Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་བོད་མཐོ་སྒང་གི་ཁུལ་དུ་གཞི་རྒྱ་ཆེ་བའི་དམག་སྦྱོང་བྱས་འདུག

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

རྒྱ་ནག་གི་བཅིངས་གྲོལ་དམག་མིས་བོད་མཐོ་སྒང་གི་ཁུལ་དུ་ Snowfield Duty-2021 ཞེས་པའི་སྟོང་ལོ་ཉེར་གཅིག་གི་གངས་ལྗོངས་ཁུལ་གྱི་འགན་འཁྲིའི་མིང་ཐོག་ནས་དམིགས་འབེན་རྩ་གཏོང་ལ་ཕྱོགས་ཏེ་གཞི་རྒྱ་ཆེ་ཞིང་ཕྱོགས་ངོས་མང་པོའི་འཐབ་ཇུས་རང་བཞིན་གྱི་དམག་སྦྱོང་བྱས་འདུགརྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་བའི་ནང་དུ། ཐེངས་འདིའི་རྒྱ་ནག་གི་བཅིངས་གྲོལ་དམག་མིའི་དམག་སྦྱོང་དེའི་ནང་དུ། བོད་ཁུལ་གྱི་བཅིངས་གྲོལ་དམག་སྡེ་ཆུང་གྲས་བཅུ་ལྷག་གིས་དེར་འཛུལ་ཞུགས་བྱས་པ་མ་ཟད། དེང་རབས་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་གོ་མཚོན་གྱི་རིགས་ཀྱང་བེད་སྤྱོད་བྱས་བ་བརྒྱུད་ནས། མཚན་སྨག་གི་ཁྲོད་ནས་དམག་སྦྱོང་དེ་འགོ་འཛུགས་བྱས་ཡོད་པར་བསྒྲགས་འདུག

དེ་བཞིན་དམག་སྦྱོང་གི་སྐབས་སུ་མེ་མདའ་ཆེ་ཆུང་ཅི་རིགས་དང་། གཞན་ཡང་འཕུར་མདའ་ཆེད་གཏོང་གི་མ་ལག་ཁག་ཅིག་སྦྱོང་བརྡར་གྱིས་འཐབ་དམག་གི་བརྡ་ཁྱབ་ལྟེ་གནས་དང་གྱེན་འཕུར་གནམ་གྲུར་གཏོར་རྒོལ་བྱེད་ཐབས་ལ་སྦྱོང་བརྡར་བྱས་ཡོད་པ་དང་། དམག་སྦྱོང་གི་སྐབས་སུ་མཚོ་ངོས་ལས་མཐོ་ཚད་མི་ཊར་ ༦༡༠༠ ལྷག་གི་མཚམས་སུ་ས་བབ་དང་མཐུན་པའི་རིག་རྩལ་བསྐྱར་དར་གྱི་ཚད་གཞི་ལྡན་པའི་སྦྱོང་བརྡར་བྱས་ཡོད་པར་འཁོད་འདུག

དེ་བཞིན་དམག་སྦྱོང་གི་སྐབས་སུ། གནམ་དམག་ལ་འཐབ་རྒོལ་བྱེད་ཐབས་ཀྱང་སྦྱོང་བརྡར་བྱས་ཡོད་པའི་ཁྲོད་དུ། ལྕགས་ཁྲབ་འཁོར་ལོ་དང་རྐང་དམག   དེ་བཞིན་འཐབ་དམག་གི་འཕྲུལ་རིགས་རླངས་འཁོར་དང་གྱེན་འཕུར་གནམ་གྲུར་རྒོལ་ཐབས་སོགས་ཀྱང་སྦྱོང་བརྡར་སྤྲད་པ་མ་ཟད་དམག་འཐབ་སྐབས་ཀྱི་འགལ་རྫས་དང་བར་ཆད་རིགས་ཟློག་ཐབས་ཀྱི་སྦྱོང་བརྡར་བྱས་འདུགགཞི་རྩའི་འདི་ལོའི་ལོ་མགོ་ནས་བོད་ཉིང་ཁྲིའི་ཁུལ་དུ་བོད་ཀྱི་བྱིས་པ་རྣམས་ལ་དམིགས་བཀར་གྱིས་དམག་གི་སྦྱོང་བརྡར་ལྟེ་གནས་ཤིག་ཆེད་འཛུགས་བྱས་པ་དང་། དེ་རིང་་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Wion གསར་ཁང་གིས་གནད་དོན་དེ་དང་འབྲེལ་ནས་གནས་ཚུལ་སྤེལ་བའི་ནང་དུ། འདི་ལོའི་དབྱར་གནང་གི་སྐབས་སུ་རྒྱ་ནག་གིས་བོད་ཁུལ་དུ་དམག་སྦྱོང་གི་རིགས་འདྲ་མིན་སྤེལ་བའི་ཁྲོད་དུ། བོད་ཀྱི་བྱིས་པ་ལོ་བརྒྱད་ཅན་གྱིས་ཀྱང་འཛུལ་ཞུགས་བྱེད་དུ་བཅུག་ཡོད་པ་དང་། རྒྱ་ནག་གིས་ལོ་ཆུང་གི་བྱིས་པ་དེ་དག་ལ་དམག་སྦྱོང་སྤྲོད་བཞིན་པ་དེ་ནི་བོད་ཀྱི་བྱིས་པ་དག་རྒྱ་ནག་དམར་ཤོག་ལ་བློ་དཀར་གཞུང་དྲང་གི་འདུ་ཤེས་སྐྲུན་ཐབས་སུ་ཡིན་པར་བསྒྲགས་འདུགགཞན་ཡང་གསར་ཁང་གིས་བོད་ཁུལ་སྤྱི་ཡོངས་སུ་བོད་ཀྱི་བྱིས་པ་རྣམས་ལ་དམག་སྦྱོང་སྤྲོད་ཀྱི་ཡོད་པ་དང་། སྒོས་སུ་རྒྱ་གར་དང་ས་འབྲེལ་ཡོད་པའི་བོད་ཀྱི་ལྷོ་རྒྱུད་ཀྱི་ས་ཁུལ་དུ་རྒྱ་ནག་གིས་བོད་ཀྱི་བྱིས་པ་བརྒྱ་ཙལ་ལ་བཙན་དབང་གིས་དམག་སྦྱོང་གི་ནང་དུ་ཞུགས་སུ་བཅུག་ནས་རྒྱ་ནག་གི་དམར་ཤོག་གི་ལྟ་བ་ཁྱབ་སྤེལ་བྱེད་ཐབས་དང་། དེ་བཞིན་རྒྱ་ནག་ལ་རྒྱལ་ཞེན་གྱི་བསམ་བློ་སྐྲུན་ཐབས། གཞན་ཡང་དབྱར་གནང་གི་སྐབས་སུ་བོད་ཀྱི་བྱིས་པ་དག་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཟབ་ཁྲིད་སོགས་འགོག་ཆེད་དུ་ཡིན་པར་བསྒྲགས་འདུག་པ་མ་ཟད། རྒྱ་ནག་གིས་དེང་སྐབས་བོད་མི་མང་པོ་རྒྱ་ནག་གི་བཅིངས་གྲོལ་དམག་མིའི་ཁོངས་སུ་འཇུག་བཞིན་པ་དང་།  དེ་ནི་བོད་མི་རྣམས་བོད་མཐོ་སྒང་གི་ས་བབ་དང་གནམ་གཤིས་ལ་གདོང་གཏོད་ཐུབ་པའི་ཁྱད་ཆོས་ཡོད་པ་སོགས་ཀྱིས་ཡིན་ལུགས་སོགས་མངོན་གསལ་གནང་འདུག

ཉེ་སྔོན་འདི་གའི་གསར་ཁང་གིས་བོད་གནས་ལྟ་ཞིབ་ཁང་ལ་བོད་ནང་གི་བྱིས་པར་དམག་སྦྱོང་སྤྲོད་བཞིན་པ་དང་འབྲལེ་ནས་བཀའ་འདྲི་ཞུས་པའི་ནང་དུ། རྒྱ་གཞུང་གིས་དམིགས་ཡུལ་ངེས་ཅན་ཞིག་ལ་བརྟེན་ནས་ཞིང་པ་དང་འབྲོག་ས་ནས་ཡིན་པའི་བོད་པའི་བྱིས་པ་དང་། ཆབ་སྲིད་བཙོན་ཟུར་བ་རྣམས་ལ་དམིགས་བཀར་གྱིས་དམག་སྦྱོང་ཁང་དུ་སྦྱོང་བརྡར་སོགས་སྤྲད་པ་དེས་བོད་ཀྱི་གནའ་བོའི་རིག་གཞུང་དང་རྒྱལ་རབས། དེབཞིན་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་འགྱུར་བ་ཆེན་པོ་གཏོང་བཞིན་པ་མ་ཟད། བོད་པའི་གཞོན་སྐྱེས་རྣམས་རྒྱ་གཞུང་གིས་བཙན་དབང་འོག་དམག་གི་སྦྱོང་བརྡར་བསྟི་གནས་དང་ལག་ཤེས་སློབ་གསོ་བསྟི་གནང་ཁང་དུ་མར་མི་འགྲོ་ཀ་མེད་ཆགས་ཀྱི་ཡོད་པ་མངོན་གསལ་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།