Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གི་ནིའུ་ཛ་ལེན་ཌ་དང་ཨོསྟྲེ་ལི་ཡཱ་ནང་གི་གཞུང་འབྲེལ་འཚམས་གཟིགས་མཇུག་སྒྲིལ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་ ༦ ཕྱི་ཚེས་ ༡༣ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ནིའུ་ཛ་ལེན་ཌ་དང་ཨོསྟྲེ་ལི་ཡཱར་འབྲེལ་ཡོད་ས་གནས་གཞུང་གི་དབུ་ཁྲིད་མཇལ་འཕྲད་དང་། ཤེས་ཡོན་དང་གསར་འགོད་གླེང་སྟེགས་སོགས་ཀྱི་ཐོག་བོད་དོན་གསུང་བཤད། དེ་བཞིན་ས་གནས་བོད་མི་རྣམས་ལ་བཀའ་སློབ་སོགས་ཀྱི་མཛད་རིམ་ཁག་ཡོངས་སུ་ལེགས་པར་གྲུབ་ནས་ཁ་སང་ཕྱི་ཚེས་ ༢༥ ཉིན་ཕྱིར་རྒྱ་གར་ཕྱོགས་སུ་ཕེབས་ཐོན་གནང་འདུག

སྲིད་སྐྱོང་མཆོག་གི་ཨོསྟྲེ་ལི་ཡཱ་ནང་གི་འཚམས་གཟིགས་ཐེངས་དང་པོའི་མཛད་རིམ་མཐའ་མ་དེ་ཡུལ་དེའི་མངའ་སྡེ་ཁུན་སི་ལེན་ཌར་གནང་སྟེ་ས་གནས་སུ་ཡོད་པའི་བོད་མི་མང་ཚོགས་རྣམས་ལ་བཀའ་ཤག་སྐབས་ ༡༦ པའི་ཕྱག་ལས་གནང་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་སྲ་བརྟན་བཟོ་ཐབས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་རྒྱུན་གནས་ཐུབ་ཐབས། གཞོན་སྐྱེས་གཙོས་བོད་མི་མང་ཚོགས་ནས་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་དང་ཤེས་རྟོགས་དགོས་གལ། རྒྱལ་སྤྱིའི་སྟེང་བོད་དོན་གནས་བབ་མཐོ་རུ་གཏོང་ཐབས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་བར་མ་ཟད་ས་གནས་བོད་མི་ཚོས་བཀའ་འདྲི་ཞུས་པར་ལན་འདེབས་གསལ་བཤད་སོགས་གནང་ཡོད།

སྲིད་སྐྱོང་མཆོག་ཁུན་སི་ལེན་ཌི་མངའ་སྡེའི་རྒྱལ་ས་སྦི་རི་སྦེན་ནང་དུ་ཚོགས་པའི་བོད་ཀྱི་དུས་སྟོན་ཐེངས་ ༡༥ པའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་སྟེ་ཨེ་བི་སི་རྒྱལ་ཡོངས་རླུང་འཕྲིན་ཁང་གི་ལྕམ་སྐུ་ Sarah Kanowski ལགས་དང་ལྷན་རང་ཡུལ་ Homeland ཞེས་པའི་བརྗོད་གཞིའི་ཐོག་གླེང་མོལ་གནང་ཡོད་པ་དང་། མངའ་སྡེར་མ་ཕེབས་པའི་གོང་ལ་སྲིད་སྲིང་མཆོག་གིས་གྲོང་ཁྱེར་མེལ་བྷོན་དུ་རྟེན་གཞི་བྱས་པའི་ཨོ་སི་ཊོ་ལི་ཡ་དང་རྒྱ་གར་འབྲེལ་ལམ་བསྟི་གནས་ཁང་དུ་རྒྱ་གར་དང་བོད་ཀྱི་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད།

དེ་བཞིན་སྲིད་སྐྱོང་མཆོག་གི་ཨོསྟྲེ་ལི་ཡཱ་ནང་གི་འཚམས་གཟིགས་ཁྲོད་ཡུལ་དེའི་རྒྱལ་ས་ཁེན་བྷེ་ར་ནང་དུ་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་ཕྲད་གནང་སྟེ་བོད་དོན་སྐོར་གྲོས་བསྡུར་གནང་བ་མ་ཚད་པར་སྲིད་སྐྱོང་མཆོག་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་གོང་འོག་གཉིས་སུ་ཟུར་ཉན་སླད་ཆེད་ཕེབས་གནང་སྐབས་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་དོན་སྐོར་གསུང་བཤདགནང་བ་དང་སྦྲགས་ཏེ་སྲིད་སྐྱོང་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་འདུག

ཁུལ་དེར་རྟེན་གཞི་བྱས་པའི་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་གླེང་སྟེག་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་ས་ཁོངས་ཀྱི་ཞི་བདེ་འགན་སྲུང་ཐོག་གསུང་བཤད་སོགས་གནང་ཡོད་པ་རེད།  

སྲིད་སྐྱོང་མཆོག་གིས་ཡུལ་དེའི་གྲོང་ཁྱེར་སིཌ་ནི་ནང་རྟེན་གཞིན་བྱས་པའི་སིཌ་ནི་འཕྲུལ་རིག་གཙུག་ལག་སློབ་གཉེར་ཁང་གཙོས་ཤེས་ཡོན་དང་ཉམས་ཞིབ་ཀྱི་ལྟེ་གནས་ཁང་། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་མཛད་རིམ་སོགས་ཀྱི་སྐབས་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་བོད་ཀྱི་གལ་གནད་སྐོར་ལ་གསུང་བཤད་གནང་འདུག

གཞི་རྩའི་ཐེངས་འདིའི་ཨོསྟྲེ་ལི་ཡཱ་ནང་གི་འཚམས་གཟིགས་དེ་ནི་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་སྲིད་སྐྱོང་གི་ཐུགས་འགན་བཞེས་རྗེས་ཡུལ་དེར་ཕེབས་པ་ཆེས་ཐོག་མ་དེ་ཆགས་ཡོད་པ་དང་། ཨོསྟྲེ་ལི་ཡཱ་ནང་མ་ཕེབས་པའི་གོང་དུ་སྲིད་སྐྱོང་མཆོག་ཟླ་ ༦ ཚེས་ ༡༤ ནས་ ༡༦ བར་ཉིན་གྲངས་གསུམ་རིང་ནིའུ་ཛ་ལེན་ཌར་གཞུང་འབྲེལ་འཚམས་གཟིགས་དང་པོ་དེ་གནང་སྟེ་ཡུལ་དེའི་རྒྱལ་ས་ཝེ་ལིང་ཊོན་དུ་ཡོད་པའི་གྲོས་ཚོགས་སུ་གཟིགས་སྐོར་དང་སྦྲགས་ཏེ་ཆབ་སྲིད་ཚོགས་པ་ཁག་གི་སྐུ་ཚབ་དང་ལྷན་དུ་བོད་དོན་སྐོར་ཚོགས་འདུ་ཚོགས་པར་མ་ཟད། ནིའུ་ཛ་ལེན་ཌ་གྲོང་ཁྱེར་ཨོག་ལེན་ཌར་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་གསུང་བཤད་དང་བཀའ་བསྡུར་སོགས་གནང་ཡོད་པ་རེད།  

འབྲེལ་ཡོད་གསར་གནས།

གསར་གནས།