Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་དང་སུད་སི་གཉིས་དབར་ཚོང་འབྲེལ་གོང་འཕེལ་གཏོང་རྒྱུའི་གྲོས་མཐུན་བཞག་འདུག

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

ཟླ་བ་འདིའི་ཚེས་ ༡༥ ནས་ ༡༩ བར་སུད་སིའི་ Davos གྲོང་ཁྱེར་ནང་དུ་ World Economic Forum ཞེས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཚོགས་ཆེན་འཚོགས་བཞིན་པ་དང་བསྟུན། ཁ་སང་ཚེས་ ༡༥ ཉིན་ཚོགས་ཆེན་འདིའི་སླད་སུད་སི་ནང་སླེབས་པའི་རྒྱ་ནག་གི་སྲིད་བློན་ Li Qiang དང་ཁོ་པས་སྣེ་ཁྲིད་པའི་རྒྱ་ནག་གི་གནད་ཡོད་མི་སྣའི་རུ་ཁག་ཞིག་ནས་སུད་སིའི་རྒྱལ་ས་ Bern ནང་དུ་ཡུལ་དེའི་སྲིད་འཛིན་ Viola Amherd མཆོག་དང་མཇལ་འཕྲད་ཀྱིས་རྒྱལ་ཁབ་ཕྱོགས་གཉིས་དབར་ཚོང་གི་འབྲེལ་ལམ་གོང་འཕེལ་གཏོང་རྒྱུའི་མཉམ་འབྲེལ་གྱི་གྲོས་མཐུན་ཞིག་བཞག་འདུག

རྩ་བའི་རྒྱ་ནག་དང་སུད་སི་གཉིས་དབར་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་ Free Trade Agreement རང་དབང་ཚོང་འབྲེལ་གྱི་གྲོས་མཐུན་ཞིག་བཞག་ཡོད་པ་དེ་རྒྱ་ནག་གིས་དབུས་ཡུ་རོབ་རྒྱལ་ཁབ་ནང་དུ་ཚོང་འབྲེལ་གྱི་གན་རྒྱ་དེ་ལྟ་བུ་བཞག་པ་ཆེས་ཐོག་མ་དེ་ཆགས་ཡོད་པ་རེད། གྲོས་མཐུན་འདིའི་ཁྲོད་འདས་པའི་ལོ་བཅུའི་ནང་དུ་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱི་རྗེས་སུ་རྒྱ་ནག་དེ་བཞིན་སུད་སིའི་ཚོང་འབྲེལ་ཤུགས་ཆེ་ཤོས་བྱས་ཡུལ་རྒྱལ་ཁབ་གསུམ་པ་དེ་ཆགས་ཡོད་པ་དེ་ལྟར་ཡང་། རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ། རང་དབང་ཚོང་འབྲེལ་གྱི་གྲོས་མཐུན་གན་རྒྱ་དེ་བསྐྱར་གསོ་མ་ཐུབ་པར་ལུས་ཡོད།

Reuters སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་སུད་སི་དང་རྒྱ་ནག་གཉིས་དབར་ཚོང་འབྲེལ་གོང་འཕེལ་གཏོང་རྒྱུའི་གྲོས་མཐུན་གསལ་བསྒྲགས་སྤེལ་བའི་ནང་དུ། རྒྱལ་ཁབ་ཕྱོགས་གཉིས་དབར་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་བཞག་པའི་ Free Trade Agreement རང་དབང་ཚོང་འབྲེལ་གྱི་གྲོས་མཐུན་གོང་འཕེལ་གཏོང་རྒྱུའི་ཐད་མཉམ་འབྲེལ་གྱི་ཞིབ་འཇུག་ལས་གཞི་སྤེལ་རྒྱུ་ཡིན་སྐོར་སོགས་འཁོད་ཡོད་འདུག

སུད་སི་གཞུང་གི་ངོས་ནས་ཐེངས་འདིའི་གྲོས་མཐུན་དེ་ནི་རྒྱལ་ཁབ་ཕན་ཚུན་དབར་གྲོས་མོལ་རིམ་པ་ཡོང་རྒྱུའི་མཚོན་རྟགས་ཤིག་ཡིན་སྐོར་གསུངས་པ་དང་། ད་ལན་སུད་སི་དང་རྒྱ་ནག་གཉིས་དབར་ཚོང་འབྲེལ་གོང་འཕེལ་གྱི་གྲོས་མཐུན་བཞག་པའི་རྗེས་སུ་ལོ་འདིའི་ནང་རྒྱལ་ཁབ་སོ་སོའི་ཕྱི་སྲིད་ལས་ཁུངས་རིམ་པའི་གྲོས་མོལ་ཁག་གཅིག་ཡོང་ངེས་ཡིན་པ་ལྟར། གྲོས་མོལ་དེ་དག་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡང་ཡོང་ངེས་ཡིན་པའི་ཚོད་དཔག་གནང་བཞིན་འདུག

སྤྱིར་ད་ལན་སྲིད་བློན་ Li Qiang སུད་སི་ནང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་བྱས་པ་དེ། དེ་སྔ་ཕྱི་ལོ་ ༢༠༡༧ ལོར་ཞི་ཅིན་ཕིང་གི་རྗེས་སུ་རྒྱ་ནག་གི་དཔོན་རིགས་མཐོ་གྲས་སུད་སི་ནང་སླེབས་པ་ཐོག་མ་དེ་ཆགས་ཀྱི་འདུག

སུད་སི་གཞུང་འབྲེལ་བསྒྲགས་གཏམ་ནང་དུ། ཐེངས་འདིའི་མཇལ་འཕྲད་ཐོག་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འགོ་ཁྲིད་དབར་ཚོང་འབྲེལ་ཙམ་མིན་པར་ Ukraine གྱི་གནད་དོན་དང་ Israel དང་ Hamas དབར་གྱི་རྙོག་གླེང་བཅས་བརྗོད་གཞི་འདྲ་མིན་ཐོག་གྲོས་བསྡུར་བྱུང་ཡོད་པ་འཁོད་འདུག

ཁ་སང་རྒྱ་ནག་གི་སྲིད་བློན་ལི་ཆང་སུད་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་སླད་རྒྱལ་ས་ Bern ནང་དུ་འབྱོར་སྐབས། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་ཚོགས་མི་ཁག་གཅིག་ནས་ Li Qiang ལ་མི་གསོད་ལག་དམར་ཞེས་འབོད་སྟེ་སུད་སི་ནས་ཕྱིར་ལོག་བྱེད་དགོས་པ་དང་། སུད་སི་གཞུང་ནས་མི་གསོད་ལག་དམར་གྱི་ལྷན་དུ་འབྲེལ་བ་བྱེད་རྒྱུ་མེད་པ། འགྲོ་བ་མིའི་ཐོབ་ཐང་མེད་ན་ཚོང་འབྲེལ་ཡང་མེད་ཅེས་ཀྱི་འབོད་ཚིག་བསྒྲགས་ཏེ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཡང་སྤེལ་འདུག

ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱིས་ཁ་སང་སྤྱི་ཚོགས་དྲ་ལམ་ཐོག་ལས་འགུལ་དེའི་སྐོར་གནས་ཚུལ་སྤེལ་བ་དང་འབྲེལ་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། རྒྱ་ནག་དང་སུད་སི་གཉིས་དབར་རང་དབང་ཚོང་འབྲེལ་གྱི་གྲོས་མཐུན་བཞག་ནས་ལོ་བཅུ་ཧྲིལ་པོ་འགྲོ་བཞིན་ཡོད་རུང་སུད་སི་གཞུང་གི་ངོས་ནས་ད་བར་གྲོས་མཐུན་འདིའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་འཇོག་ཐུབ་མེད་པ་ལྟར། དེ་ནི་ཁས་ལེན་ཐབས་མེད་པ་ཞིག་ཡིན་པ་དང་། དེ་སྔ་སུད་སི་གཞུང་གིས་ཚོང་འབྲེལ་བརྒྱུད་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཞེས་པ་ཁས་ལེན་གནང་བ་དེ་ནི་འཁྲུལ་སྣང་རང་ཡིན་སྐོར་དང་འབྲེལ། དོན་དངོས་ཐོག་འདས་པའི་ལོ་བཅུའི་ནང་དུ་བོད་ནང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པ་ཡོད་པ་གསུངས་ཏེ་སུད་སི་གཞུང་གི་ངོས་ནས་རྒྱ་ནག་དང་ལྷན་དུ་རང་དབང་ཚོང་འབྲེལ་གྱི་གྲོས་མཐུན་ནང་དུ་བོད་མི་དང་ཡུ་གུར་བ་གཙོས་པའི་གདུག་རྩུབ་མྱོང་བཞིན་པའི་མི་རིགས་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆ་རྐྱེན་གང་ཡང་མེད་པར་གསལ་པོར་བཀོད་དགོས་པ་མ་ཟད། དེ་དག་ཐོག་དོན་དམ་གྱི་ལག་ལེན་ལྟར་དགོས་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།