Tibetan Royal Year of 2151 | Year of the Wood Dragon

སྲིད་གཞུང་གིས་ཆུ་ལོག་དང་ས་ཉིལ་གྱི་གནོད་ཐེབས་སྣང་མེད་དུ་བཏང་བ།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

           

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་སྤྱི་ཟླ་ ༨ པའི་ཚེས་༦ གྱི་ཉིན་ནས་བཟུང་། མཚོ་སྔོན་མཚོ་ལྷོ་བོད་རིགས་རང་ལྗོངས་ཁུལ། མང་ར་རྫོང་ཁོངས་སུ་ཆར་ཞོད་དྲག་པོ་དང་སེར་ར་བབས་པ་སོགས་ཀྱི་རྐྱེན་བྱས་ཏེ། ཆུ་ལོག་རྒྱུགས་པ་དང་ས་ཉིལ་བྱུང་སྟེ་མང་ཚོགས་ཀྱི་ཞིང་ཁ་དང་སྒོ་ཕྱུག  དེ་བཞིན་སྡོད་ཁྱིམ་སོགས་ལ་གཏོར་བཅོམ་ཐེབས་ཡོད་ནའང་། རྒྱ་ནག་གཞུང་གིས་ས་གནས་ཀྱི་བོད་རིགས་གནོད་ཐེབས་ཀྱི་ཡུལ་མི་རྣམས་ལ་རོགས་སྐྱོར་གྱི་རྣམ་གྲངས་གང་ཡག་གནང་མི་འདུག

ས་གནས་ནས་བརྙན་བླངས་བའི་ནང་དུ། ཡུལ་མི་ཞིག་གིས། 乡政府 ཞེས་ས་གནས་ཀྱི་སྲིད་གཞུང་། ཁྱེད་གང་ན་ཡོད། ངའི་ཁང་ཁྱིམ་ཆུ་ཡིས་བསྣུབས་སོང་། ངས་ཁྱེད་ཀྱི་རོགས་སྐྱོར་ལ་སྒུག་ནས་ཡོད་ཅེས་སྐད་འབོད་བྱེད་བཞིན་ཡོད་པའི་ཡུལ་དངོས་ཀྱི་གནས་སྟངས་མཐོང་ཐུབ་པའི་བརྙན་ཞིག་བཀོད་དེ། འདི་ལོར་ཆར་ཞོད་ཆེ་དྲག་པས་རྨ་ཆུ་བྲུག་ཚད་མཐོ་བོར་སླེབས་ཏེ་རྨ་འགྲམ་དུ་ཆགས་པའི་ཁྱིམ་ཚང་མང་པོ་ཞིག་ཉེན་ཁའི་གནས་སུ་ལྷུང་ཡོད་པ་ཡང་མངོན་གསལ་གནང་འདུག

ལྟེ་གནས་ཁང་གིས། ཕྱོགས་གཞན་ཞིག་ནས་བལྟས་ན། ཉེ་ཆར་སྤྱི་ཟླ་ ༧ པའི་ནང་དུ། རྒྱ་ནག་གི་ཤར་ཕྱོགས་ཁུལ་དུ་ཆུ་ལོག་ཆེན་པོ་བྱུང་མ་ཐག་རྒྱ་ནག་སྲིད་གཞུང་གིས་ས་གནས་ས་ཐོག་ཏུ་ངལ་སེལ་གྱི་རོགས་འདེགས་བྱས་ཡོད་པ་མངོན་གསལ་གནང་འདུག་པ་དང་།རྒྱ་ནག་གི་བྱེད་བབ་དེ་དང་འབྲེལ་ནས། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པ།   ཐེངས་འདིའི་ཆུ་ལོག་གི་དོན་རྐྱེན་ལས་རྒྱ་ནག་སྲིད་གཞུང་གིས་བོད་ཁུལ་དུ་དོན་དངོས་ཀྱི་ཐོག་ནས་རོགས་རམ་གནང་འདོད་མེད་པ་གསལ་བོ་མཚོན་ཡོད་ལུགས་ངོ་སྤྲོད་ཀྱིས། བོད་རིགས་མང་ཚོགས་ལ་བོད་ནང་དུ་ལས་ཀའི་གོ་སྐབས་མེད་པ་དང་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་གྱི་སྐབས་སུ་ཡང་བོད་ནང་དུ་ལྷོད་གཡེང་བཏང་ཡོད་པ་སོགས་ཀྱི་སྐྱོན་བརྗོད་བྱས་འདུག

དེ་བཞིན་བོད་རང་དབང་ཚོགས་པས་དེང་སྐབས་བོད་ནང་དུ་རང་བྱུང་གི་གོད་ཆགས་བྱུང་བ་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྣང་ཚུལ་འབྱུང་གི་ཡོད་པ་དང་། དེ་ནི་ཕྱོགས་གཅིག་ནས་རྒྱ་ནག་གིས་བོད་ཁུལ་དུ་ཁོར་ཡུག་གཏོར་བཅོམ་དང་ཚུ་མཛོད་གསར་རྒྱག  དེ་བཞིན་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད་དང་གཏེར་ཁ་སྔོག་འདོན་སོགས་ཀྱི་མཚོན་པའི་རང་བྱུང་ཁོར་ཡུག་ལ་ཚད་བརྒལ་གྱི་གཏོར་བཅོམ་གཏོང་བཞིན་པ་ལ་རྟེན་ནས་རྒྱུན་ལྡན་མིན་པའི་གོད་ཆགས་སྣ་ཚོགས་འབྱུང་གི་ཡོད་པ་ཡོངས་གྲགས་གནང་འདུག

འདི་གསར་འགོད་པས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་ལ་འབྲེལ་བ་བྱས་པར་བོད་ནང་ནས་ཐད་ཀར་གནས་ཚུལ་མཁོ་སྤྲོད་བྱས་པའི་སྒྲ་མཁོ་སྤྲོད་བྱས་པའི་ནང་། མང་ར་ཁུལ་དུ་ཕྱུག་ཟོག་མང་པོ་ཆུས་ཁུར་ཡོད་པ་མ་ཟད། འདི་ལོའི་ལོ་ཏོག་ཡོད་ཚད་རྩ་གཏོར་ཐེབས་ཡོད་པར་བརྗོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།