Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་བོད་ནས་ཁྱོན་བོད་མི་ ༡༤ ཙམ་འཛིན་བཟུང་བྱས་འདུག

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

རྒྱ་གཞུང་གིས་དབྱེ་བའི་བོད་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་ནས་བོད་མི་ ༦ དང་ཁྲི་འདུ་རྫོང་ནས་བོད་མི་ ༢ དེ་བཞིན་བོད་རྔ་བ་ཁུལ་ནས་བོད་མ་ ༦ འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག དེ་ཡང་ཉེ་ཆར་མཚོ་སྔོན་ཡུལ་ཤུལ་རྫ་སྟོད་རྫོང་གི་བོད་མི་ ༦ འཛིན་བཟུང་བྱས་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱི་གནས་ཚུལ་སྤེལ་བར་ཞིག་ན། བོད་མི་དེ་དག་གིས་ཐད་གཏོང་ལས་སྟེགས་སྤྱད་ནས་མ་རབས་ཐ་ཤལ་དང་གཡེམ་སྦྱོར་ཆགས་སྲེད། ཚུལ་མིན་གྱི་སྐད་ཆ་སོགས་བཤད་པ་ཤེས་རྟོགས་བྱུང་སྟེ། ཞིབ་རྩད་བྱས་མཐར་རྫ་སྟོད་རྫོང་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས་འཕྲལ་དུ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཆུ་ཚོད་ ༣༢ ནང་དྲ་རྒྱའི་ཐད་གཏོང་བརྒྱུད་དེ་ཆགས་སྲེད་ཆ་འཕྲིན་ཁྱབ་སྤེལ་བྱས་པའི་ཁྲིམས་འགལ་དོགས་ཡོད་ཉེས་ཅན་ ༦ པོ་འཛིན་བྱས་ཡོད་པ་དང་། འཛིན་བཟུང་བྱས་པའི་མི་དྲུག་པོའི་ཁོངས་སུ་སྐྱེད་པ་ ༢ དང་བེུད་ ༤ ཡོད་པ་དེ་དག་གིས་ནག་ཉེས་ངོས་ལེན་བྱས་ཡོད་ཚུལ་བརྗོད་དེ ། ཁོང་རྣམས་ལ་ཉིན་གྲངས་ ༡༠ ནས་ ༡༤ བར་བཀག་ཉར་དང་། ཁོང་རྣམས་ཀྱི་ཐད་གཏོང་ཨང་གྲངས་སོ་སོར་ཟླ་གཅིག་ནས་གསུམ་བར་སྒོ་བརྒྱབ་ཡོད་པ་རེད་འདུག

ཡང་དེའི་བར་ན་ཉེ་ཆར་ཡུལ་ཤུལ་ཁྲི་འདུ་རྫོང་སྤྱི་བདེ་ལས་ཁུངས་ནས་ཀྱང་། དྲ་རྒྱའི་ཐད་གཏོང་ལས་སྟེགས་བརྒྱུད་མ་རབས་ཐ་ཤལ་དང་གཡེམ་སྦྱོར་ཆགས་སྲེད། ཚུལ་མིན་གྱི་སྐད་ཆ་སོགས་བཤད་པས་ཉེས་མིང་འོག་བོད་མི་ ༢ འཛིན་བཟུང་བྱས་ཡོད་པ་དང། བོད་མི་དེ་དག་ཉིན་གྲངས་ ༡༠ རིང་ཀག་ཉར་གྱི་ཆད་པ་བཅད་པ་དང་། འབྲེལ་ཡོད་ཐད་གཏོང་གི་སྒོ་ཡོངས་སུ་བརྒྱབ་ཡོད་པ་བཀོད་འདུག རྩ་བའི་རྒྱ་གཞུང་གི་བོད་ནང་དྲ་རྒྱ་སོགས་ཕྱོགས་ཡོངས་ནས་དམ་དྲག་ཚད་ལས་བརྒལ་བ་བྱེད་བཞིན་པའི་ཁྲོད། གཞུང་དང་ལྟ་སྤྱོད་མི་མཐུན་མཁན་དང་ཆབ་སྲིད་དང་སྐད་ཡིག དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་སྤེལ་མཁན་མང་དག་ཅིག་ལཉེས་མིང་འདྲ་མིན་གཡོག་སྟེ་འཛིན་བཟུང་ཀག་ཉར་དང་། གར་སོང་ཆ་མེད་དུ་བསྒྱུར་བའི་གནས་ཚུལ་ཡང་ནས་ཡང་དུ་ཐོན་བཞིན་པ་རེད། ཐེངས་འདིར་བོད་མི་འཛིན་བཟུང་གི་གནད་དོན་དེ་དག་ཁྲོད། འདི་གའི་གསར་འགོད་པའི་གནས་ཚུལ་ཁོངས་ལྡན་ཡིནམིན་དང་བོད་མི་དེ་དག་ལ་ནག་ཉེས་གཡོག་པ་རྣམས་དངོས་ལྡན་ཡིན་མིན་སོགས་ཁ་གསལ་ཤེས་ཐབས་བྱས་ཀྱང་། བོད་ཁུལ་དུ་ཆེས་དམ་དྲག་གི་རྐྱེན་གྱིས་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག

ཡང་དེའི་བར་ན། གནས་ཚུལ་མཐོན་ཁག་ལ་ཞིག་ན། ཟླ་བ་འདིའི་ཚེས་ ༩ ཉིན་བོད་རྔ་བ་ཁུལ། ཟུང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་གྱི་བོད་ལུགས་གསོ་རིག་སྨན་པ་ ༣ དང་སྤྱི་གཉེར་བ་ ༢།  ཁྲིམས་ལུགས་ངོ་ཚབ་པ་ ༡ བཅས་ཁྱོན་བོད་མི་ ༦ ཀྱིས་བོད་སྨན་གྱིས་ཡུལ་སྐོར་བར་མགོ་སྐོར་བཏང་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཏེ་འདྲི་རྩད་བྱེད་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།