang ཞེས་པའི་ས་ཚིགས་སུ་ཡོད་པའི་ས་མཚམས་ཀྱི་ཀ་བ་ཨང་རྟགས་ ༥༧  ཞེས་པ་ཞིག་ཡོད་ཀྱང་། རྒྱལ་ཁབ་ཕན་ཚུན་དབར་རྩོད་རྙོག་དང་འབྲེལ་ནས་རྒྱ་ནག་གཞུང་གིས་ས་མཚམས་ཀྱི་ཀ་བ་དེ་ཕྱིར་འཐེན་བྱས་ཡོད་པ་དང་། བལ་ཡུལ་གྱི་ Gorkha དང་ Darchula ཞེས་པའི་མངའ་སྡེའི་གྲོང་གསེབ་མང་དག་ཅིག་བཙན་འཛུལ་བྱས་ཟིན་འདུག་པ་དང་། ལྷག་དོན་ Gorkha འི་ས་མཚམས་ཀྱི་ཀ་བ་གསུམ་དང་གཞན་ཡང་ Solukhumbu ས་མཚམས་ཀྱི་ཀ་བ་གཅིག་བཅས་ སྔར་གྱི་ས་ཚིགས་ནས་ས་ཚིགས་གཞན་ལ་གནས་སྤོར་ཟིན་པར་འགྲེལ་བརྗོད་གནང་འདུག

གསར་ཁང་གིས་ད་དུང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཀྱང་བལ་ཡུལ་ཁུལ་གྱི་ Darchula ཞེས་པའི་ས་ཚིགས་སུ་ཡོད་པའི་ Jiujiu ཞེས་པའི་གྲོང་གསེབ་ཀྱི་ས་ཚིགས་ཁག་ཅིག་ཀྱང་རྒྱ་ནག་གཞུང་གྱིས་བཙན་བཟུང་བྱས་པ་མ་ཟད། དེ་སྔ་བལ་ཡུལ་གཞུང་གི་ཁྱབ་ཁོངས་སུ་ཡོད་པའི་ཁང་ཁྱིམ་མང་པོ་ད་ཆ་རྒྱ་ནག་གི་ཆ་ཤས་སུ་གྱུར་ཟིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག

བལ་ཡུལ་དམར་ཤོག་གཞུང་གིས་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དག་སྦས་གསང་གང་ཐུབ་བྱེད་བཞིན་ཡོད་སྟབས། ད་ཆ་དཔྱད་ཞིབ་ཀྱི་སྙན་ཐོ་བརྒྱུད་དེ་དངོས་སུ་རྒྱ་ནག་གཞུང་གིས་བལ་ཡུལ་ཁུལ་གྱི་ས་ཆ་ཧམ་བཟུང་བྱས་པའི་གྲངས་ཐོ་ཕྱིར་བསྒྲགས་བྱུང་ཡོད་ཀྱང་དོན་དངོས་ཐོག་རྒྱ་གཞུང་གིས་བཙན་བཟུང་བྱས་པ་དེ་ལས་མང་བ་ཡོད་པ་མ་ཟད། རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་ཕྱི་དྲིལ་འབྲེལ་ལམ་ཐོག་གི་མཁས་པ་དག་གིས་ཀྱང་རྒྱ་གཞུང་གིས་བལ་ཡུལ་ཁུལ་དུ་ཁྲིམས་འགལ་ཐོག་ནས་བཙན་བཟུང་བྱས་པའི་ས་ཚིགས་དེ་དག་གྱི་གནད་དོན་དང་འབྲེལ་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་ KP Sharma Oli གཙོས་བལ་གཞུང་གིས་བསྟུན་མཁས་ཀྱིས་ཁུ་སིམ་པོར་བསྡད་པར་སྐྱོན་བརྗོད་ཀྱི་རྣམ་པ་ཆེད་འདོན་གནང་འདུག

རྩ་བའི་བལ་ཡུལ་གཞུང་གིས་ཕྱི་ལོ་ ༢༠༠༥ ནས་རྒྱ་གཞུང་དང་ལྷན་དུ་བསྟུན་མཁས་དང་རྒྱ་ནག་གཞུང་ལ་སུན་གཙེར་མི་བཟོ་བའི་ཕྱིར་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་གནང་མེད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་ལས་གཡོལ་ཐབས་སུ་ཕྱི་ལོ་ ༢༠༡༢ ལོའི་ས་མཚམས་ཀྱི་གྲོས་མོལ་དེ་ཡང་ཕྱིར་འཐེན་བྱས་ཡོད་པ་རེད། ཉེ་བའི་ལོ་ཤས་ནང་བལ་ཡུལ་གཞུང་དེ་རྒྱ་ནག་གཞུང་གིས་ཁྱེའུ་ལྟ་བུར་གྱུར་སྟབས་བལ་ཡུལ་གཞུང་གི་ཐག་གཅོད་གང་འདྲ་ཞིག་གནང་ཡང་རྒྱ་གཞུང་གི་མངའ་འོག་ཏུ་འགྲོ་དགོས་པའི་གནས་སུ་གྱུར་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།