Tibetan Royal Year of 2151 | Year of the Wood Dragon

Nike དང་ Coca-Cola བཟོ་ཚོང་ཁང་གིས་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་ནུས་མེད་བཟོ་རྒྱུར་དམིགས་པ།

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

Nike དང་ Coca-Cola བཟོ་ཚོང་ཁང་གིས་དངུལ་གྱི་འགྲོ་གྲོན་ཤུས་ཆེར་བཏང་ནས་ཡུ་གུར་མི་རིགས་དང་འབྲེལ་བའི་ Uyghur Forced Labor Prevention Act འམ་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་ནུས་མེད་བཟོ་རྒྱུར་དམིགས་བཞིན་ཡོད་པ་རེད་འདུགབརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་བཀག་ཉར་བྱས་པའི་ཡུ་གུར་ཁ་ཆེའི་གྲངས་ཉུང་མི་རིགས་སྟོང་ཕྲག་མང་པོར་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་བྱས་ཏེ་བཟོ་སྐྲུན་བྱས་པའི་ཐོན་སྐྱེད་ཁག་ལ་བཀག་སྡོམ་བྱ་རྒྱུའི་གནད་དོན་དང་འབྲེལ་ Uyghur Forced Labor Prevention Act ཞེས་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་ཞིག་ཉེ་ལམ་ཕྱི་ཟླ་ ༩ པའི་ནང་ཨ་རི་གྲོས་ཚོགས་འོག་མར་ཚད་མཐོའི་རྒྱབ་སྐྱོར་ཐོབ་ནས་ད་ཆ་གྲོས་ཚོགས་གོང་མར་བསྣམས་ཏེ་གང་མགྱོགས་སྲིད་འཛིན་ཊམ་དང་ཡང་ན་སྲིད་འཛིན་གསར་པ་ Biden ཡིས་མཚན་རྟགས་གནང་སྟེ་ཁྲིམས་གཞིར་གཏན་འབེབ་གནང་ལ་ངེས་ཀྱང་། ཤིན་ཅང་ངལ་རྩོལ་བསྒྱུར་བཀོད་ཀྱི་ཐོན་སྐྱེད་དང་འབྲེལ་ཡོད་ Nike དང་ Coca-Cola བཟོ་ཚོང་ཁང་གཙོས་ Apple ལ་སོགས་པའི་རྒྱལ་སྤྱིའི་བཟོ་ཚོང་ཁག་ཅིག་གིས་ཁྲིམས་འཆར་དེ་ནུས་མེད་བཟོ་རྒྱུ་དམིགས་ནས་ཤིན་ཅང་ཁུལ་གྱི་མནར་གཅོད་དང་ངལ་རྩོལ་གྱི་གནད་དོན་ལ་མཐའ་གཅིག་ཏུ་སྐྱོན་བརྗོད་གནང་བཞིན་ཡོད་པ་དེ་ལྟར་ཡང་། གལ་ཏེ་ཁྲིམས་འཆར་དེ་དངོས་སུ་གཏན་འབེབས་འབྱུང་ཚེ་བཟོ་ཚོང་དེ་དག་གི་ཚོང་འབྲེལ་ལ་དོ་ཕོག་ཆེན་པོ་འགྲོ་ངེས་ཡིན་པའི་ཞེད་སྣང་དང་བཅས་ཨ་རིའི་གྲོས་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞུ་གཏུག་བརྒྱུད་ཁྲིམས་འཆར་དེ་ནུས་མེད་བཟོ་ཐབས་གནང་བཞིན་ཡོད་པ་རེད་འདུགསྤྱིར་འདི་ལོའི་ཕྱི་ཟླ་ ༣ ནང་ཨ་རིའི་གྲོས་ཚོགས་ཀྱི་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་ Nike དང་ Coca-Cola བཟོ་ཚོང་ཁང་གཙོས་ Adidas དང་ Calvin Klein དེ་བཞིན་ H&M ལ་སོགས་པའི་བཟོ་ཚོང་ཁང་ཁག་ཅིག་གིས་ཤིན་ཅང་ནང་གི་ངལ་རྩོལ་བསྒྱུར་བཀོད་དང་འབྲེལ་བ་ཡོད་སྲིད་པར་མིང་མངོན་གསལ་གནང་དོན་ཡོད་པ་དང་། སྐབས་དེར་ཀོ་ཁ་ཁོ་ལ་བཟོ་ཚོང་ཁང་གིས་ཁོང་ཚོའི་ཚོང་འབྲེལ་གྱི་བརྒྱུད་ལམ་ནང་ངལ་རྩོལ་བསྒྱུར་བཀོད་ལ་མཐའ་གཅིག་ཏུ་དགག་བྱ་གནང་གི་ཡོད་པར་མ་ཟད། ཚོང་གི་བྱེད་སྒོ་མཐའ་དག་ལ་རྩིས་ཞིབ་ནན་པོ་བྱེད་བཞིན་ཡོད་པ་བརྗོད་ཡོད་པ་རེད། དེ་བཞིན་ Nike བཟོ་ཚོང་ཁང་གི་ངེས་སྟོན་པའི་ངོས་ནས་ཀྱང་ཚོང་ལས་ཁང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་གཙོས་ངལ་རྩོལ་བསྒྱུར་བཀོད་དེ་ཕྱིར་འཐེན་བྱ་ཕྱིར་གྲོས་མོལ་བྱ་རྒྱུ་ལས་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་རྩ་བ་ནས་བྱེད་ཀྱི་མེད་པར་བརྗོད་འདུགའོན་ཀྱང་ཁ་ཉིན་ཨ་རིའི་ New York Times གསར་ཤོག་གིས་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་ཅིག་གིས་མཁོ་སྤྲོད་བྱས་པའི་གནས་ཚུལ་ལུང་འདྲེན་གནང་བར་གཞིགས་ན། Nike བཟོ་ཚོང་ཁང་གིས་ཕྱི་ལོ་ ༢༠༢༠ ལོའི་དུས་ཚིགས་ཀྱི་བཞི་ཆ་གསུམ་གྱི་ནང་དུ་ཁྲལ་དང་ཤེས་ཡོན། གནམ་གཤིས་འགྱུར་ལྡོག། ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་སོགས་ནུས་མེད་བཟོ་ཐབས་སླད་ཨ་སྒོར་འབུམ་དགུ་དང་སྟོང་ཕྲག་ཉི་ཤུ་ལྷག་འགྲོ་གྲོན་བཏང་ ནས་གྲོས་ཚོགས་ནང་ཞུ་གཏུག་གནང་ཡོད་པ་མ་ཟད། Coca-Cola བཟོ་ཚོང་ཁང་གིས་ཀྱང་ Empire Consulting Group དང་། Sidley Austin ལ་སོགས་པའི་ཆེད་ལས་ཁང་གླ་གཡར་ཞུས་ཏེ་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་གཙོས་གནད་དོན་ཁག་ཅིག་གི་ཆེད་ཞུ་གཏུག་གནང་ཕྱིར་ཨ་སྒོར་ས་ཡ་བཞི་དང་ཕྱེད་ཀ་ལྷག་གི་འགྲོ་གྲོན་བཏང་འདུགApple ཚོང་ལས་ཁང་ལྟ་བུས་སྐྱོན་འཛུགས་དེར་ངོས་ལེན་གནང་མེད་ཀྱང་ New York times གསར་ཤོག་ལ་ཡིག་ཆ་ཞིག་ཕམག་སོན་བྱུང་བར་གཞིགས་ཚེ་ཀུ་ཤུ་ཚོང་ལས་ཁང་གིས་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་ནང་དོན་ལ་བསྒྱུར་བཅོས་གཏང་ཐབས་བྱས་ཏེ་ཁྲིམས་འཆར་ནང་གསལ་དུས་བཀག་ལ་ཕྱིར་འགྱངས་དང་། ངལ་རྩོལ་གྱི་ཐོན་སྐྱེད་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་གྲོས་ཚོགས་ཀྱི་ཚོགས་ཆུང་ལ་མ་གཏོགས་བཤད་མི་དགོས་པ་བཟོ་ཐབས་བཅས་བྱས་ཡོད་པ་རེད་འདུག

གཞི་རྩའི་ The Uyghur Forced Labor Prevention Act འམ་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་དེའི་འོག་ནས་ཨ་རིས་བཟོ་ཚོང་ཁང་དེ་དག་གི་ཐོན་སྐྱེད་ལ་ངལ་རྩོལ་བསྒྱུར་བཀོད་ཀྱི་ཐོན་སྐྱེད་དང་འབྲེལ་བ་ཡོད་མེད་ལ་ཞིབ་འཇུག་གནང་རྒྱུ་གཙོས་ཐོན་སྐྱེད་ཡོང་སའི་ཚོང་ལས་ཁང་གི་ཐོན་སྐྱེད་ལ་བཀག་སྡོམ་བྱ་རྒྱུ་དང་། ཚོང་ལས་ཁང་དག་གིས་ཐོན་སྐྱེད་ཚོང་འགྲེམས་གནང་གི་མེད་པ་ཁུངས་སྐྱེལ་གནང་དགོས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།