Tibetan Royal Year of 2151 | Year of the Wood Dragon

ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དེ་རིང་སྔ་དྲོ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་ལ་མྱ་ངན་གུས་འདུད་མཚོན་ཆེད་མཆོད་འབུལ་སྨོན་ལམ་ཚོགས་སོང་།

Chime Tseyang La Demise

དེའང་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཉེ་ཆར་རྒྱ་གར་རྒྱལ་ས་ལྡི་ལིར་སྨན་བཅོས་གནང་མུས་ཡིན་འདུག་ནའང་དེ་རིང་སྔ་དྲོ་ཕྱག་ཚོད་ ༦ ཐོག་སྨན་ཁང་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཆེས་བློ་ཕམ་དང་སྦྲགས། དེ་རིང་ཕྱི་ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་ལ་མྱ་ངན་གུས་འདུད་མཚོན་བྱེད་དེ་གའི་དབུས་ལས་ཁུངས་ཁག་ཉིན་ཕྱེད་རིང་ལས་མཚམས་བཞག་པ་དང་། ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་མཐར་ལམ་སྒྲོལ་མ་མཆོག་གིས་དབུས་པའི་མཛད་གཙོ་རྣམས་དང་སྲི་ཞུ་ལས་བྱེད་ཡོངས་ལྷན་འཛོམས་ཐོག་འཆི་མེད་ཚེ་དབྱངས་ལགས་དམ་པ་དེ་ཉིད་ཀྱི་དགོངས་རྫོགས་མཆོད་འབུལ་ཚོགས་ཡོད་པ་རེད།

Chime Tseyang La Demise

སྲིད་ཞུ་བ་རྣམ་པའི་སྨོན་ལམ་གསུང་འདོན་གྱི་ལས་རིམ་ཐོག་བཀའ་དྲུང་སྒྲ་ཉིད་ཚེ་རྒྱལ་ལགས་ཀྱིས་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དམ་པ་ཁོང་གི་སྐུ་ཚེའི་ལོ་རྒྱུས་སྒྲོག་སྦྱང་གནང་རྗེས་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་མཐར་ལམ་སྒྲོལ་མ་མཆོག་གིས་སྐུ་གཤེགས་དམ་པ་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགོངས་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བློ་ཕམ་དང་བཅས་མྱ་ངན་གུས་འདུད་ཞུས་པ་དང་སྦྲགས། ཤུལ་ལུས་ནང་མི་སྐུ་ཟླ་དང་བུ་ཕྲུག་གཉེན་ཉེ་འབྲེལ་རྣམས་ལ་ཐུགས་གསོ་ཞུས་གནང་བ་དང་ཆབས་ཅིག ཚང་མས་དམ་པ་དེ་ཉིད་ཀྱི་སླད་ཐུགས་སྨོན་སྐྱབས་འཇུག་གནང་རྒྱུའི་སྐུལ་མ་གནང་སོང་།

Chime Tseyang La Demise

གཞི་རྩའི་འཆི་མེད་ཚེ་དབྱངས་ལགས་ནི། ཕྱི་ལོ་ ༡༩༧༢ ལོར་ཅོན་ཏཱ་རར་སྐྱེས་ཤིང་། ཕྱི་ལོ་ ༡༩༩༥ ལོར་པན་ཇབ་གཙུག་ལག་སློབ་གཉེར་ཁང་དུ་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་རྗེས་ཕྱི་ལོ་ ༢༠༠༠ ལོར་ཤེས་རིག་ལས་ཁུངས་སུ་ཐོག་མར་དྲུང་ལས་གནས་རིམ་ཐོག་བསྐོ་གཞག་བྱུང་ཡོད་པ་དང་། ད་བར་སྲི་ཞུའི་ལས་ཡུན་མི་ལོ་ ༢༤ ཙམ་གནང་བའི་རིང་ལ་དྲུང་གཞོན་དང་ཟུང་དྲུང་། དེ་ནས་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡ ཉིན་དྲུང་འཕར་གནས་རིམ་དུ་གནས་སྤར་དང་ལོ་དེའི་ཕྱི་ཟླ་ ༡༠ པ་ནང་ཕྱི་དྲིལ་ལས་ཁུངས་སུ་གནས་སྤར་གྱིས་ཕྱི་དྲིལ་དྲུང་འཕར་དང་དྲིལ་བསྒྲགས་དྲུང་ཆེ། ཕྱི་ལོ་ ༢༠༢༡ ལོར་ཆོས་རིག་དྲུང་ཆེར་བསྐོ་གཞག་གི་ཐོག་ནས་སྲི་ཞུའི་ཕྱག་ལས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།