Tibetan Royal Year of 2151 | Year of the Wood Dragon

དབྱིན་གཞུང་རྒྱ་ནག་གི་དགུན་དུས་ཀྱི་ཨོ་རྩལ་འགྲན་བསྡུར་ལས་ཕྱིར་འཐེན་བྱ་འཆར།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

        

དེ་རིང་དབྱིན་ཡུལ་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། སྤྱི་ལོ ་༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་བསྡུ་རྒྱུར་གཏན་འཁེལ་བྱུང་ཡོད་ནའང་། ད་ཆ་རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་ཁྱབ་རྡལ་དང་ཧོང་ཀོང་གི་བཙན་འཛུལ། དེ་བཞིན་ཝཱ་བཱེ་བཟོ་ཚོང་ཁང་གི་འཕྲུལ་ལས་ཀྱི་གསང་བ་རྐུ་འཁྱེར་སོགས་ཀྱི་གནད་དོན་དང་འབྲེལ་ནས། དབྱིན་གཞུང་གིས་རྒྱ་ནག་གི་དགུན་དུས་ཀྱི་ཨོ་རྩལ་འགྲན་བསྡུར་ལས་ཕྱིར་འཐེན་བྱེད་སྲིད་པར་འཁོད་འདུག

དབྱིན་གཞུང་གི་བློན་ཆེན་རྒན་གྲས་ཤིག་གིས།  པེ་ཅིན་ཏུ་ཨོ་རྩལ་འགྲན་ཚོགས་ཚུགས་རྒྱུར་མང་ཚོགས་ཀྱིས་ཡིད་མི་རངས་བའི་གཏམ་འཆལ་རིགས་ཡོང་རྒྱུ་ཡིན་པར་བསྒྲགས་འདུག་དང་། དེ་བཞིན། དབྱིན་གཞུང་གི་བློན་ཆེན་ཟུར་བ། སྐུ་ཞབས་Iain Duncan Smith ལགས་ཀྱིས་སྲིད་གཞུང་ལ་རེ་ཞུ་གནང་སྟེ་དབྱིན་གཞུང་གིས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ལ་སྐུལ་སློང་བྱས་ཏེ་སྤྱི་ལོ་ ༢༠༢༢ ལོར་རྒྱ་ནག་ཏུ་འཚོགས་རྒྱུའི་ཨོ་རྩལ་འགྲན་བསྡུར་གྱི་ས་གནས་བརྗེ་བོ་རྒྱག་དགོས་བའི་རེ་སྐུལ་གནང་འདུག

ཁོང་གིས་ད་དུང་། རྒྱ་ནག་རྒྱལ་ཁབ་ནི་དབང་ཆ་གཅིག་སྡུད་ཀྱི་སྲིད་གཞུང་ཞིག་ཡིན་པ་མ་ཟད། དྲག་ཤུགས་ཆེ་ཞིང་བཟོད་བསྲན་བྲལ་བ་ཞིག་ཡིན་སྟབས། རང་མཐོང་ཆེ་བའི་དབྱིན་ཡུལ་གྱི་མི་སེར་རྣམས་རྒྱ་ནག་ཏུ་ཕྱིན་ནས་བཙལ་རྒྱལ་དེར་ངོས་ལེན་བྱེད་དགོས་བ་ཞིག་མཐོང་གི་མེད་ཅེས་བསྒྲགས་གཏམ་སྤེལ་ཏེ། རྒྱ་ནག་གིས་ཡུ་གུར་མི་མང་ལ་མནར་གཅོད་དང་བཅོས་བསྒྱུར་གཏོང་གི་ཡོད་པ་མ་ཟད། དབྱིན་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་ཀྱི་གྲོས་ཆོད་ཀྱང་ནག་གསུབ་བཏང་ཡོད་ལུགས་མངོན་གསལ་གནང་འདུག

གནད་དོན་དེ་དང་འབྲེལ་ནས།  དབྱིན་ཡུལ་གྱི་ Express.co.uk་ ཞེས་པའི་གསར་ཁང་གིས།  དབྱིན་ཇི་བ་རྣམས་ཀྱིས་དྲ་ཐོག་ནས་དབྱིན་གཞུང་གིས་རྒྱ་ནག་ཏུ་འཚོགས་འཆར་གྱི་ཨོ་རྩལ་འགྲན་བསྡུར་དེར་འཛུལ་ཞུགས་བྱེད་དགོས་མིན་ཐད་ནས་འོས་འཕེན་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་ལྟར་ན། འོས་འགྲན་ཁྲོད་ཞུགས་མཁན་གྱི་བརྒྱ་ཆ་ ༩༠ ལྷག་གིས་དབྱིན་གཞུང་གིས་རྒྱ་ནག་ཏུ་འཚོགས་རྒྱུའི་ཨོ་རྩལ་འགྲན་བསྡུར་འཛུལ་ཞུགས་བྱེད་རྒྱུ་མེད་པར་ཕྱིེར་འཐེན་བྱེད་དགོས་བར་འཁོད་ཡོད་པ་དང་། བརྒྱ་ཆ་ ༡༠ ལྷག་གིས་འཛུལ་ཞུགས་བྱེད་དགོས་བར་འོས་འཕེན་བྱས་ཡོད་ནའང་། འོས་འཕེན་ཁྲོད་ཞུགས་པའི་བརྒྱ་ཆ་ ༡ ཙམ་གྱིས་གནད་དོན་དེར་ཐག་གཅོད་ཅི་ཞིག་ལེན་དགོས་བར་ཆ་མ་འཚལ་བའི་རྣམ་འགྱུར་བསྟན་འདུག

འོས་འཕེན་ཁྲོད་ཞུགས་མཁན་ཁ་ཤས་ཀྱིས་མཆན་བཀོད་དེ། དབྱིན་གཞུང་ཙམ་མ་ཡིན་པར་རྒྱལ་སྤྱི་ཡོངས་ཀྱིས་རྒྱ་ནག་ཏུ་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་དེར་མཉམ་ཞུགས་བྱེད་རྒྱུ་མེད་པར་འཁོད་འདུག

ཡང་གཞན་ཞིག་གིས། རྒྱ་ནག་གིས་རྒྱལ་སྤྱིའི་དཔལ་འབྱོར་རྩ་གཏོར་བཏང་ཟིན་སྟབས། ང་ཚོས་ཅིའི་ཕྱིར་རྒྱ་ནག་གི་ཨོ་རྩལ་དེར་འཛུལ་ཞུགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་མཐོར་འདེགས་ལ་རོགས་རམ་བྱེད་དགོས་བ་རེད་ཅེས་བྲིས་ཡོད་པ་དང་། གཞན་ཞིག་ཀྱང་། ད་ཆ་ཕྱི་ལོགས་སུ་ཅ་དངོས་ཡོད་ཚད་རྒྱ་ནག་ནས་ཐོན་སྐྱེད་བྱས་པ་ལྟ་བུར་འགྱུར་བཞིན་ཡོད་སྟབས། ང་ཚོས་རྒྱ་ནག་ཏུ་འཚོགས་འཆར་གྱི་ཨོ་རྩལ་འགྲན་བསྡུར་ལ་འཛུལ་ཞུགས་མི་བྱེད་པ་ཙམ་མིན་པར། རྒྱ་ནག་ནས་བཟོ་སྐྲུན་བྱས་པའི་དངོས་ཟོག་ཡོད་ཚད་ལ་ཉོ་མཚམས་འཇོག་རྒྱུ་དེ་གལ་ཆེན་པོ་རེད་ཅེས་མཆན་བཀོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།