Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་བོད་མཐོ་སྒང་དུ་མེ་འཁོར་ལྕགས་ལམ་གསར་རྒྱག་གི་ལས་གཞི་འཛུགས་འཆར།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

རྒྱ་ནག་གིས་ས་བགོས་བྱས་པའི་ཟི་ཁྲོན་ཞིང་ཆེན་གྱི་གཡག་རྔ་ས་ཁུལ་ནས་བོད་རང་ལྗོངས་སྐྱོང་གི་མངའ་ཁོངས་སུ་ས་བགོས་བྱས་ཡོད་པའི་ཉིང་ཁྲི་གཉིས་ཀྱི་བར་དུ་ཕུགས་ལམ་གཉིས་དང་ཟམ་ཆེན་གཅིག་ཅན་གྱི་མེ་འཁོར་ལྕགས་ལམ་གསར་བ་ཞིག་འཛུགས་འཆར་ཡོད་པ་དང་།  ལྕགས་ལམ་དེ་ནི་མདོ་དབུས་ལྕགས་ལམ་གྱི་འཕྲོ་ནས་བོད་མཐོ་སྒང་དུ་རྩ་འཛུགས་བྱས་པའི་མེ་འཁོར་ལྕགས་ལམ་གཉིས་བ་དེ་ཆགས་རྒྱུ་ཡིན་སྐོར་བརྗོད་འདུགརྒྱ་ནག་གི་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཐེངས་འདིའི་གཡག་རྔ་ནས་ཉིང་ཁྲི་བར་གྱི་བོད་མཐོ་སྒང་གི་ལྕགས་ལམ་དེ་ནི་ཁྲིན་ཏོའུ་གྲོང་ཁྱེར་ནས་ཆབ་མདོ་བརྒྱུད་དེ་བོད་དབུས་ཁུལ་དུ་གསར་འཛུགས་བྱེད་འཆར་ཡོད་པ་དང་།  ཐེངས་འདིའི་ལྕགས་ལམ་གྱི་རིང་ཚད་ལ་སྤྱི་ལེ་ ༡༠༡༡ དང་ལམ་སྐབས་ཀྱི་འབབ་ཚུགས་ ༢༦ གསར་བཟོ་བྱ་འཆར་དང་སྦྲགས།  ཁྲིན་ཏོའུ་གྲོང་ཁྱེར་ནས་ལྷ་ས་བར་དུ་ཆུ་ཚོད་ ༤༨ གྱི་ལམ་ཐག་དེ་ཆུ་ཚོད་ ༡༣ ལས་མི་འགོར་བར་འབྱོར་ཐུབ་པའི་མགྱོགས་ལམ་ཞིག་ཡིན་པར་ངོ་སྤྲོད་བྱས་བ་བརྒྱུད།   ལྕགས་ལམ་དེ་གསར་འཛུགས་བྱས་པ་བརྒྱུད་ནས་བོད་མཐོ་སྒང་གི་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ལ་སྐུལ་འདེད་དང་། འཐབ་ཇུས་རང་བཞིན་གྱི་ཐོག་ནས།  ཉིང་ཁྲི་ཁུལ་ནས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་གྱི་ཁུལ་དུ་ས་འབྲེལ་ཡོད་པའི་མཐའ་མཚམས་ཁག་བརྟན་བརླིང་ཡོང་རྒྱུར་དམིགས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

རྩ་བའི་ཉིང་ཁྲི་ས་ཁུལ་ནི་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆགས་པའི་འཕགས་བོད་ས་མཚམས་ཀྱི་ཉེ་འཁྲིས་དུ་ཆགས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་གནམ་ཐང་ལྔ་གསར་རྒྱག་བྱས་པའི་ཁོངས་ནས་གཅིག་ཉིང་ཁྲིའི་ནང་ཡོད་པ་རེད། རྒྱ་ནག་གིས་དུས་རྒྱུན་ནས་ཨ་རུ་ན་ཅལ་ནི་བོད་ལྗོངས་ལྷོ་ཁའི་ཁོངས་གཏོགས་ཀྱི་ས་ཁུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན། ཐེངས་འདིར་ཡང་ཆེད་དུ་རྒྱ་ནག་གི་སྒོར་མོ་དུང་ཕྱིར་༣༠༠ ལྷག་གི་མ་དངུལ་རྩ་འཛུགས་ཀྱིས་འཛུགས་སྐྲུན་གྱི་ལས་གཞི་གཉེར་འཆར་ཡོད་པ་དེ་ནི་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་སྲུང་སྐྱོབ་ལ་ནུས་བ་ཐོན་པའི་གལ་ཆེན་གྱི་ལས་གཞི་ཞིག་ཡིན་སྐོར་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད་འདུག

རྒྱ་ནག་གི་ཆིན་ཧཱ་གཙུག་ལག་སློབ་ཆེན་གྱི་རྒྱལ་ཡོངས་འཐབ་ཇུས་ལྟེ་གནས་ཁང་གི་འགོ་གཙོ། ཆཱིན་ཧྥང་ཟེར་བས་རྒྱ་ནག་གི་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། གལ་ཏེ་འཕགས་བོད་ས་མཚམས་སུ་ཛ་དྲག་གི་དཀའ་རྙོག་གི་རིགས་འཕྲད་པ་ཡིན་ན།  གཡག་རྔ་ནས་ཉིང་ཁྲིའི་བར་གྱི་མེ་འཁོར་ལྕགས་ལམ་གསར་བ་འདི་བརྒྱུད་ནས་འཐབ་ཇུས་རང་བཞིན་གྱི་གོ་མཚོན་རིགས་བརྒྱུད་སྤྲོད་བྱེད་རྒྱུར་ནུས་བ་ཐོན་ཐུབ་པར་བརྗོད་ཡོད་འདུག

འདི་ག་རླུང་འཕྲིན་ཁང་ནས་རྒྱུན་དུ་བོད་ཀྱི་ཁོར་ཡུག་དང་འཛུགས་བསྐྲུན་གྱི་ལས་གཞིའི་ཐོག་ཐུགས་སྣང་ཆེན་པོ་ཡོད་པའི་ རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་སུ་གཡག་རྔ་ནས་ཉིང་ཁྲི་བར་གྱི་མེ་འཁོར་ལྕགས་ལམ་དེའི་དགེ་སྐྱོན་རང་བཞིན་སྐོར་ལ་བཀའ་དྲི་ཞུས་པར་ཁོང་གིས། བོད་མཐོ་སྒང་དུ་འཛུགས་སྐྲུན་གྱི་ལས་གཞི་མང་པོ་གཉེར་བཞིན་པ་དེའི་བོད་ནང་གི་ཕྱིའི་ཁོར་ཡུག་ལ་གནོད་ཚབས་ཆེན་པོ་ཐེབས་བཞིན་པ་མ་ཟད།  རང་བྱུང་གི་གོད་ཆག་རིགས་ཀྱང་མང་དུ་འཕེལ་བཞིན་པར་གསུངས་སོང་།

གཞི་རྩའི་རྒྱ་ནག་གིས་བོད་མཐོ་སྒང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མིང་ཐོག་ནས་བོད་ཁུལ་དུ་གཞུང་ལམ་གསར་རྒྱག་དང་ཆུ་གློག་འཛུགས་སྐྲུན། དེ་བཞིན་གྲོང་ཁྱེར་གསར་རྒྱག་སོགས་ཀྱི་འཛུགས་སྐྲུན་གྱི་ལས་གཞི་སྣ་མང་ཞིག་གཉེར་གྱི་ཡོད་ནའང་། བོད་མི་དང་བོད་དོན་དབྱད་ཞིབ་པ་རྣམས་ཀྱིས་ལས་གཞི་དེ་དག་གི་མཐའ་མའི་དམིགས་ཡུལ་ནི་བོད་མཐོ་སྒང་གི་རང་བྱུང་གི་གཏེར་ཁ་སྔོག་འདོན་གྱིས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ལ་འབོར་འདྲེན་དང་། དེ་བཞིན་བོད་དེ་ཡུལ་སྐོར་སྤྲོ་འཆམ་གྱི་ས་གནས་ལྟ་བུར་བརྒྱུད་ནས། རྒྱ་ནག་གི་མི་རིགས་མང་པོ་བོད་ཁུལ་དུ་ནང་འདྲེན་གྱིས་བོད་མིའི་ཆོས་དང་རིག་གཞུང་གི་ངོ་བོར་བརྗེ་བསྒྱུར། དེ་བཞིན་བོད་དེ་མི་སེར་སྤེལ་ཡུལ་ཕྱི་མའི་རྒྱལ་ཁམས་ཤིག་ཏུ་བསྒྱུར་ཐབས་བྱེད་ཀྱི་ཡོད་པར་ཡོངས་གྲགས་ཀྱིས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།