Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ཏུ་ཕྱི་ལོ་ ༢༠༣༢ ལོའི་ཨོ་རྩེད་འགྲན་ཚོགས་བསྡུ་རྒྱུར་དགག་གཞག་གནང་བ། 

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་ནག་ནང་གི་གྲོང་ཁྱེར་ཁྲིན་ཏུའུ་དང་ཁྲོང་ཆེན་གཉིས་ཀྱི་ནང་དུ་ཕྱི་ལོ་ ༢༠༣༢ ལོའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་གྱི་རྩེད་འགྲན་གཉིས་འཚོགས་འཆར་གྱི་གནད་དོན་ཕྱི་ལ་ཐོན་མ་ཐག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་དགག་གཞག་གནང་སྟེ་རྒྱ་ནག་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་མ་བཏང་བར་དུ་རྒྱ་ནག་ཏུ་རྩེད་འགྲན་དེ་འཚོགས་རྒྱུའི་གོ་སྐབས་སྤྲོད་རྒྱུ་མེད་པར་སྐྱོན་བརྗོད་གནང་འདུགརྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་རྒྱལ་སྤྱིའི་ལས་དོན་ཚན་པའི་འགན་འཛིན་ལྕམ་སྐུ་ Minky Worden ལགས་ཀྱིས་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ལས་ཁུངས་སུ་ཞུ་སྐུལ་ཞིག་ཕུལ་བའི་ནང་ཨོ་རྩེད་འགྲན་ཚོགས་བསྡུ་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཚོང་ལས་ཀྱི་གཞི་རྩའི་ཆ་རྐྱེན་ཁག་ཚང་དགོས་བར་ལུང་འདྲེན་གྱིས་རྒྱ་ནག་གིས་ཧོང་ཀོང་གི་ཁུལ་དུ་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་དང་། ཡུ་གུར་ཁ་ཆེ་མི་མང་ས་ཡ་གཅིག་ལྷག་བཀག་སྐྱིལ་བྱས་ཡོད་པ་དེ་གློད་བཀྲོལ་མ་བཏང་བར་དུ་རྒྱ་ནག་གི་ནང་དུ་ཨོ་རྩེད་འགྲན་ཚོགས་བསྡུ་རྒྱུའི་གོ་སྐབས་སྤྲོད་ཐབས་མེད་པར་ཉེན་བརྡ་བཏང་འདུགཁོང་གིས་ད་དུང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཞན་པོ་ཡིན་པར་མངོན་གསལ་གནང་བ་དང་སྦྲགས་ཏེ་ཕྱི་ལོ་ ༢༠༠༨ ལོའི་པེ་ཅིན་གྱི་ཨོ་རྩེད་འགྲན་ཚོགས་སྐབས་རྒྱ་ནག་གི་འགོ་ཁྲིད་ཚོས་ཁས་ལེན་བྱས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གོང་འཕེལ་གནས་བབ་ལ་འགྱུར་ལྡོག་ཕྱིན་མེད་པར་བརྟེན་རྒྱ་ནག་ལ་ཨོ་རྩེད་འགྲན་ཚོགས་བསྡུ་རྒྱུའི་ཆ་རྐྱེན་ཚང་མེད་པར་གསུངས་འདུག རྒྱལ་སྤྱིའི་ཨོ་རྕེད་འགྲན་ཚོགས་ཀྱིས་རྒྱ་ནག་ལ་ལངས་ཕྱོགས་ཤིག་དང་རྒྱལ་ཁབ་གཞན་ལ་ཡང་ལངས་ཕྱོགས་གཞན་ཞིག་འཛིན་བཞིན་པ་དེ་ནི་དྲང་བདེན་མིན་པའི་གནས་ཚུལ་ཞིག་ཡིན་པར་ཕྱིར་བསྒྲགས་ཀྱིས། རྒྱ་ནག་གི་དྲག་གནོན་ལ་ལྟོས་མེད་ཀྱིས་ཨོ་རྩེད་འགྲན་ཚོགས་ཀྱི་གོ་སྐབས་གཞན་ཞིག་ཕུལ་བ་ཡིན་ན། ཨོ་རྩེད་འགྲན་ཚོགས་ཀྱི་གཞི་རྩའི་ལམ་ལུགས་ལ་མགོ་རྟིང་སློག་པ་ཞིག་ཡིན་པར་དགག་གཞག་གནང་འདུགརྩ་བའི་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་ལམ་པིག་རྩེད་འགྲན་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་གཏན་འཁེལ་ཟིན་ཡོད་པ་དང་། ༢༠༡༨ ལོའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་གི་ Shanghai གྲོང་ཁྱེར་ནས་ཕྱི་ལོ་ ༢༠༣༢ ལོའི་ཨོ་ལམ་པིག་རྩེད་འགྲན་གོ་སྒྲིག་བྱེད་ཐུབ་མིན་གྱི་སྔོན་འགྲོའི་དཔྱད་ཞིབ་གནང་ཡོད་པ་དེ་ལྟར་ཡང་། གནད་དོན་དེའི་སྐོར་དོ་སྣང་དེ་ཙམ་བྱུང་མེད་སྟབས་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་དང་ཁྲོང་ཆེན་ནས་རྩེད་འགྲན་དེའི་མགྲོན་བདག་བྱ་རྒྱུའི་ཞུ་གཏུག་བྱེད་བཞིན་ཡོད་པ་རེད་འདུག

ལྕམ་སྐུ་ Minky Worden ལགས་ཀྱིས་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ལས་ཁུངས་ཀྱིས་རྒྱ་ནག་ནང་གི་ངལ་རྩོལ་བསྒྱུར་བཀོད་ཀྱི་གནས་བབ་དང་གསར་ཁང་ཁག་ལ་བཀག་སྡོམ། དེ་བཞིན་སྤྱི་ཡོངས་ཀྱི་མི་མང་ལ་དམ་དྲག་དང་འཕྲོད་བསྟེན་གྱི་གནས་བབ་སོགས་ལ་གདོང་ལེན་གྱི་འཐབ་ཇུས་གང་ཡོད་ཀྱི་ཐད་ནས་ཤེས་རྟོག་མེད་སྐོར་གསུང་བ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་དག་གིས་ཨོ་རྩེད་འགྲན་ཚོགས་དང་རྩེད་འགྲན་པའི་ཐོབ་ཐང་བཅས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཀྱང་། རྒྱལ་སྤྱིའི་ཨོ་རྩེད་ལས་ཁུངས་ཀྱིས་རྒྱ་ནག་ནང་གི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ལྟོས་མེད་ཀྱིས་རྒྱ་ནག་ལ་བསྔགས་བརྗོད་གནང་གི་ཡོད་པར་དགག་གཞག་ཚ་ནན་གནང་འདུགགཞི་རྩའི་རྒྱ་ནག་གིས་ཕྱི་ལོ་ ༢༠༠༨ ལོའི་ཨོ་རྩེད་འགྲན་ཚོགས་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུའི་ཁས་ལེན་རིམ་པ་བྱས་ཡོད་པ་ཁག་ལག་བསྟར་དོན་འཁྱོལ་མ་བྱུང་མ་ཟད། བོད་དང་ཤིན་ཅང་། ནང་སོག་དང་ཧོང་ཀོང་བཅས་ཀྱི་ནང་དུ་སྔར་ལྷག་དམ་དྲག་བྱེད་བཞིན་ཡོད་སྟབས། ཉེ་སྔོན་རྒྱ་ནག་གི་འདི་ལོའི་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་རྒྱལ་སྤྱིའི་ཚོགས་སྡེ་བརྒྱ་ལྷག་གིས་མཉམ་རུབ་ཀྱི་ཐོག་ནས་བསྒྲགས་གཏམ་སྤེལ་ཏེ་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གི་ནང་དུ་དགུན་དུས་ཀྱི་ཨོ་རྩེད་འཚོགས་འཆར་ལ་དགག་ལན་གནང་ཡོད་པར་མ་ཟད། རྒྱལ་སྤྱིའི་ཨོ་རྩེད་ལས་ཁུངས་ཀྱིས་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཀྱི་ཨོ་རྩེད་འགྲན་ཚོགས་དེ་ཕྱིར་བསྡུ་བྱེད་དགོས་བའི་རེ་སྐུལ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།