Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གཞུང་གིས་ལུག་ཚང་དཔལ་ཡོན་དྲ་ཚོམས་སྒོ་བརྒྱབ་འདུག

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

རྒྱ་ནག་གཞུང་གིས་མི་ལོ་ ༡༡ རིང་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་རྣམས་ཀྱིས་རྩོམ་ཡིག་སྤེལ་སའི་ལུག་ཚང་དཔལ་ཡོན་དྲ་ཚོམས་སྒོ་བརྒྱབ་འདུག

དེའང་རྒྱ་ནག་གཞུང་གིས་འདས་པའི་ལོ་མང་ནས་བོད་ནང་དུ་བོད་ཡིག་བཀོལ་སྤྱོད་བྱེད་སའི་འཕྲིན་སྟེགས་དང་། དྲ་རྒྱ། དེ་བཞིན་མཉེན་ཆས་སོགས་བཀག་སྡོམ་དང་བཙན་གྱིས་སྒོ་བརྒྱབ་བཅུག་གི་ཡོད་པའི་ཁྲོད། ཟླ་འདིའི་ཕྱི་ཚེས་ ༢ ཉིན་འདས་པའི་མི་ལོ་བཅུ་གྲངས་རིང་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོས་བྲིས་པའི་རྩོམ་ཡིག་མང་དག་ཅིག་སྤེལ་ས་དང་། དེ་བཞིན་བོད་གཞས་དང་ཤེས་བྱ་ཀུན་བཏུས། ཡིག་བསྒྱུར་ཚན་པ་སོགས་བརྒྱུད་བོད་ཀྱི་རིག་གནས་མི་ཉམས་གོང་འཕེལ་ཆེད་ལས་རིགས་སྣ་ཚོགས་སྤེལ་མཁན་གྱི་ལུག་ཚང་དཔལ་ཡོན་དྲ་ཚོམས་གློ་བུར་དུ་སྒོ་བརྒྱབ་འདུག

ཟླ་འདིའི་ཕྱི་ཚེས་  ཉིན་ལུག་ཚང་དཔལ་ཡོན་དྲ་རྒྱའི་འབྲེལ་ཡོད་མི་སྣས་ weibo དྲ་ལམ་བརྒྱུད་སྐད་འཕྲིན་གཞུང་ཕྱོགས་ནས་ལུག་ཚང་དཔལ་ཡོན་གྱི་དྲ་སྒོ་ཡོངས་སུ་བཀག་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་དང་སྦྲགས།  ལུག་ཚང་དཔལ་ཡོན་དྲ་ཚོམས་ཀྱི་དྲ་བདག་གིས་གནད་དོན་དེ་འབྲེལ་བརྡ་ཁྱབ་ཅིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༢༤ ཟླ་  ཚེས་ ༢ ཉིནསྐད་འཕྲིན་གཞུང་ཕྱོགས་ནས་ལུག་ཚང་དྲ་ཚོམས་ཀྱི་ནང་དོན་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པ་མ་ཟད།  དྲ་རྒྱ་དེའི་ཐོག་ཡོད་པའི་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོས་བྲིས་པའི་རྩོམ་ཡིག་རྣམས་ནག་བསུབ་ཏུ་བཏང་འདུག་ཅེས་དང་། དེ་སྔོན་དྲ་ཚོམས་སུ་པར་དབང་རྩོད་གཞི་ཅན་གྱི་བརྩམས་ཆོས་རིགས་སྤེལ་བ་དེ་ནི་སྐད་འཕྲིན་གྱི་པར་དབང་གཏན་འབེབས་དང་འགལ་སྟབས་སྐད་འཕྲིན་གཞུང་ཕྱོགས་ནས་ཉེན་བརྡ་བཏང་བ་གཞིར་བཟུང་ལུག་ཚང་དཔལ་ཡོན་དྲ་ཚོམས་ངོས་ནས་ལེགས་བཅོས་དང་གཙང་གསུབ་དགོས་པ་རྣམས་བྱས་ཡོད་ཀྱང་། ད་ལན་དྲ་ཚོམས་གློ་བུར་དུ་སྒོ་བརྒྱབ་པ་དེའི་རྒྱུ་མཚན་གང་ཡིན་གསལ་པོ་ཤེས་ཀྱི་མེད་ཀྱང་པར་དབང་གི་རྩོད་གཞི་དང་འབྲེལ་བ་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་ཅེས་གསུངས་པ་དང་འབྲེལ།དུས་རྒྱུན་དུ་པར་དབང་དང་བརྩམས་ཆོས་ཀྱི་ཐོག་མའི་རིན་ཐང་ལ་བརྩི་སྲུང་བྱེད་མཁན་ཞིག་ཡིན་པའི་ངོས་ནས་པར་དབང་དང་གསར་རྩོམ་པའི་གལ་ཆེའི་དོན་སྙིང་གསལ་པོ་ཤེས་ཀྱི་ཡོད་ཅེས་གསུངས་འདུག

མ་ཟད་ཁོང་གིས་བརྡ་ཁྱབ་དེའི་ནང་། ལུག་ཚང་དཔལ་ཡོན་དྲ་ཚོམས་ངོས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༩ ནས་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢ བར་ལོ་ངོ་ ༡༡ དང་ཉིན་གྲངས་ ༢༥ རིང་གང་ཐུབ་ཅི་ཡོང་གིས་ཐད་གཏོང་སོགས་ཀྱི་བརྒྱུད་བོད་ཀྱི་སྐད་ཡིག་དང་རིག་གཞུང་གོང་སྤེལ་ཐད་རྩ་ཆེའི་གོ་སྐབས་བསྐྲུན་ཡོད་པ་དང་། ད་ཆ་དྲ་ཚོམས་སླར་གསོའི་ཐད་ཞུ་འབོད་བྱེད་བཞིན་ཡོད་ཀྱང་། གལ་ཏེ་དྲ་ཚོམས་སླར་གསོ་མ་ཐུབ་ཚེ་ལུག་ཚང་དྲ་ཚོམས་དང་གཏན་དུ་ཁ་བྲལ་རྒྱུ་ཡིན་ཞིང་། ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་དང་དགའ་མོས་གནང་མཁན་ཀུན་ལ་བཀའ་དྲིན་ཆེ་ཞེས་ཞུས་འདུག

རྩ་བའི་རྒྱ་གཞུང་གིས་འཕྲིན་བརྒྱུད་བོད་ནང་གནས་སྡོད་བོད་མི་རྣམས་ནས་བཙན་བྱོལ་དུ་གནས་ཡོད་པ་ནང་མིར་འབྲེལ་བ་བྱེད་པ་དང་། དྲ་རྒྱ་བརྒྱུད་བོད་ཀྱི་སྐད་ཡིག་རིག་གཞུང་གཙོས་ཆོས་ཕྱོགས་ཀྱིས་ལས་དོན་གཉེར་མཁན་སོགས་ལ་གསོ་མྱུལ་དང་བཀག་སྡོམ། དེ་བཞིན་བོད་དོན་དང་འབྲེལ་བའི་པར་རིས་བརྒྱུད་བསྐུར་བྱེད་མཁན་གྱི་ཚོགས་སྒེར་ཀུན་ལ་དམ་བསྒྲགས་དང་།ཁྲིམས་འགལ་དུ་ངོས་འཛིན་གྱིས་འདྲི་རྩད་དང་བཙོན་འཇུག་སོགས་ཀྱི་ཁྲིམས་ཐག་གཅོད་བཞིན་ཡོད་པ་རེད།མ་ཟད་རྒྱ་གཞུང་གིས་མཉེན་ཆས་འདྲ་མིན་བརྒྱུད་ཕྱིའི་རྒྱལ་ཁབ་གཞན་ཁག་ལ་གསང་མྱུལ་བྱེད་བཞིན་ཡོད་པར་བརྟེན་རྒྱ་གར་དབུས་གཞུང་གི་བརྡ་འཕྲིན་འཕྲུལ་ལས་སྡེ་ཁག་གིས་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༧ པའི་འགོ་སྟོད་དུ་རྒྱ་ནག་གི་མཉེན་ཆས་སྐད་འཕྲིན་གཙོས་པའི་མཉེན་ཆས་གཞན་ ༥༩ ལྷག་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བཀག་སྡོམ་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༨ ཚེས་ ༦ ཉིན་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Donald Trump ལགས་ཀྱི་ལས་ཡུན་རིང་ཁོང་གིས་ཀྱང་རྒྱ་ནག་གི་སྐད་འཕྲིན་མཉེན་ཆས་བཀག་སྡོམ་བྱ་རྒྱུའི་བཀོད་ཁྱབ་བཏང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།