Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ ༣༠ ལ་མིང་གསར་པ་བཏགས་པར་སྲིད་བློན་མོ་དྷིས་སྐྱོན་བརྗོད།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཟླ་བ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ས་སྡེ་བཅུ་གཅིག་དང་རི་བཅུ་གཉིས། ཆུ་བོ་བཞི་དང་མཚོ་གཅིག དེ་བཞིན་གངས་རིའི་ཁྲོད་ཀྱི་བརྒྱུད་ལམ་གཅིག་དང་ས་ཁྱོན་གཅིག་བཅས་བསྡོམས་པའི་ས་ཁུལ་སུམ་ཅུ་ལ་མིང་གསར་པ་བཏགས་པར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གཙོས་པའི་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་མང་པོས་སྐྱོན་བརྗོད་གནང་ཡོད་པ་དང་འབྲེལ། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་ཀྱང་དེ་མཚུངས་ཀྱི་སྐྱོན་བརྗོད་གནང་འདུག

དེ་ཡང་ཁ་སང་ཕྱི་ཚེས་ ༨ ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ལ་ Assam Tribune ཞེས་པའི་གསར་ཁང་གྱིས། ཉེ་ལམ་རྒྱ་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེ་ནང་གི་ས་ཁུལ་ཁག་ ༣༠ ལ་མིང་གསར་པ་བཏགས་པའི་གནད་དོན་ཐོག་བཀའ་འདྲི་ཞུས་པར་སྲིད་བློན་མཆོག་གིས། ཨ་རུ་ནཱ་ཅལ་མངའ་སྡེ་དེ་ནི་འདས་མ་ད་གསུམ་ནས་རྒྱ་གར་དང་ཁ་བྲལ་ཐབས་མེད་ཆ་ཤས་ཤིག་ཡིན་པ་སྐྱོན་བརྗོད་དང་འགྲེལ། ད་ལྟའི་ཆར་ཁུལ་དེར་ཚད་མཐོའི་ཡར་རྒྱས་འགྲོ་བཞིན་ཡོད་པ་སོགས་གསུངས་འདུག

རྩ་བའི་རྒྱ་གཞུང་གིས་ཨ་རུ་ནཱ་ཅལ་དེ་བོད་ཀྱི་ལྷོ་ཕྱོགས་ཡིན་པའི་བདག་དབང་རྩོད་བཞིན་ཡོད་པར་གནད་དོན་དེ་ནི་གསར་པ་ཞིག་མིན་པ་དང་། ལྷག་པར་ཟླ་བ་སྔོན་མ་སྟེ། ཕྱི་ཟླ་ ༣ པའི་འགོ་སྟོད་དུ་སྲིད་བློན་མོ་དྷི་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆེད་བསྐྱོད་ཀྱིས་ཟེ་ལའི་ཕུག་ལམ་དབུ་འབྱེད་གནང་བར་བརྟེན། དེར་རྒྱ་གཞུང་གིས་སྐྱོན་བརྗོད་ཙམ་མ་ཟད། ཟླ་བ་དེའི་ནང་ཨ་རུ་ནཱ་ཅལ་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ཐེངས་བཞི་བཤད་ཡོད་པ་རེད།

གནད་དོན་དེ་དང་འབྲེལ་ནས་ཁ་སྔོན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གཙོས་པའི་ཆབ་སྲིད་མི་སྣ་མང་པོས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པ་སྨོས་མེད་ཐོག ཨ་རི་གཞུང་གིས་ངོས་ནས་ཀྱང་། རྒྱ་ནག་གིས་རྒྱ་གར་ས་མཚམས་ས་ཁུལ་དུ་དམག་དོན་སོགས་ཀྱི་རྣམ་པ་ཅི་རིགས་ཀྱི་ཐོག་ནས་སིམ་འཛུལ་བྱས་པར་དགག་བྱ་ཤུགས་ཆེ་དང་། ཨ་རུ་ནཱ་ཅལ་དེ་རྒྱ་གར་གྱི་ས་ཁོངས་ལ་ངོས་འཛིན་གནང་གི་ཡོད་པ་གསུངས་ཡོད།

ལྷག་པར་ཟླ་བ་འདིའི་ཕྱི་ཚེས་ ༦ ཉིན་རྟ་དབང་གཞོན་སྐྱེས་ལས་འགུལ་བ་དང་རྟ་དབང་བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག་པ་དང་། སྐབས་དེར་ངོ་རྒོལ་གྱི་འཕྲེད་དར་ནང་ཨ་རུ་ནཱ་ཅལ་དེ་ཉིད་རྒྱ་ནག་གི་ཆ་ཤས་མིན་པ་དང་། འཕགས་བོད་གཉིས་ཀྱི་ས་མཚམས་ལས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་མིན་པ་མ་ཟད། བོད་ཀྱི་རང་དབང་དེ་རྒྱ་གར་གྱི་བདེ་འཇགས་ཡིན་ཞེས་སོགས་འཁོད་འདུག

མ་ཟད་ཁོང་རྣམ་པས་གསར་འགོད་བསྒྲགས་གཏམ་ཞིག་ཀྱང་སྤེལ་འདུག་པ་དེའི་ནང་། སྲིད་འཛིན་ཞི་ཅིན་ཕིང་བསླེབས་པ་ནས་བཟུང་རྒྱ་གར་གྱི་ཤར་ནུབ་དཀྱིལ་གསུམ་གྱི་ས་ཁུལ་ལ་རྙོག་དྲ་བྱུང་ཡོད་པ་མངོན་གསལ་དང་འབྲེལ། མ་འོངས་པ་ལའང་དེ་འབྲེལ་རྙོག་དྲ་ཉུང་དུ་འགྲོ་རྒྱུ་ཡིན་པ་རྟགས་མཚན་གང་ཡང་མི་འདུག་ཅེས་དང་། ལྷག་པར་རྒྱ་ནག་གིས་བོད་དང་ཤར་ཏུར་ཀིས་ཐན་གཉིས་ཁྲིམས་འགལ་གྱི་ཐོག་ནས་བཙན་བཟུང་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཚོན་པའི་ལེགས་སྦྱངས་ལ་དྲག་གནོན་ཇེ་ཆེར་བྱེད་བཞིན་པ་སོགས་ཀྱི་སྐྱོན་བརྗོད་ནན་པོ་གནང་འདུག

གཞི་རྩའི་ཕྱི་ལོ་ ༢༠༢༠ ལོའི་ Galwan གདོང་ཐུག་གི་གནད་དོན་རྗེས་སུ་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་ཁྲོད། ད་བར་གྲོས་མོལ་ཐེངས་ ༢༩ གནང་ཡོད་ཀྱང་། ལས་དོན་དངོས་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་མེད་པའི་ཁར་ད་ཆ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་ཚོད་དཔག་གནང་བཞིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།