Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ནང་སྤྱི་དམངས་ཐོབ་ཐང་གི་གནས་བབ་ཆེས་སྡུག་ཤོས་ཡིན་པ་ཐེར་འདོན།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

སྤྱི་ཚོགས་དང་དཔལ་འབྱོར། དེ་བཞིན་ཆབ་སྲིད་རང་དབང་གི་གནས་བབ་ཐད་ལ་ཞིབ་འཇུག་གནང་མཁན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རྒྱ་ནག་ནི་འཛམ་གླིང་ནང་གི་སྤྱི་དམངས་ཐོབ་ཐང་གི་གནས་བབ་ཆེས་སྡུག་ཤོས་དེ་ཡིན་པ་ཐེར་འདོན་གནང་འདུག

ཁ་སང་ཕྱི་ཚེས་ ༢༡ ཉིན་ The Guardian གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ནང་། ནིའུ་ཛི་ལེནྜ་ནང་རྟེན་གཞི་བྱས་པའི་ The Human Right Measurement Initiative ཞེས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཚད་འཇལ་ཚོགས་པས་ཕྱི་ལོ་ ༢༠༢༣ ལོའི་སྙན་ཐོ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་ནང་མི་མང་གི་གཞི་རྩའི་རང་དབང་དང་ཆབ་སྲིད་རང་དབང་གཉིས་ཀྱི་ཐད་ལ་ཞིབ་འཇུག་བརྒྱུད་དེ་འབྲེལ་གནས་སྟངས་ཆེས་ཞན་པ་མངོན་གསལ་གནང་བ་མ་ཟད། འཛམ་གླིང་ནང་གི་སྤྱི་དམངས་ཐོབ་ཐང་གི་གནས་བབ་ཆ་ནས་ཆེས་སྡུག་ཤོས་དེ་ཡིན་པ་ཐེར་འདོན་གནང་འདུག

རྩ་བའི་སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༡༧ ནས་ད་བར་རྒྱ་ནག་སྲིད་གཞུང་གིས་ཁུལ་དེར་བཙན་བཟུང་དང་། གར་སོང་ཆ་མེད་དུ་གྱུར་བ། ཁྲིམས་མཐུན་མིན་པའི་སྲོག་ཐོག་ཉེས་ཆད་སོགས་ཁུལ་དེར་གནས་སྡོད་མི་མང་རྣམས་ཀྱི་རང་དབང་དང་བདེ་འཇགས་ལ་ཉེན་ཚབས་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དེ་རེའུ་མིག་དང་བརྒྱ་ཆ་སྤྲོད་བབ་ཐོག་མངོན་གསལ་གནང་ཡོད་སྟབས། མི་མང་གི་བདེ་འཇགས་ལ་སྤྱི་ཡོངས་བརྒྱ་ཆ་ ༡༠ ནས་ ༢་༨ ཡིན་པ་ཙམ་དུ་མ་ཟད། གཞན་ཡང་མི་མང་འདུ་འཛོམས་དང་། སྨྲ་བརྗོད་རང་དབང་། དེ་བཞིན་ཆོས་དད་རང་དབང་སོགས་ཀྱི་གནས་བབ་སྤྱི་ཡོངས་བརྒྱ་ཆ་ ༡༠ ནས་ ༡་༩ བཅས་མི་མང་གི་ནུས་པའམ་དབང་ཆ་མེད་པའི་གནས་སྟངས་ཆེས་སྡུག་ཤོས་དེ་ཡིན་པ་གསལ་བཏོན་བརྒྱུད་རྒྱ་ནག་ནང་མི་མང་གི་གཞི་རྩའི་རང་དབང་དང་ཆབ་སྲིད་ཀྱི་རང་དབང་གཉིས་ལ་དམ་བསྒྲགས་ཧ་ཅང་ཆེན་པོ་ཡོད་པ་ཐེར་འདོན་གནང་འདུག

སྙན་ཐོ་དེའི་ནང་ད་དུང་དཔལ་འབྱོར་གྱི་གནས་བབ་ཆ་ནས་རྒྱ་ནག་དེ་ཡར་རྒྱས་ཀྱི་རྣམ་པ་མངོན་ཡོད་ཀྱང་། སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དང་། གྲངས་ཉུང་མི་རིགས་དེ་དག་ལ་མཚོན་ན་དཔལ་འབྱོར་གྱི་གཞི་རྩའི་རང་དབང་དང་བྲལ་ཡོད་པ་མངོན་གསལ་གནང་འདུག

མ་ཟད་ཧོང་ཀོང་ལྟ་བུ་ཆ་མཚོན་ན། ཉེ་བའི་ལོ་ཤས་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཉམས་གུད་དུ་འགྲོ་བཞིན་ཡོད་པ་མངོལ་གསལ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༩ དང་ ༢༠༢༠ ནང་དམངས་གཙོའི་ལས་འགུལ་ཤུགས་ཆེ་སྤེལ་རྐྱེན་ཁུལ་དེར་དམ་བསྒྲགས་ཆེ་ཆེར་གྱིས་མི་མང་འདུ་འཛོམས་གྱི་གནས་བབ་བརྒྱ་ཆ་ ༤༠ ཙམ་ཉམས་གུད་དང་སྨྲ་བརྗོད་རང་དབང་གི་གནས་བབ་དེ་བརྒྱ་ཆ་ ༣༣ ཉམས་གུད་དུ་ཕྱིན་པ་ཐེར་འདོན་གནང་བ་དང་ཆབས་ཅིག འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཚད་འཇལ་ཚོགས་པ་དེའི་མགྲིན་ཚབ་པ་ལྕམ་སྐུ་ Thalia Kehoe Rowden ལགས་ཀྱིས་ཕྱི་ལོ་ ༢༠༡༩ ནས་ད་བར་ཧོང་ཀོང་ནང་གི་དམངས་གཙོའི་ཐོབ་ཐང་དང་རང་དབང་དེ་ཆེས་འཇིགས་སུ་རུང་བའི་གནས་སུ་གྱུར་ཡོད་པ་གསུངས་འདུག

གཞི་རྩའི་རྒྱ་ནག་ནང་མི་མང་གི་གཞི་རྩའི་རང་དབང་དང་ཆབ་སྲིད་ཀྱི་རང་དབང་ཐད་དམ་བསྒྲགས་ཧ་ཅང་ཤུགས་ཆེ་ཡོད་སྟབས། དེ་འབྲེལ་གནས་བསྡུས་སམ་གྲངས་མཐོ་ཚད་ལྡན་རག་ཐབས་དཀའ་བས། ཞིབ་འཇུག་ཆེད་རྒྱལ་ཁབ་མང་པོའི་གསར་འགོད་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་བྱེད། དེ་བཞིན་ཁྲིམས་རྩོད་པ་སོགས་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་དེ་དག་ལ་འབྲེལ་གཏུག་དང་ཁུངས་ལྡན་གྱི་གནས་ཚུལ་མཁོ་སྒྲུབ་བརྒྱུད་འདོན་སྤེལ་གནང་བ་ཞིག་ཆགས་ཀྱི་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།