རྒྱ་ནག་གིས་ཉེ་ལམ་བལ་ཡུལ་ནང་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཐད་ཡུལ་དེའི་གཞུང་ཚབ་པ་ཟུར་པའི་སྐྱོན་བརྗོད་ཁག་གཞུང་འབྲེལ་བརྒྱུད་ལམ་ཐོག་སྤེལ་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

ཉེ་ལམ་བལ་ཡུལ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ཕྱི་རྒྱལ་མི་སྣ་ཁག་གཅིག་གདན་ཞུས་ཀྱིས་ཁུལ་དེར་རྟེན་གཞི་བྱས་པའི་འཕགས་ཤིང་རྣམ་རྒྱལ་སློབ་གྲྭར་མངོན་གསལ་དོད་པོ་མེད་པའི་ཐོག་མཛད་སྒོ་སྟབས་བདེ་ཞིག་གི་སྒོ་ནས་ས་གནས་བོད་མི་ཚོའི་གོ་སྒྲིག་འོག་སྲུང་བརྩི་ཞུས་ཡོད་པ་དང་།  དེར་བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་པ་ཟུར་པ་ཁག་གཅིག་གིས་སྐྱོན་བརྗོད་བྱས་པའི་གནས་ཚུལ་ཐོན་ཡོད་སྟབས།  ཁ་ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ Global Times ཀྱིས་རང་གི་དྲྭ་གནས་ཐོག་བལ་ཡུལ་གཞུང་ཚབ་པ་ཟུར་པ་ཚོས་སྐྱོན་བརྗོད་ཀྱི་ཞིབ་ཕྲའི་གནས་ཚུལ་སྤེལ་ཏེ་དེར་རྒྱབ་སྐྱོར་ཡོད་ལུགས་ཀྱི་རྣམ་པ་བསྟན་འདུག

Chinese State Media Amplifies Kathmandu Communist Party's Criticism of Nepal Government Over Dalai Lama Birthday Celebration
པར་དབང་། Nepal Photo Library

དེ་ཡང་ཁ་ཉིན་ཕྱི་ཚེས་ ༢༩ ཉིན་ Global Times གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན།  ཉེ་ལམ་བལ་ཡུལ་སྲིད་གཞུང་གིས་༸གོང་ས་མཆོག་དགུང་གྲངས་ ༩༡ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་སློབ་གྲྭ་ཞིག་གི་རྭ་བའི་ནང་སྲུང་བརྩི་ཞུས་པར་སྟངས་འཛིན་བྱེད་ཕྱོགས་ཐད་ཡུལ་དེའི་ནང་སྐྱོན་བརྗོད་བྱེད་མཁན་བྱུང་ཡོད་ལུགས་ཀྱིས།  གནད་དོན་དེ་འབྲེལ་ Nepali Communist Party (NCP) བལ་ཡུལ་དམར་ཤོག་ཚོགས་པའི་གཙོ་འཛིན་གྲས་དང་དེ་སྔའི་བལ་ཡུལ་གྱི་ཁྲིམས་དོན་བློན་ཆེན་ Dev Prasad Gurung གྱིས་བཅར་འདྲི་ཞིག་གི་ཁྲོད།  ༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩིའི་དོན་རྐྱེན་དེས་བལ་ཡུལ་གྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་སྲུང་བྱ་རྒྱུའི་དམ་བཅའ་དང་དོན་དངོས་ཐོག་ཁས་ལེན་དེ་ཉིད་ལག་བསྟར་བྱེད་ཕྱོགས་བར་ལ་ཁྱད་པར་མངོན་གྱི་ཡོད་པ་བརྗོད་ཡོད་སྐོར་དང་།  དེ་སྔ་ཡིན་ན།  བལ་ཡུལ་ངོས་ནས་འདི་ལྟ་བུའི་མཛད་སྒོའི་རིགས་ལ་གཞུང་འབྲེལ་གྱིས་ཆོག་མཆན་སྤྲད་ཀྱི་མེད་ཀྱང་།  ཐེངས་འདིར་བལ་ཡུལ་ཀ་ཐ་མན་གྲུ་རྫོང་གི་ལས་ཁུངས་ཀྱིས་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་དེ་བཞིན་ འཕགས་ཤིང་རྣམ་རྒྱལ་སློབ་གྲྭའི་རྭ་བའི་ནང་འཚོགས་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་འདྲ་འདུག་ཅེས་བཤད་ཡོད་སྐོར་བརྗོད་འདུག

མ་ཟད་བློན་ཆེན་དེས།  སྤྱིར་བཏང་བལ་ཡུལ་དུ་གནས་སྡོད་བོད་མིའི་སྐུ་ཚབ་ཚོས་ཀ་ཐ་མན་གྲུ་ནང་གི་ཕྱི་རྒྱལ་གཞུང་འབྲེལ་མི་སྣ་དང་ཚོགས་སྡེ་ཕལ་ཆེ་བར་མགྲོན་འབོད་བྱས་ཡོད་ཀྱང་།  མཛད་སྒོའི་ཐོག་དངོས་སུ་ཕེབས་མཁན་ཁོངས་སུ་ཨ་རི་དང་ཧྥ་རན་སི། ཨོ་གླིང་དང་ཡུ་རོབ་མཐུན་ཚོགས།  དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱི་སྐུ་ཚབ་བཅས་གནད་ཡོད་མི་སྣ་ཁག་གཅིག་ནས་མཉམ་ཞུགས་གནང་ཡོད་པ་གང་ལྟར།  ཕྱི་རོལ་དུ་སྐོར་སྐྱོད་དང་།  མང་ཚོགས་ལྷན་འཛོམས།  སྦྱར་ཡིག་འགྲེམས་སྟོན་བཅས་བཀག་འགོག་བྱས་ཡོད་ཀྱང་།  ཉེན་རྟོག་པ་འགྲེམས་འཇོག་གི་དམ་དྲག་ཡོད་པ་ལ་ལྟོས་མེད་སློབ་གྲྭའི་རྭ་བའི་ནང་འདུ་འཛོམས་མུ་མཐུད་བྱས་ཡོད་སྐོར་དང་།  ལྷག་པར་དུ་ཁོང་གིས་ཉེ་ལམ་སྲུང་བརྩི་ཞུས་པའི་༸རྒྱལ་བའི་འཁྲུངས་སྐར་གྱི་མཛད་སྒོ་དེ་བཞིན་གཞུང་འབྲེལ་གྱི་བཀའ་འཁྲོལ་འོག་འཚོགས་ཡོད་པ་འདྲ་འདུག་ཅེས།  སྔོན་ཆད་ཡིན་ན་དེ་ལྟར་ཆོག་གི་མེད་ལུགས་བརྗོད་ཡོད་སྐོར་བཤད་འདུག

Chinese State Media Amplifies Kathmandu Communist Party's Criticism of Nepal Government Over Dalai Lama Birthday Celebration
པར་དབང་། ་Nepal Photo Library

གནས་ཚུལ་ནང་གསལ་ Dev Prasad Gurung གྱིས།  བལ་ཡུལ་འཕགས་ཤིང་རྣམ་རྒྱལ་སློབ་གྲྭར་འཚོགས་པའི་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩིའི་མཛད་རིམ་དེ་ནི་ཟླ་སྔོན་མའི་ཕྱི་ཚེས་ ༡༥ ཉིན་ད་ལྟའི་བལ་ཡུལ་གཞུང་འཛིན་གྱི་ཕྱི་སྲིད་བློན་ཆེན་ Shisir Khanal མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་ཐུག་འཕྲད་ཁྲོད།  བལ་ཡུལ་ནང་རྒྱ་ནག་ལ་གནོད་པའི་བྱ་འགུལ་རིགས་སྤེལ་བཅུག་གི་མིན་ཞེས་རྒྱ་ནག་གཅིག་གི་སྲིད་བྱུས་ཐོག་ལག་བསྟར་བྱ་རྒྱུའི་ཁས་ལེན་ལ་བརྩི་མེད་བཏང་བ་ཞིག་ཡིན་པ་མཚོན་གྱི་ཡོད་པ་དང་།  བལ་ཡུལ་སྲིད་གཞུང་གིས་བྱེད་སྟངས་དེ་མགོ་གཉིས་བྱ་སྤྱོད་ཀྱི་རང་བཞིན་ཞིག་རེད་ཅེས།  ཁོང་ཚོས་ད་བར་མུ་མཐུད་ད་ལྟའི་བལ་ཡུལ་གཞུང་གིས་སྲིད་བྱུས་འཛིན་སྟངས་འགལ་བ་དེར་ངོ་རྒོལ་བྱས་ཡོད་པ་བཤད་འདུག

ཁོང་གིས་ད་དུང་བལ་ཡུལ་གྱི་ཕྱི་འབྲེལ་ལངས་ཕྱོགས་སྐོར་གླེང་སློང་དང་འབྲེལ།  བལ་ཡུལ་གྱི་སྲོལ་རྒྱུན་ཕྱི་འབྲེལ་སྲིད་བྱུས་ནི་རྒྱལ་ཁབ་ཡོངས་དང་འདྲ་མཉམ་དང་མཛའ་མཐུན་གྱི་འབྲེལ་བ་ཡོད་པ་དེ་ཡིན་ཞིང་།  འོན་ཀྱང་བར་ལམ་དུས་ཡུན་རིང་པོའི་རིང་བལ་ཡུལ་གཞུང་འཛིན་ལམ་ལུགས་དེ་ཉིད་རྒྱ་གར་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཤུགས་རྐྱེན་འོག་གནས་ཡོད་པ་མ་ཟད།  སྔ་ལོར་བལ་ཡུལ་ནང་གཞོན་སྐྱེས་ཀྱི་ངོ་རྒོལ་ལས་འགུལ་བྱུང་རྗེས།  བལ་ཡུལ་སྲིད་གཞུང་དེ་བཞིན་སྔར་ལྷག་རྒྱ་གར་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ལྟོས་ཏེ་འཛིན་སྐྱོང་བྱེད་མཁན་ཞིག་ཏུ་གྱུར་ཡོད་པར།  དེར་བརྟེན་ད་ལྟའི་བལ་ཡུལ་གཞུང་འཛིན་གྱིས་རང་ཉིད་ཀྱི་ས་ཁམས་ཆབ་སྲིད་ཀྱི་དངོས་ཡོད་གནས་སྟངས་སོགས་ཕྱི་འབྲེལ་སྲིད་བྱུས་སྙོམས་པོ་ཞིག་རྒྱུན་འཁྱོངས་བྱེད་པར་དཀའ་ངལ་ཇེ་ཆེར་འཕྲད་ཀྱི་ཡོད་ལུགས་བཤད་འདུག་ལ།  བལ་ཡུལ་དམར་ཤོག་ཚོགས་པའི་ངོས་ནས་འབྱུང་འགྱུར་ལོ་དུས་ནང་རྒྱ་ནག་དང་འབྲེལ་ལམ་གོང་འཕེལ་གཏོང་རྒྱུར་གནད་འགག་ཆེན་པོ་རྩིས་པའི་ཐོག་མུ་མཐུད་འབད་བརྩོན་བྱེད་ཀྱི་ཡིན་སྐོར་བཤད་འདུག

གཞན་ཡང་ཐེངས་འདིའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནད་དོན་དེ་འབྲེལ་བལ་ཡུལ་གྱི་ཉམས་ཞིབ་པ་ Karna Upadhyay ཞེས་པའི་ཞིག་གིས།  འཕགས་ཤིང་རྣམ་རྒྱལ་སློབ་གྲྭར་མངོན་གསལ་དོད་པོ་མེད་པའི་ཐོག་༸རྒྱལ་བའི་འཁྲུངས་སྐར་སུང་བརྩི་ཞུས་པ་དེ་སྟབས་བདེའི་མཛད་སྒོ་ཙམ་ཞིག་ཡིན་པ་བསྟན་གྱི་ཡོད་ཀྱང་།  འདུ་འཛོམས་ཁྲོད་ཕྱི་རྒྱལ་གྱི་གཞུང་ཚབ་པ་དང་གནད་ཡོད་མི་སྣ་མཉམ་ཞུགས་བྱས་པ་དེས་གནས་སྟངས་གཞན་ཞིག་མཚོན་གྱི་ཡོད་ལུགས་བཤད་འདུག་ལ།  ཁོ་པས་ད་དུང་དབྱིན་ཡིག་གི་སྙན་ངག་གི་ཞིག་ཐོག་ནས།  སྐབས་རེ་བརྡ་ལན་ཆེ་ཤོས་རྣམས་ཁང་མིག་ཆུང་ཤོས་ནས་ཡོང་གི་ཡོད་སྐོར་བཤད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།