Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་སྒྱུ་རྩལ་བ་ཞིག་གིས་གངས་རིན་པོ་ཆེའི་ཐོག་སྒྱུ་རྩལ་གྱི་འགྲེམས་སྟོན་བྱེད་འཆར་ལ་སྐྱོན་བརྗོད།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

རྒྱ་ནག་གི་སྒྱུ་རྩལ་བ་ Zhang Huan ཟེར་བ་དེ་ཡིས་རིང་མིན་ཟླ་བ་རྗེས་མའི་འགོ་སྟོད་དུ་གནས་ཆེན་གངས་རིན་པོ་ཆེའི་ཐོག་རླུང་དར་དང་ཁོང་གིས་བཟོ་སྐྲུན་བྱས་པའི་སྒྱུ་རྩལ་གྱི་དངོས་རིགས་ཁག་ཅིག་འགྲེམས་སྟོན་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་ཁྲོད་ཟི་ཁྲོན་ཞིན་ཆེན་ནང་ཡོད་པའི་བོད་པའི་སྒྱུ་རྩལ་བ་ Kwong Laowu ལགས་དང་། པེ་ཅིན་དུ་ཡོད་པའི་བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་སོགས་ཀྱིས་སྐྱོན་བརྗོན་བརྗོད་གནང་འདུག

དེ་ཡང་རྒྱ་ནག་གི་སྒྱུ་རྩལ་བ་ Zhang Huan ཟེར་བ་དེ་ཡིས་རྒྱལ་སྤྱིའི་ཐོག་མཚན་སྙན་ཆེ་བའི་བཟོ་ལས་ཁང་ Dior དང་ louis vuitton སོགས་དང་མཉམ་འབྲེལ་བྱས་ཏེ་གངས་རིན་པོ་ཆེའི་ཐོག་རླུང་དར་ས་ཡ་གཅིག་ལྷག་སྒྲེང་འཛུགས་བྱེད་རྒྱུ་ཙམ་དུ་མ་མ་ཟད། གནས་དེར་ཁོང་སྒེར་གྱི་བཟོ་སྐྲུན་བྱས་པའི་སྒྱུ་རྩལ་གྱི་དངོས་རིགས་དང་། བཟོ་ལས་ཁང་དེ་དག་གི་དངོས་རིགས་སོགས་འགྲེམས་སྟོན་བྱེད་འཆར་ཡོད་པ་རེད་འདུག
གནད་དོན་དེ་དང་འབྲེལ་ཟི་ཁྲོན་ཞིན་ཆེན་ནང་ཡོད་པའི་བོད་རིགས་སྒྱུ་རྩལ་བ་ Kwong Laowu གི་དཔྱད་གཏམ་ཞིག་འདོན་སྤེལ་དང་བསྦྲགས། གངས་རིན་པོ་ཆེ་ནི་ནང་པ་དང་ཧིན་དུ་སོགས་ཆོས་ལུགས་མང་པོའི་གནས་ཆེན་ཞིག་ཡིན་པ་མ་ཟད། གནས་དེ་ནི་ཁོར་ཡུག་རང་བཞིན་གྱི་ཆ་ནས་ཀྱང་གལ་ཆེན་པོ་ཞིག་ཡིན་སྟབས། རྒྱ་ནག་གི་སྒྱུ་རྩལ་བ་ Zhang Huan གྱི་འགྲེམས་སྟོན་ལས་གཞི་དེ་ཡིས་མང་ཚོགས་མང་པོས་རྩ་ཆེར་བརྩི་བཞིན་པའི་གནས་ཆེན་གྱི་རང་བཞིན་ལ་དོ་ཕོགས་གཏོང་ངེས་ཡིན་པ་གསུངས་འདུགལྷག་པར་དུ་འགྲེམ་བསྟོན་ལ་དམིགས་ཏེ་ས་ཁུལ་དེར་རླུང་དར་ས་ཡ་གཅིག་ལྷག་སྒྲེང་འཛུགས་བྱེད་འཆར་ཡོད་པ་དེ་ཡིས་ཁོར་ཡུག་ལ་གནོན་སྐྱོན་ཆེན་པོ་ཐེབས་ངེས་ཡིན་པ་གསུངས་འདུག་པ་མ་ཟད། དཔྱད་གཏམ་གྱི་བར་འཚམས་སུ་འགྲེམས་སྟོན་གྱི་ལས་གཞི་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུ་Kwong Laowu ལགས་གིས་རྒྱ་ནག་གི་སྒྱུ་རྩལ་བ་ Zhang Huan ལ་སྒེར་གྱི་འཕྲིན་ཡིག་ཅིག་བཏང་ཏེ་གནས་ཆེན་ཐོག་འགྲེམས་སྟོན་གྱི་ལས་གཞི་སྤེལ་རྒྱུའི་ཆོག་མཆན་སུས་སྤྲད་ཡོད་མེད་དང་། རྩ་ཆེ་བའི་གནས་ཆེན་ཐོག་འགྲེམས་སྟོན་བྱེད་འོས་མིན། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་སྟངས་ཐོག་དགོངས་པ་བཞེས་ཡོད་མིན་སོགས་ཀྱི་དྲི་རྩད་ཁག་ཅིག་བྱས་འདུག་ཀྱང་། རྒྱ་རིགས་སྒྱུ་རྩལ་བ་དེ་ཡིས་ད་བར་གསལ་བཤད་ལན་འདེབས་གང་ཡང་བྱས་མི་འདུག
དེ་བཞིན་རྒྱ་ནག་གྱི་རྒྱལ་ས་བེ་ཅིན་དུ་ཡོད་པའི་བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ནས་ཀྲུས་ཀྲར་དྲ་གནས་ཐོག་བོད་མི་རྣམས་ལ་མཚོན་ན་གནས་ཆེན་དེར་མཇལ་ཁར་ཕེབས་རྒྱུའི་ཆོག་མཆན་ཡང་ཐོབ་ཁག་པོ་ཡིན་ཡང་། རྒྱ་རིགས་སྒྱུ་རྩལ་བ་དེས་དེར་འགྲེམས་སྟོན་བྱེད་འཆར་ཡོད་པ་དེར་སྐྱོན་བརྗོད་གནང་འདུག
གཞན་ཡང་འགྲེམས་སྟོན་གྱི་ལས་གཞི་དེ་དང་འབྲེལ་བོད་རིགས་སྒྱུ་རྩལ་བ་ Kwong Laowu ལགས་ཀྱི་དྲ་ལམ་ཐོག་མང་ཚོགས་ནས་ལས་གཞིར་དེར་མོས་མཐུན་ཡོད་དམ་མེད་ཞེས་པའི་བསམ་ཚུལ་བསྡུ་རུབ་ཞིག་གནང་པའི་ནང་ལ་མང་ཚོགས་རྒྱ་ཆ་ ༩༦ ནས་རྒྱ་རིགས་སྒྱུ་རྩལ་བའི་འགྲེམས་སྟོན་ལས་གཞི་དེར་མོས་མཐུན་མེད་ཅེས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།