Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་མ་རྐང་ཁྲོམ་ར་ལས་དངུལ་བུན་ཕྱིར་འཐེན་གྱི་བསྒྲགས་གཏམ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཏེན་མག་(Denmark) གི་ Akademiker Pension ཞེས་པའི་རྒན་གསོ་ཐེབས་རྩ་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་རྐྱེན་པས། འདི་ལོའི་ལོ་མཇུག་གི་བར་དུ་རྒྱ་ནག་གི་ཁྲོམ་རར་མ་འཛུགས་བྱས་པའི་ཏེན་མག་གི་སྒོར་ས་ཡ་ ༤༠༠ ཙམ་ཕྱིར་འཐེན་བྱེད་རྒྱུ་ཡིན་པར་ཡོང་གྲགས་གནང་འདུགཐེབས་རྩ་ཁང་གིས་ཕྱིར་བསྒྲགས་བྱས་པའི་བསྒྲགས་ཡིག་དེའི་ནང་དུ། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་རྩལ་འདོན་གནང་བ་དང་སྦྲགས། ཧོང་ཀོང་གི་ནང་དུ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱས་པ་དང་། ཡུ་གུར་མི་མང་ས་ཡ་གཅིག་ཙམ་བཀག་སྐྱིལ་བྱས་པ། དེ་བཞིན་དམར་ཤོག་སྲིད་གཞུང་གིས་ཆབ་སྲིད་ཀྱི་ལྟ་གྲུབ་དང་འགལ་བ་རྣམས་འཛིན་བཟུང་བཀག་སྐྱིལ་བྱས་པ་སོགས་མངོན་གསལ་གནང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་དང་དུ་ལྷན་ཚོང་འབྲེལ་མཚམས་འཇོག་གིས་རྒྱ་ནག་མིང་གཞུང་ནག་པོའི་ནང་དུ་ལྡུག་དགོས་པའི་འབོད་སྐུལ་གནང་འདུག

ཐེབས་རྩ་ཁང་དེའི་གཙོ་འཛིན། སྐུ་ཞབས་ Jens Munch Holst ལགས་ཀྱིས། Opindia ཞེས་པའི་གསར་ལམ་ལ་ཐེངས་འདིར་རྒྱ་ནག་དང་འབྲེལ་བའི་ཐེབས་རྩ་ཁང་གི་ཐག་གཅོད་དེའི་ཐོག་ཐེབས་རྩ་ཁང་གི་རྒྱུན་ལས་རྣམས་ཀྱིས་ཟླ་ངོ་ ༡༢ གོང་རིང་ལ་རྟོག་ཞིབ་བྱེད་འགོ་བཙུགས་ཡོད་པ་དང་། ཟླ་ངོ་འདི་དག་གི་རིང་ལ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་གནས་བབ་སྔར་ལས་ཇེ་དྲག་ཏུ་ཕྱིན་ཡོད་པར་འགྲེལ་བརྗོད་དང་འབྲེལ།  ད་ཆ་ཐེབས་རྩ་ཁང་གིས་རྒྱ་ནག་གི་གཞི་རྒྱ་ཆེ་བའི་དབྱེ་འབྱེད་དེར་སྣང་མེད་བྱེད་ཐབས་མེད་སྐོར་ཕྱིར་བསྒྲགས་གནང་འདུག

རྩ་བའི་གསར་ཁང་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ཐེངས་འདིར་ཐེབས་རྩ་ཁང་གིས་རྒྱ་ནག་གི་ཁྲོམ་ར་ལས་མ་དངུལ་ཕྱིར་འཐེན་བྱས་པ་དེ་ནི་ཐོག་མ་མིན་པར། ད་ལྟ་བར་དུ་ཨ་རབ་དང་ཨེ་རཱན་སོགས་ཀྱི་གཙོ་བྱས་པའི་རྒྱལ་ཁབ་ ༣༦ ལྷག་ལས་མ་འཛུགས་ཀྱི་དངུལ་བུན་ཕྱིར་འཐེན་བྱས་ཡོད་པ་ལུང་འདྲེན་གྱིས། ཐེབས་རྩ་ཁང་གིས་ལོ་གཅིག་གི་ནང་དུ་ཐེངས་རེར་མ་འཛུགས་གཏོང་ཕྱོགས་ལ་རྒྱུས་ལོན་བྱེད་བཞིན་ཡོད་པར་བརྟེན། ཐེངས་འདིར་རྒྱ་ནག་གི་ཁྲོམ་ར་ལས་མ་འཛུགས་ཕྱིར་འཐེན་བྱས་ཡོད་པ་མངོན་གསལ་གནང་འདུག

གཞན་ཡང་གསར་ཁང་གིས། ད་ལྟའི་ཆར་རྒྱ་ནག་གིས་ཤིན་ཅང་གི་ཁུལ་དུ་དྲག་གནོན་བྱེད་བཞིན་པ་དང་ཧོང་ཀོང་གི་ནང་དུ་བདེ་འཇགས་ཁྲིམས་གཞིོ་ལག་བསྟར་བྱས་ཏེ་ཁུལ་དེའི་རང་སྐྱོང་གི་གནས་བབ་ལ་ཚད་བཀག་བཟོས་བ་སོགས་བརྒྱུད་ནས། རྒྱལ་སྤྱིའི་སྒང་ནས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་ཡོངས་གྲགས་གནང་བ་མ་ཟད། ཉེ་ཆར་ཨོ་གླིང་གི་རིག་མཛོད་སྡེ་ཁག་ཅིག་གིས་རྒྱ་ནག་གི་བྱེད་བབ་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་བྱས་པའི་ནང་དུ། རྒྱ་ནག་གིས་ཤིན་ཅང་ཁུལ་གྱི་ཆོས་ལུགས་དང་འབྲེལ་བའི་གནའ་ཤུལ་གཏོར་བཅོམ་ལས་འགུལ་ཁྲོད་དུ་ཁ་ཆེ་ལྷ་ཁང་༡༦༠༠༠ ལྷག་གཙང་བཟོ་བྱས་ཟིན་པ་མངོན་གསལ་གནང་ཡོད་པར་འཁོད་འདུག

གཞི་རྩའི་རྒྱ་ནག་གིས་བོད་དང་ཤིན་ཅང་གི་གཙོ་བྱས་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་འཛུགས་སྐྲུན་ལས་གཞིའི་མིང་ཐོག་ནས། ལམ་ཁ་གསར་རྒྱག་བྱས་པ་བརྒྱུད་ནས་རང་བྱུང་གི་གཏེར་ཁ་མང་པོ་སྔོག་འདོན་གྱིས་རྒྱ་ནག་ཏུ་འབོར་འདྲེན་བྱེད་ཀྱི་ཡོད་པ་མ་ཟད།  རྒྱ་ནག་ནང་གི་བཙོན་པ་མང་པོ་ངལ་རྩོལ་བསྒྱུར་བཀོད་ཀྱི་ལས་གཞིར་བཅུག་ནས་ཚོང་ལས་ཐོན་སྐྱེད་འབོར་ཆེན་གསར་བཟོ་བྱས་ཏེ། རྒྱ་སྤྱིའི་ཁྲོམ་རའི་ཁྲོད་ཕྱིར་འདྲེན་བྱེད་ཀྱི་ཡོད་ནའང་། འདི་ལོ་རྒྱ་ནག་གིས་རིམས་ནད་ཁྱབ་བརྡལ་བཏང་བ་དང་དང་ས་མཚམས་སུ་རྩོད་རྙོག་ཡང་ཡང་བསླངས་བ་སོགས་ཀྱི་རྐྱེན་གྱིས། རྒྱ་གར་གྱི་ནང་དུ་རྒྱ་ནག་གི་ཚོང་རྫས་བཀག་སྡོམ་བྱེད་དགོས་བའི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།