Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གཞུང་གིས་༸རྒྱལ་དབང་ཀརྨ་པ་རྣམ་གཉིས་ཀྱི་གནད་དོན་ཐོག་ཚོགས་འདུ་ཞིག་ཚོགས་འདུག

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

རྒྱ་གར་གཞུང་གི་རྒྱལ་སྲུང་སློབ་སྟོན་པ་Arjit Doval ལགས་རྒྱ་ནག་ལ་ཕེབས་རན་པ་དང་བསྟུན་། ༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་གནད་དོན་དང་། ལྷག་པར་ཉེ་ལམ་ཕ་རན་སིའི་དབེན་པའི་གནས་ཤིག་ཏུ་༸རྒྱལ་དབང་ཀརྨ་པ་རྣམ་གཉིས་ཀྱི་མཇལ་འཕྲད་ཀྱི་སྐོར་ལ་ཚོགས་འདུ་ཞིག་ཚོགས་ཡོད་པ་རེད་འདུག

The Hindu ཞེས་པའི་རྒྱ་གར་གྱི་གསར་ཁང་ནས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། སྐུ་ཞབས་ Arjit Doval ལགས་ཟླ་བ་འདིའི་ཟླ་མཇུག་ལ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi  དང་ལྷན་དུ་ཚོགས་འདུ་ཞིག་གི་ཆེད་དུ་རྒྱ་ནག་ལ་ཕེབས་གཏན་འཁེལ་ཡོད་པ་ལྟར། ཁོང་ནས་བདུན་ཕྲག་སྔོན་མའི་ནང་རྒྱ་གར་གཞུང་གི་བོད་དོན་ཉམས་ཞིབ་པའི་རུ་ཁག་དང་མཉམ་དུ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་གནད་དོན་སྐོར་ལ་ཚོགས་འདུ་དེ་ཚོགས་ཡོད་པ་རེད།

གསར་ཤོག་དེའི་ནང་བཀོད་པར་གཞིགས་ན། ༸དཔལ་རྒྱལ་དབང་ཀརྨ་པ་མཆོག་ལོ་གཉིས་མ་ཟིན་ཙམ་ཞིག་རྒྱ་གར་ལ་མ་ཕེབས་པར་ཨ་རིར་བཞུགས་གནང་བའི་ཁྲོད་  Dominica རྒྱལ་ཁབ་ཀྱི་མི་སེར་བཞེས་ཏེ་ཉེ་ལམ་ཕ་རན་སིའི་དབེན་པའི་གནས་ཤིག་ཏུ་ཀརྨ་པ་མཐའ་ཡས་རྡོ་རྗེ་དང་ལྷན་མཇལ་འཕྲད་གནང་ཡོད་སྟབས། རྒྱ་གར་གཞུང་ནས་གནད་དོན་དེར་གནད་འགག་ཆེན་པོའི་སྒོ་ནས་གཟིགས་བཞིན་ཡོད་པ་རེད།

Hindu གསར་ཁང་གིས་བཀོད་པའི་གནས་ཚུལ་དེའི་ནང་གསལ་ལྟར་ན། རྒྱ་གར་གཞུང་གིས་༸རྒྱལ་དབང་ཀརྨ་པའི་གནད་དོན་དང་འབྲེལ་ཏེ་ལོ་ཤས་སྔོན་ནས་བོད་དོན་ཉམས་ཞིབ་པའི་རུ་ཁག་ཅེས་པ་ཞིག་ཆེད་འཛུགས་གནང་ཡོད་པ་དང་། རུ་ཁག་དེའི་ནང་དུ་རྒྱ་གར་ཕྱི་སྲིད་ལྷན་ཁང་དང་། རྒྱ་གར་གསང་བའི་ལས་ཁུངས། དེ་བཞིན་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་མི་སྣ་བཅས་ཡོད་པ་དང་། ཁོང་རྣམ་པས་དུས་ནས་དུས་སུ་རྒྱ་གར་གཞུང་ལ་གནས་ཚུལ་མཁོ་སྤྲོད་གནང་གི་ཡོད་པ་མ་ཟད། རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་གྱི་རུ་ཁག་ལའང་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་གནང་གི་ཡོད་པ་རེད་འདུག

རྩ་བའི་ཟླ་བ་འདིའི་ཚེས་ ༢༨ ཉིན་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཁེ་ན་ཌའི་ནང་དྲ་ལམ་བརྒྱུད་ཐད་གཏོང་གསུང་ཆོས་ཤིག་བསྩལ་བ་དང་བསྟུན་གནད་དོན་ཁག་གཅིག་ལ་གསལ་བཤད་གནང་སྐབས། བོད་ཀྱི་བླ་ཆེན་རྣམས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྟན་པ་སྤྱིའི་ཞབས་འདེགས་སྒྲུབ་རྒྱུ་ལ་དམིགས་ཏེ་འགྲུལ་བསྐྱོད་སྟབས་བདེ་ཡོང་བའི་དོན་དུ་རྒྱལ་ཁབ་གཞན་གྱི་ཕྱིར་བསྐྱོད་ལག་འཁྱེར་བཟོས་གནང་གི་ཡོད་པ་ལྟར་རིན་པོ་ཆེ་མཆོག་ནས་ཀྱང་མ་འོངས་པར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྟན་པ་སྤྱིའི་ཞབས་འདེགས་སྒྲུབ་རྒྱུའི་ཆེད་དུ་ Dominica རྒྱལ་ཁབ་ཀྱི་ཕྱི་བསྐྱོད་ལག་འཁྱེར་བཟོས་གནང་བ་ཞིག་ཡིན་པ་དང་། ལག་འཁྱེར་དེ་བརྒྱུད་རྒྱ་གར་ལ་གང་མགྱོགས་ཕེབས་ཐུབ་རྒྱུའི་ཆེད་དུ་མཐོང་མཆན་ཞུ་བཞིན་ཡོད་ཅེས་གསལ་བཤད་གནང་ཡོད་པ་རེད།

ཡང་དེའི་བར་ན།  བོད་ཟླ་དགུ་པའི་ཚེས་ ༢༢ འམ། ལྷ་བབས་དུས་ཆེན་དང་བསྟུན།  ཁམས་ནང་ཆེན་ཇོ་བ་དགོན་དུ་བདུན་ཕྲག་གཅིག་གི་རིང་བཀའ་བརྒྱུད་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཚོགས་ནས་མི་མང་གིས་དད་གུས་ཆེན་པོས་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་འདུག

 

 

འབྲེལ་ཡོད་གསར་གནས།

གསར་གནས།