Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་བོད་དུ་མནར་གཅོད་ཀྱི་ལམ་ནས་འབུར་འཇོམས་བྱེད་བཞིན་པའི་བྱ་སྤྱོད་འཕྲལ་མར་མཚམས་འཇོག་དགོས།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མནར་གཅོད་ཕོག་མཁན་རྣམས་ལ་རྒྱབ་སྐྱོར་གི་རྒྱལ་སྤྱིའི་ཉིན་མོར་ཏན་འབེབས་གནང་སྟེ་མནར་གཅོད་གཏོང་བའི་གདུག་རྩུབ་རང་བཞིན་གྱི་དཀའ་སྡུག་དེ་མི་རབས་ནས་མི་རབས་བར་གནས་རྒྱུའི་རྨ་ཁ་ཞིག་ཡིན་པར་མངོན་གསལ་གནང་གི་ཡོད་པ་ལྟར། བཞུགས་སྒར་དུ་རྟེན་གཞིར་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་མནར་གཅོད་ཀྱི་ལམ་ནས་སྟངས་འཛིན་བྱས་དང་བྱེད་བཞིན་པ། བོད་ཀྱི་ཆོས་རིག་དང་སྐད་ཡིག དེ་བཞིན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་མནར་གཅོད་ཀྱི་ལམ་ནས་འབུར་འཇོམས་བྱེད་བཞིན་པའི་བྱ་སྤྱོད་རྣམས་འཕྲལ་མར་མཚམས་འཇོག་བྱེད་དགོས་ཞེས་དང་། ལྷག་དོན་ད་བར་མནར་གཅོད་ཀྱི་སྒོ་ནས་ཉེས་མེད་ཉེས་འགེལ་ཐོག་བཙོན་འོག་ཏུ་གནས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་མཐའ་དག་མྱུར་དུ་གློད་བཀྲོལ་གཏོང་དགོས་ཞེས་གསུངས་འདུག

དེ་རིང་གི་ཉིན་མོ་དང་བསྟུན་ནས་ལྟེ་གནས་ཁང་གི་དྲ་གནས་སུ་དེ་སྔ་ཕྱི་ལོ་ ༡༩༩༨ ལོ་ནས་བཟུང་རྒྱ་ནག་གཞུང་གིས་མནར་གཅོད་དང་མི་སྤྱོད་ལས་འདས་པའི་ཉེས་ཆད་རིགས་འགོག་པའི་རྒྱལ་སྤྱིའི་ཆིངས་ཡིག་ལ་མིང་རྟགས་བཀོད་དེ་ལག་བསྟར་བྱ་རྒྱུ་ཞེས་ཁས་ལེན་བྱས་ཡོད་པ་དེ་ལྟར་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་དང་སྐད་ཡིག བོད་མིའི་ངོ་བོ་བཅས་པ་སྲུང་སྐྱོབ་གནང་རྒྱུའི་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་གནང་མཁན་དང་། རྒྱ་ནག་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་ཐེར་འདོན་གནང་མཁན་གྱི་བོད་མི་དུ་མར་ཆབ་སྲིད་ཀྱི་ཉེས་མིང་འདྲ་མིན་བཏགས་པའི་བདེན་དཔང་ཚིག་ཐོ་མི་ཉུང་བ་ཞིག་ཕྱིར་བསྒྲགས་ཐུབ་པ་བྱུང་ཡོད་ཅེས་ངོ་སྤྲོད་དང་སྦྲགས། ལྟེ་གནས་ཁང་གིས་རྒྱ་ན་ག་གཞུང་གི་ངོས་ནས་བོད་མིར་མནར་སྤྱོད་ཚད་མེད་གཏོང་བཞིན་པ་ནི་རྒྱ་ནག་གཞུང་ནས་རྒྱུན་གཏན་གྱི་ལས་དོན་ལྟ་བུར་གྱུར་ཡོད་པའི་དཔེ་མཚོན་གསལ་ཤོས་དེ་ཚེ་བཙོན་གྱི་བཙོན་འཇུག་ཁྲིམས་ཆད་ཁུར་བཞིན་པའི་བོད་མིའི་ཚོང་དཔོན་རྡོ་རྗེ་བཀྲ་ཤིས་ལགས་ཡིན་པར་མངོན་གསལ་གྱིས་བཀོད་འདུག

རྡོ་རྗེ་བཀྲིས་ལགས་རྒྱ་གཞུང་གིས་ཁོང་ལ་ཐོག་མར་ཆབས་སྲིད་ཀྱི་ཉེས་མིང་བཏགས་ཤིང་། དབུས་སྤྱི་བདེ་ལས་ཁུངས་ཀྱི་ཆེད་གཏོང་མི་སྣས་ཁོང་ལ་རང་གིས་བསགས་མ་མྱོང་བའི་ནག་ཉེས་ཤིག་ལ་ངོས་ལེན་དགོས་ཞེས་གཉིད་བཅགས་པ་དང་། ཁེར་བཅུག་བྱེད་པ། གནམ་བཏགས་བརྒྱག་པ། གློག་དབྱུག་སོགས་ཀྱི་རྡུང་རྡེག་དྲག་པོ་གཏོང་བ་སོགས་གདུག་རྩུབ་ཆེ་བའི་མནར་གཅོད་ཚད་མེད་བཏང་ཡོད་པའི་བདེན་དཔང་ཚིག་ཐོ་ཕྱིར་བསྒྲགས་བྱུང་ཡོད་པ་ལུང་འདྲེན་དང་ལྷག་པར་རྒྱའི་བཙོན་འོག་ཏུ་ལྷུང་བའི་བོད་ཀྱི་ཆབ་སྲིད་བཙོན་པ་མང་ཆེ་བས་མྱོང་གི་ཡོད་པའི་སྐོར་ལ་ཆབ་སྲིད་བཙོན་ཟུར་ཚོའི་ཚིག་ཐོ་དང་། བཅར་འདྲིའི་ལས་རིམ་རིམ་པའི་ནང་དུ་ཡོངས་གྲགས་སུ་གསལ་པོར་བཤད་ཡོད་པ་ལུང་འདྲེན་གནང་འདུག་པ་དང་། རྒྱལ་སྤྱིའི་ཁྲིམས་ཐོག་ནས་མནར་གཅོད་རིགས་མཚམས་འཇོག་དགོས་པ་དང་དེ་རིགས་མི་འབྱུང་བའི་སྔོན་འགོག་འཐུས་ཚང་བྱ་རྒྱུ་ནི་གཡོལ་དུ་མེད་པའི་འགན་འཁྲི་ཆེན་པོ་ཞིག་ཡིན་པར་བཀོད་འདུག 

ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཆིངས་ཡིག་གིས་སྐུལ་བའི་འགན་འཁྲི་དག་ངེས་པར་དུ་ཚུལ་བཞིན་བསྒྲུབ་དགོས་པ་ལས་བོད་ནང་གི་བོད་མི་རྣམས་ལ་མནར་གཅོད་ཀྱི་ལམ་ནས་སྟངས་འཛིན་དང་། བོད་ཀྱི་ཆོས་རིག་དང་སྐད་ཡིག དེ་བཞིན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་མནར་གཅོད་ཀྱི་ལམ་ནས་འབུར་འཇོམས་བྱེད་བཞིན་པའི་སྦྱོར་བ་དག་འཕྲལ་དུ་མཚམས་འཇོག་དགོས་པར་མ་ཟད་ལྷག་དོན་ད་བར་མནར་གཅོད་ཀྱི་སྒོ་ནས་ཉེས་མེད་ཉེས་འགེལ་ཐོག་བཙོན་འོག་ཏུ་གནས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་མཐའ་དག་མྱུར་དུ་གློད་བཀྲོལ་གཏོང་དགོས་ཞེས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།