Tibetan Royal Year of 2151 | Year of the Wood Dragon

རྒྱ་དཀར་ནག་གཉིས་དབར་གདོང་ཐུག་ཁྲོད་ཕན་ཚུན་གྱི་གསར་འགོད་པ་ཕྱིར་འབུད།

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

རྒྱ་གཞུང་གིས་འདི་ལོའི་ཕྱི་ཟླ་ ༣ ནས་བཟུང་རྒྱ་གར་གཙོས་པའི་ཕྱི་ཕྱོགས་ཀྱི་མི་རྣམས་ཡུལ་དེའི་ནང་བསྐྱོད་ཆོག་པའི་མཐོང་མཆན་སྤྲོད་འགོ་བཙུགས་ཡོད་ཀྱང་། རྒྱ་དཀར་ནག་གཉིས་དབར་འཕགས་བོད་ས་མཚམས་ཀྱི་གནད་དོན་ཐད་གདོང་ཐུག་རིམ་པར་ཇེ་ཆེར་བྱུང་བའི་ཁྲོད།  ཕྱོགས་གཉིས་ཀའི་ངོས་ནས་ཕན་ཚུན་གསར་འགོད་པར་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་སྟེ།  ད་ལྟའི་ཆར་རྒྱ་གར་ལྟ་བུར་མཚོན་ན་རྒྱ་གཞུང་གིས་གཉེར་བའི་གསར་འགོད་པ་ཅིག་ཀྱང་མེད་པའི་གནས་ཚུལ་ཐོན་ཡོད་པ་དང་འབྲེལ། རྒྱ་ནག་གི་གསར་འགོད་པ་ཅིག་ཀྱང་མེད་པའི་གནད་དོན་དེ་ནི་ཕྱི་ལོ་ ༡༩༨༠ ཡས་མས་རྗེས་ཆེས་ཐོག་མར་བྱུང་བ་ཞིག་ཆགས་ཀྱི་ཡོད་པ་རེད་འདུག

ཁ་སང་ཕྱི་ཚེས་ ༣༠ ཉིན་ Wall Street Journal གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་བའི་ལོ་ཤས་ནས་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་གནད་དོན་ཐད་གདོང་ཐུག་རིམ་པར་བྱུང་རྐྱེན་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་བཞིན་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁྲོད་འདིར། རྒྱ་གར་གཞུང་གིས་འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་གར་ནང་གནས་འཁོད་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ Xinhua གི་གསར་འགོད་པར་ཟླ་བ་དེའི་ནང་ཚུད་རྒྱ་གར་ནས་ཕྱིར་ཐོན་དགོས་པའི་བཀོད་ཁྱབ་བཏང་བ་དང་། རྒྱ་གཞུང་གིས་ཀྱང་དེའི་ཡ་ལན་དུ་རྒྱ་གར་གསར་འགོད་པ་གསུམ་གྱི་མཐོང་མཆན་བཀག་ཡོད་པ་རེད་འདུག

གནད་དོན་དེ་དང་འབྲེལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Mao Ning ཟེར་བས་རྒྱ་ནག་གཞུང་གིས་འདི་ལོ་ཁོ་ནའི་ནང་རྒྱ་གར་བ་ཁྲི་དྲུག་ཙམ་ལ་གནད་དོན་འདྲ་མིན་ཐད་རྒྱ་ནག་ཏུ་བསྐྱོད་རྒྱུ་མཐོང་མཆན་སྤྲོད་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་གར་གཞུང་གིས་ལོ་མང་ནས་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་དང་དེ་གའི་གསར་འགོད་པར་དམ་བསྒྲགས་བྱས་པར་བརྟེན། རྒྱ་ནག་གཞུང་གིས་དེར་དགོས་ངེས་ཀྱི་ཡ་ལན་དུ་རྒྱ་གར་གསར་འགོད་པར་མཐོང་མཆན་བཀག་སྡོམ་བྱས་ཡོད་སྐོར་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༦ ལོར་རྒྱ་གར་གཞུང་གིས་ཡུལ་འདིར་གནས་བཞིན་པའི་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ Xinhua ཡི་གསར་འགོད་པ་གསུམ་ལ་རྒྱ་གར་ནས་ཕྱིར་འབུད་དང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གི་གཞུང་འབྲེལ་བརྙན་འཕྲིན་ CCTV གི་རྒྱ་རིགས་གསར་འགོད་པར་རྒྱུ་མཚན་གང་ཡང་མེད་པར་ཕྱིར་འབུད་བཏང་བས་གནས་ཚུལ་རྣམས་ལུང་འདྲེན་གྱིས། རྒྱ་གར་གཞུང་གིས་འདས་པའི་ལོ་ཤས་ནས་རྒྱ་རིགས་གསར་འགོད་པར་ཚུལ་མིན་གྱི་བྱ་སྤྱོད་རིགས་སྤེལ་ཡོད་ལུགས་སོགས་བཤད་དེ་སྐྱོན་བརྗོད་བྱས་འདུག

ད་དུང་རྒྱ་ནག་ནང་བཅའ་སྡོད་རྒྱ་གར་གྱི་གསར་འགོད་པ་ཁག་ཅིག་ཡུལ་དེའི་ནང་འཁོད་དེ་ལོ་བཅུ་ལྷག་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་ངོས་ནས་གསར་འགོད་པ་དེ་དག་ལ་མུ་མཐུད་མཐུན་འགྱུར་སྦྱར་འདོད་ཡོད་ཀྱང་། དེའང་གཙོ་བོ་རྒྱ་གར་གཞུང་གིས་རྒྱ་གར་ནང་གི་རྒྱ་རིགས་གསར་འགོད་པར་མཐུན་འགྱུར་སྦྱར་ཕྱོགས་ལ་རག་ལུས་ཀྱི་ཡོད་སྐོར་བརྗོད་འདུག

དེའི་བར་ན་གཞུང་འབྲེལ་རྒྱ་རིགས་གསར་འགོད་པ་ཟུར་པ་ Wang Zichen ཡིས་རྒྱ་དཀར་ནག་གཉིས་ཀྱི་གསར་འགོད་པས་རྒྱལ་ཁབ་ཕན་ཚུན་ས་མཚམས་ཀྱི་དཀའ་རྙོག་སེལ་བར་ཕན་ནུས་ཡོད་པ་འགྲེལ་བརྗོད་ཀྱིས་དེ་ལྟ་བུའི་གསར་འགོད་པར་དམ་བསྒྲགས་བྱ་རྒྱུའི་ལས་གཞི་རྣམས་མཚམས་འཇོགས་དགོས་པ་བརྗོད་འདུག

འདི་ག་རླུང་འཕྲིན་ཁང་ནས་བོད་རང་བཙན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་སུ་རྒྱ་དཀར་ནག་གཉིས་དབར་འཕགས་བོད་ས་མཚམས་ཀྱི་གནད་དོན་ཐད་འདས་པའི་ལོ་ཤས་ནས་གདོང་ཐུག་ཤུགས་ཆེ་འབྱུང་བཞིན་པའི་ཁྲོད། ད་རེས་ཕྱོགས་གཉིས་ཀའི་ངོས་ནས་ཕན་ཚུན་གསར་འགོད་པ་ཕྱིར་འབུད་གནད་དོན་ཐོག་བཀའ་འདྲི་ཞུས་པ་ཞིག་གཤམ་གྱི་སྒྲ་སྒམ་ནས་གསན་ཐུབ།

འབྲེལ་ཡོད་གསར་གནས།

གསར་གནས།