Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ལ་སྐྱོན་བརྗོད་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་མ་གནང་བར་བློ་ཕམ་ཡོད་ཅེས་གསུངས་འདུག

Tibetan News Headlines

  • Dalai Lama honored with PV Narasimha Rao Memorial Award
  • Xi Jinping appoints senior diplomat Xu Feihong as China’s new envoy to India
  • US revokes licences for supply of chips to China’s Huawei
  • China’s Xi Arrives in Serbia to Bolster Ties With Europe’s East
  • Kyirong Jowo welcomed into the Main Temple in Dharamshala for public viewing and worship

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༨

  • ༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།
  • Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག
  • ཨ་རིས་རྒྱ་ནག་ཧྭའོ་ཝེ་བཟོ་ལས་ཁང་ལ་ཁ་པར་བཟོ་སྐྲུན་སོགས་ཀྱི་ནང་བཀོལ་སྤྱོད་བྱེད་པའི་ Chip མཁོ་སྤྲོད་ཀྱི་ཆོག་མཆན་ཕྱིར་
  • ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཁྲོད་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ Serbia ནང་དུ་འབྱོར་བ།
  • སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་རྟེན་ངོ་སྤྲོད།

ཕྱི་ཟླ་ ༦ ཚེས་ ༡༥ ཉིན་ཉི་ཧོང་གི་གྲོས་ཚོགས་ཚོགས་འདུའི་ཉིན་མཐའ་མར་གྲོས་ཚོགས་འོག་མའི་ཚོགས་ཁང་དུ་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་མི་རིགས་ཁག་གི་སྐུ་ཚབ་རྣམས་ཐུན་མོང་ལྷན་འཛོམས་ཀྱིས་གསར་འགོད་བསལ་བསྒྲགས་ཤིག་སྤེལ་བར་ཉི་ཧོང་གྲོས་ཚོགས་གོང་མར་རྒྱ་ནག་ལ་སྐྱོན་བརྗོད་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་མ་གནང་བར་བློ་ཕམ་ཡོད་ཅེས་གསུངས་འདུགའདས་པའི་ཕྱི་ཟླ་ ༢ ཚེས་ ༡ ཉིན་ཉི་ཧོང་གི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་གིས་རང་ཉིད་ཀྱི་དབང་བསྒྱུར་འོག་ཡོད་པའི་བོད་དང་ཡུ་གུར། ལྷོ་སོག་སོགས་ཀྱི་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་བཏང་བར་མ་ཟད་ཁྱིམ་མཚེས་རྒྱལ་ཁབ་གཞན་གྱི་ས་མཚམས་ཁུལ་དུ་བཙན་འཛུལ་གྱི་གནས་སྟངས་སོགས་བྱུང་བའི་ཁྲོད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་ཁྲིམས་འཆར་ཞིག་གཏན་འབེབས་བྱུང་ཡོད་ཀྱང་། ཐེངས་འདིར་གྲོས་ཚོགས་གོང་མར་ཁྲིམས་འཆར་དེ་ཉིད་གཏན་འབེབས་གནང་བའི་རེ་བ་ཞུས་ཡོད་ཀྱང་དོན་འབྲས་སོན་མེད།

ཉེ་ཆར་ཕྱི་ཚེས་ ༡༥ ཉིན་གྲོས་ཚོགས་འོག་མའི་ཚོགས་ཁང་ནང་དུ་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཐར་གྲོལ་མཐུན་ཕྱོགས་ (Free Indo-Pacific Alliance) ཀྱིས་གོ་སྒྲིག་འོག་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཟུར་པ་སྐུ་ཞབས་ Nagao Takashi ལགས་དང་རྩོམ་པ་པོ་སྐུ་ཞབས་ Miura Kotaro ལགས་རྣམ་གཉིས་ཀྱིས་གཙོ་སྐྱོང་གནང་སྟེ་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་མི་རིགས་ཁག་གི་སྐུ་ཚབ་ཐུན་མོང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང་ཆབས་ཅིག གྲོས་ཚོགས་གོང་མའི་འཐུས་མི་རྣམས་ནས་ཁྲིམས་འཆར་གཏན་འབེབས་ཆེད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།སྐབས་དེར་ཉི་ཧོད་སྐུ་ཚབ་དོན་གཅོད་ཨཱརྱ་ཚེ་དབང་རྒྱལ་པོ་ལགས་མཉམ་ཞུགས་གནང་འདུག་པ་དང་། ཉི་ཧོང་གི་གྲོས་ཚོགས་གོང་མར་རྒྱ་ནག་གཞུང་གི་བྱ་སྤྱོད་ཁག་ལ་སྐྱོན་བརྗོད་དང་འབྲེལ་བའི་ཁྲིམས་འཆར་དེ་ཉིད་གཏན་འབེབས་བྱུང་ཐུབ་མེད་པར་བློ་ཕམ་ཡོད་ཅེས་གསུངས་འདུག

གསར་འགོད་གསལ་བསྒྲགས་སྐབས་ཡུ་གུར་མི་རིགས་ཀྱི་སྐུ་ཚབ་Gulistan Ezz ལགས་དང་ལྷོ་སོག་སྐུ་ཚབ་འབུམ་རམས་པ་ Govrud Archa ལགས། འཛམ་གླིང་སོག་རིགས་མཐུན་ཚོགས་ཀྱི་སྐུ་ཞབས་ Darhad Haschuluu ལགས། Stop Medica Genocide ཚོགས་པའི་སྐུ་ཞབས་ Nemoto Yukio ལགས་བཅས་ཕེབས་ཡོད་པ་དང་། ཁོང་རྣམ་པའི་གསུང་བཤད་ཁྲོད་དེ་འབྲེལ་ཁྲིམས་འཆར་གཏན་འབེབས་བྱུང་མེད་པར་བློ་ཕམ་ཡོད་ཅེས་གསུངས་པ་དང་སྦྲགས། གྲོས་ཚོགས་གོང་མའི་ནང་དེ་ལྟར་གཏན་འབེབས་གནང་བའི་འབོད་སྐུལ་སོགས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།