Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་འགན་ཁུར་ཐུབ་པ་བཟོ་བར་ཆོད་སེམས་བརྟན་པོ་ཡོད།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཁ་སང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པ་དང་བསྟུན། རྒྱལ་སྤྱིའི་ཁྲོད་བོད་མི་དང་རྒྱབ་སྐྱོར་བ་རྣམས་ནས་རྒྱ་ནག་གཞུང་གིས་བོད་ནང་དྲག་པོའི་སྲིད་བྱུས་ལག་བསྟར་བྱས་ཁག་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཨ་རིབ་ཝི་ར་ནི་ལགས་རྣམ་གཉིས་ཀྱིས་ཡིག་ངག་གཉིས་ཀྱི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་སྤྱི་བསྒྲགས་ཤིག་སྤེལ་འདུགལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་ལོ་ངོ་ ༦༣ སྔོན་དུ་བོད་མི་སྟོང་ཕྲག་མང་པོས་རང་ཉིད་ཀྱི་རྒྱལ་ཁབ་རྒྱ་གཞུང་གིས་བཙན་འཛུལ་ལས་སྲུང་སྐྱོབ་སླད་སྲོག་འབེན་ལ་བཙུགས་ཡོད་པ་མ་ཟད་བོད་མི་རྣམས་ནས་ད་བར་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་ལ་དམ་དྲག་དང་དྲག་གནོན་བྱས་པའི་སྲིད་བྱུས་ལ་ཞེད་སྣང་མེད་པར་གདོང་ལེན་གྱི་དགག་པ་གནང་ཡོད། བོད་མི་རྣམས་ཀྱི་སེམས་ཤུགས་དང་སྒོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེ་དང་ཁྱད་དུ་འཕགས་པའི་དབུ་ཁྲིད་ཀྱི་ལམ་སྟོན་ལ་སེམས་འགུལ་ཐེབས་ནས་ཨ་རིས་རྒྱ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་འགན་ཁུར་ཐུབ་པ་བཟོ་བར་ཆོད་སེམས་བརྟན་པོ་ཡོད་པ་དང་།  དེ་བཞིན་བོད་རྒྱ་གཉིས་དབར་དོན་ཕན་ལྡན་པའི་གྲོས་མོལ་ཞིག་ཡོང་ཐབས་སུ་མུ་མཐུད་ཕྱག་ལས་གནང་རྒྱུ་ཡིན་ཞེས་གསུངས་འདུག ཁོང་གིས་ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་གྲོས་ཚོགས་ནས་ Tibet Policy and Support Act ཞེས་ཨ་རི་གཞུང་གི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁྲིམས་སུ་གཏན་འབེབས་གནང་བའི་སྐོར་ལུང་འདྲེན་དང་འབྲེལ་ཏེ། ཁ་སྔོན་གྲོས་ཚོགས་ནས་ Global Magnitsky Human Rights Accountability Act ཞེས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་ཁུར་ཐུབ་ཐབས་དང་འབྲེལ་བའི་ཁྲིམས་གཞིའི་དབང་ཚད་བསྐྱར་གསོ་སླད་འོས་འཕེན་ཡོད་སྐོར་གསུངས་འདུག ཁོང་གིས་ང་ཚོས་ཚོང་འབྲེལ་ལ་བརྟེན་ནས་རྒྱ་གཞུང་གིས་དབང་སྒྱུར་འོག་མང་ཚོགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་མ་གནང་ཚེ་འཛམ་གླིང་གི་ས་ཕྱོགས་གཞན་ལ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་རྒྱུའི་དབང་ཚད་དེ་ཤོར་ངེས་ཡིན་པ་དང་། ང་ཚོས་རང་དབང་དང་དྲང་བདེན་གྱི་མ་འོངས་པ་ཞིག་བསྐྲུན་པར་ལས་དོན་གནང་བའི་ཁྲོད་རང་དབང་ལ་དགའ་མོས་གནང་མཁན་གྱི་མང་ཚོགས་རྣམ་པའི་ཆེ་མཐོང་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་རྒྱུར་ནམ་ཡང་གཡོལ་གྱི་མིན་ཞེས་གསུངས་འདུག དེ་མཚུངས་སུ་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཨ་རིཕ་ཝི་ར་ནི་ལགས་ཀྱིས་ Twitter དྲ་ལམ་ཐོག་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ངོ་སྤྲོད་གནང་བ་དང་སྦྲགས། དུས་ཚིགས་འདིར་ཁེ་ན་ཌ་གཙོས་རྒྱལ་སྤྱིའི་ཁྲོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱ་ནག་སྲིད་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་གི་ཡོད་པ་དང་བོད་ནང་ལ་མཚོན་ན་རྒྱ་གཞུང་གིས་བོད་མི་ཚོའི་གཞི་རྩའི་ཐོབ་ཐང་ཁག་མུ་མཐུད་རྡོག་རོལ་གཏོང་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག རང་ཉིད་ནས་བོད་དོན་ལ་རྒྱབ་སྐྱོར་དང་བོད་མིའི་འཐབ་རྩོད་གསོན་པོར་གནས་ཐབས་ལ་ཕྱག་ལས་གནང་ངེས་ཡིན་སྐོར་ཞལ་བཞེས་གནང་འདུག གཞི་རྩའི་ཁ་སང་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དང་བསྟུན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཉིན་མོ་དེ་དྲན་གསོ་དང་སྦྲགས་འབོད་ཚིག་སྣ་མིན་སྒོ་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པ་རེད།  དེའི་ཁྲོད་རྒྱ་གར་བྱང་ཤར་མོན་རྟ་དབང་ཁུལ་དུ་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། རྟ་དབང་བོད་རིགས་ཚོགས་པའི་གོ་སྒྲིག་འོག་བོད་མི་དང་ཡུལ་མི་ ༣༠༠ ལྷག་ནས་བོད་ཀྱི་རྒྱལ་དར་བསྣམས་ཏེ་གོམ་བགྲོད་ཀྱི་ལས་འགུལ་སྤེལ་འདུགཁ་སང་ནུབ་བྷེང་གྷལ་ནང་རྒྱ་ནག་གཞུང་ཚབ་ལས་ཁང་མདུན་དུ་བོད་མི་དང་རྒྱ་གར་ནས་རྒྱ་ནག་གིས་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་དེ་བཞིན་འཕགས་བོད་ས་མཚམས་སུ་གློ་བུར་བཙན་རྒོལ་བྱས་པའི་བྱ་སྤྱོད་ལ་ངོ་རྒོལ་གནང་འདུག སྐབས་དེར་ལས་འགུལ་བ་ཚོས་རྒྱ་གར་གཞུང་ནས་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་དགོས་པ་དང་དེ་བཞིན་བོད་མི་ཚོར་སྐྱབས་བཅོལ་གྱི་གནས་བབ་ཕུལ་དགོས་པའི་དགོས་འདུན་བཏོན་འདུགགཞན་ཡང་ཨོ་སི་ཀྲོ་ལི་ཡའི་ནང་དུའང་ཁ་སང་ཨོ་གླིང་སིཌ་ནི་བོད་རིགས་དང་བླངས་མི་མང་ཚོགས་པའི་གོ་སྒྲིག་འོག་སིཌ་ནི་གྲོང་ཁྱེར་ Martin place ལ་སྲུང་བརྩི་ཞུས་ཏེ་དེ་ནས་རྒྱ་ནག་གཞུང་ཚབ་ཁང་གི་བར་དུ་ཞི་བའི་གོམ་བགྲོད་གནང་སྟེ་གཞི་རྒྱ་ཆེའི་ངོ་རྒོད་སྐད་འབོད་གནང་འདུག མཛད་སྒོའི་སྐུ་མགྲོན་གསུང་བཤད་གནང་མཁན་ས་གནས་མངའ་སྡེ་གཞུང་གི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་གཉིས་དང་། བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་ཡེ་ཤུ་ཆོས་དཔོན Bill Crews ལགས་དང་དེ་བཞིན་ས་གནས་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ཤ་ཏུར་ཀི་སི་ཐན་མི་རིགས། ཧོང་ཀོ་མང་གཙོ་དོན་གཉེར་བ་སོགས་མི་གྲངས་ ༡༥༠ ལྷག་ལྷན་འཛོམས་གནང་འདུག  ཨོ་གླིང་གི་ཁེན་བྷེ་ར་དང་ New Castle དང་ Melbourne དེ་བཞིན་ Brisbane སོགས་ཀྱི་ས་གནས་དང་གཞན་ཡང་ཨ་རི་སོགས་ཀྱི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༣ པ་སྲུང་བརྩི་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།