Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་མི་འབོར་སླར་ཡང་ཉུང་དུ་ཕྱིན་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

འདས་ལོར་འཛམ་གླིང་གི་མི་འབོར་མང་ཤོས་གཉིས་པ་ཡིན་པའི་རྒྱ་ནག་རྒྱལ་ཁབ་ནང་ཕྲུ་གུའི་སྐྱེ་ཚད་ཇེ་ཉུང་དང་འདས་གྲོངས་སུ་གྱུར་བའི་ཚད་གཞི་སྔར་ལྷག་འཕར་བར་བརྟེན། རྒྱ་ནག་དེ་ཉིད་ཕྱི་ལོ་ ༡༩༧༤ རྗེས་ ༢༠༢༢ དང་ ༢༠༢༣ བཅས་ལོ་གཉིས་བསྟུད་མར་མི་འབོར་ཇེ་ཉུང་དུ་ཕྱིན་པ་མངོན་གསལ་དང་སྦྲགས། གདན་དོན་དེའི་བརྒྱུད་ནས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ནུས་པ་ལ་ཤུགས་རྐྱེན་ཆེན་པོ་བྱུང་རྒྱུ་ཡིན་པ་གསལ་བཏོན་གནང་འདུག

དེ་ཡང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཁག་ལ་གཞིགས་ན། National Bureau of Statistics ཞེས་རྒྱ་ནག་རྒྱལ་ཡོངས་གྲངས་རྩིས་བསྡུ་བཤེར་ལས་ཁུངས་ཀྱིས་སྤེལ་བའི་གྲངས་ཚད་ནང་ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གི་མི་འབོར་ས་ཡ་ ༢་༠༨ སྟེ། བརྒྱ་ཆ་ ༠་༡༥ ཉུང་དུ་ཕྱིན་ནས་ད་ཆ་མི་འབོར་ས་ཡ་ ༡༤༠༩་༧ ཙམ་ཡིན་པ་མངོན་གསལ་གནང་འདུག་པ་དང་། དེའི་ཁྲོད་ཕྲུ་གུ་གསར་དུ་སྐྱེས་པ་ས་ཡ་ ༩ ཙམ་ཆགས་ཀྱི་ཡོད་པ་མ་ཟད། མི་འདས་གྲོངས་སུ་ཕྱིན་པ་ས་ཡ་ ༡༡ ཙམ་ཆགས་ཡོད་སྟབས། ཕྱི་ལོ་ ༢༠༢༢ དང་བསྡུར་ན་ཕྲུ་གུ་གསར་སྐྱེས་ཉུང་དུ་ཕྱིན་པ་དང་། མི་འདས་གྲོངས་སུ་གྱུར་པའི་ཚད་གཞི་དེ་ཕྱི་ལོ་ ༡༩༧༤ རིག་གནས་གསར་བརྗེ་རྗེས་ཀྱི་མང་ཤོས་དེ་ཆགས་ཀྱི་འདུག

རྩ་བའི་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གི་མི་འབོར་ཞིབ་བཤེས་ཁྲོད་མི་ ༨༥༠༠༠༠ ཉུང་དུ་ཕྱིན་ནས་མི་འབོར་ས་ཡ་ ༡༤༡༡་༨ ཆགས་ཡོད་པ་རེད།

རྒྱ་ནག་ནང་ཕྲུ་གུ་སྐྱེས་ཚད་ཀྱི་གྲངས་འབོར་ཇེ་ཉུང་དུ་ཕྱིན་པ་དེ་ནི་ཕྱི་ལོ་ ༡༩༨༠ ནས་ ༢༠༡༥ ལོའི་བར་ལག་བསྟར་བྱས་པའི་རྒྱ་ནག་གི་ཕྲུ་གུ་གཅིག་གི་སྲིད་བྱུས་དེའི་མཇུག་འབྲས་ཡིན་པ་དང་ཆབས་ཅིག ཁུལ་དེ་མྱུར་ཚད་མཐོ་བོའི་ཐོག་ནས་གྲོང་ཁྱེར་གྱི་ངོ་བོར་གྱུར་ཡོད་སྟབས། རྒྱ་ནག་ནང་སློབ་ཕྲུག་གི་ཤེས་ཡོན་ཐད་འགྲོ་གྲོན་ཆེ་དྲག་པའི་རྐྱེན་གྱི་ཡིན་སྐོར་སོགས་མངོན་གསལ་གནང་ཡོད།

ལྷག་པར་དུ་མི་འབོར་ཞིབ་གཤེར་གྱི་ཆེད་ལས་པས་རྒྱ་ནག་གི་སྐྱེ་འཆིའི་གྲངས་ཚད་ལ་གཉན་རིམས་ཀྱིས་ཤུགས་རྐྱེན་སྤྲད་ཡོད་ཅེས་གསུངས་འདུག་པར་མ་ཟད། རྒྱལ་ཚོགས་ཀྱི་ཆེད་ལས་པས་ཕྱི་ལོ་ ༢༠༥༠ བར་རྒྱ་ནག་གི་མི་འབོར་དེ་ས་ཡ་ ༡༠༩ ཆགས་རྒྱུ་ཡིན་པར་ཚོད་དཔག་གནང་གི་འདུག

མ་ཟད་ཁག་གཅིག་གིས་གསར་དུ་ཐོན་པའི་གྲངས་ཐོ་དེའི་བརྒྱུད་ནས་འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པ་རྒྱ་ནག་འདི་བཞིན་འཕེལ་རྒྱས་ཇེ་ཆུང་དུ་འགྲོ་བཞིན་པའི་སེམས་ཁྲལ་དེ་ཆེ་རུ་གཏོང་གི་ཡོད་པ་དང་། དེའི་རྒྱུ་མཚན་ནི་ལས་མི་དང་ཅ་དངོས་ཉོ་མཁན་ཇེ་ཉུང་དུ་འགྲོ་བཞིན་པའི་ཐོག རྒན་གསོ་དང་རྒས་ཡོལ་རོགས་དངུལ་གྱི་འགྲོ་གྲོན་ཇེ་མཐོར་འགྲོ་བཞིན་ཡོད་སྟབས། བུ་ལོན་ཅན་གྱི་ས་གནས་སྲིད་གཞུང་ཁག་ལ་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་གསུང་གི་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོད་དཔག་ལྟར་ན། ན་ནིང་རྒྱ་གར་དེ་འཛམ་གླིང་ནང་རྒྱ་ནག་ལས་གི་མི་འབོར་མང་བའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་གསལ་བཀོད་གནང་ཡོད་པ་དང་འབྲེལ། མི་འབོར་དང་ལྷག་པར་ཨ་རི་དང་རྒྱ་ནག་བར་གྱི་ས་བབ་ཆབ་སྲིད་ཀྱི་གནས་སྟངས་ཁྲོད་། རྒྱ་ནག་ནང་དུ་རྟེན་གཞི་བྱས་པའི་ཁྲོམ་ར་ཁག་རྒྱལ་ཁབ་གཞན་ནང་སྤོས་ན་དགེ་མཚན་ཡོད་མེད་ཀྱི་བགྲོ་གླེང་སློང་མང་པོ་བྱུང་ཡོད་པ་རེད།

ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་ནང་ལོ་ན་ ༦༠ དང་དེའི་ཡན་གྱི་མི་འབོར་ནི་ས་ཡ་ ༢༩༦ ཙམ་ཆགས་ཀྱི་ཡོད་པ་དང་། དེ་སྔོན་ཕྱི་ལོ་ ༢༠༢༢ ལོར་ས་ཡ་ ༢༨༠ བཅས་ཆགས་ཡོད་པ་མ་ཟད། དེའི་ཐོག་གནད་དོན་དབྱེ་ཞིབ་ཁག་གིས་ཕྱི་ལོ་ ༢༠༣༥ བར་གྲངས་འབོར་ས་ཡ་ ༤༠༠ ལྷག་ཆགས་རྒྱུ་ཡིན་པའི་ཚོད་དཔག་གནང་གི་འདུག

གཞི་རྩའི་རྒྱ་ནག་གི་མི་འབོར་ཉུང་དུ་ཕྱིན་པའི་གནད་དོན་ཐོག་པེ་ཅིང་སྲིད་ཇུས་ཞིབ་འཇུག་ཁང་ཞིག་གིས་བཤད་པ་ལྟར་ན། ས་གནས་སྲིད་གཞུང་ལ་མ་དངུལ་འདང་ངེས་མེད་པ་དང་། སྐུལ་སློང་མེད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཕྲུ་གུ་གསར་སྐྱེས་ཆེད་སྲིད་ཇུས་མང་པོ་ཞིག་ལག་ལེན་བསྟར་མེད་པ་རེད་ཅེས་འགྲེལ་བརྗོད་དང་འབྲེལ། དེའི་ཚབ་ཏུ་རྒྱལ་ཁབ་ཁྱོན་ཡོངས་ཀྱི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་གཅིག་གྱུར་ཞིག་དགོས་པའི་སྐུལ་མ་བྱས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།