Tibetan Royal Year of 2151 | Year of the Wood Dragon

ཡུ་གུར་གྱི་གནད་དོན་དང་འབྲེལ་བའི་ལས་རིམ་ཐོག་མཉམ་ཞུགས་གནང་བར་རྒྱ་ནག་གིས་ཉེན་བརྡ།

Tibetan News Headlines

  • Dalai Lama honored with PV Narasimha Rao Memorial Award
  • Xi Jinping appoints senior diplomat Xu Feihong as China’s new envoy to India
  • US revokes licences for supply of chips to China’s Huawei
  • China’s Xi Arrives in Serbia to Bolster Ties With Europe’s East
  • Kyirong Jowo welcomed into the Main Temple in Dharamshala for public viewing and worship

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༨

  • ༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།
  • Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག
  • ཨ་རིས་རྒྱ་ནག་ཧྭའོ་ཝེ་བཟོ་ལས་ཁང་ལ་ཁ་པར་བཟོ་སྐྲུན་སོགས་ཀྱི་ནང་བཀོལ་སྤྱོད་བྱེད་པའི་ Chip མཁོ་སྤྲོད་ཀྱི་ཆོག་མཆན་ཕྱིར་
  • ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཁྲོད་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ Serbia ནང་དུ་འབྱོར་བ།
  • སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་རྟེན་ངོ་སྤྲོད།

རྒྱ་ནག་གཞུང་གིས་དགག་བྱ་ཤུགས་ཆེར་བྱས་པར་ལྟོས་མེད་ཁ་སང་རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་རྒྱ་གཞུང་གིས་ཡུ་གུར་མི་རིགས་རྣམས་ལ་སྡུག་སྦྱོང་མནར་གཅོད་ཚབས་ཆེན་གཏོང་བཞིན་པའི་གནད་དོན་དང་འབྲེལ་བའི་ལྷན་ཚོགས་ཐོག་མཉམ་ཞུགས་བྱས་འདུག

ཕྱི་ཟླ་ ༩ ཚེས་ ༡༩ ཉིན་ཨ་རི་ནིའུ་ཡོག་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༧༨ དབུ་འཛུགས་དང་འབྲེལ། ཨ་རིའི་གྲོང་ཁྱེར་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ Atlantic council ཞེས་སྲིད་བྱུས་ཉམས་ཞིབ་ཁང་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་གསུམ་ཟུང་སྦྲེལ་ཐོག་རྒྱ་གཞུང་གིས་ཡུ་གུར་མི་རིགས་རྣམས་ལ་སྡུག་སྦྱོང་མནར་གཅོད་ཚབས་ཆེན་གཏོང་བཞིན་པའི་གནད་དོན་དང་འབྲེལ་ཟུར་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་དང་། རྒྱ་གཞུང་གིས་དེར་སྐྱོན་བརྗོད་དང་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་མཉམ་ཞུགས་གནང་རྒྱུ་མེད་ཅེས་ཉེན་བརྡ་བཏང་འདུག

རྒྱལ་སྤྱིའི་ཚོགས་པ་ཆེ་ཁག་གསུམ་གྱིས་ཤིན་ཅང་ནང་གི་ཆེས་ཞན་པའི་གནས་སྟངས་དང་འབྲེལ་ཟུར་ཚོགས་ཤིག་སྐོང་ཚོགས་གནང་རྒྱུའི་གནས་ཚུལ་དེ་ཕྱིར་ཐོན་མ་ཐག་ཟླ་ ༩ ཚེས་ ༡༤ ཉིན་རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་ཡིག་འབྲེལ་བྱས་པའི་ནང་ལྷན་ཚོགས་དེ་ཉིད་གོ་སྒྲིག་ཞུ་མཁན་གྱི་ཚོགས་པ་གསུམ་པོ་རྒྱ་ནག་གི་ཁ་གཏད་ ཚོགས་པ་ཞིག་ཡིན་པ་དང་རྣམ་ཀུན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་ལ་མིང་རྗེས་ངན་པ་བཟོ་ཐབས་ཀྱི་ལས་དོན་མང་པོ་སྤེལ་གྱི་ཡོད་སྐོར་འགྲེལ་ལོག་དང་ཆབས་ཅིག་ལྷན་ཚོགས་ཐོག་མཉམ་ཞུགས་གནང་རྒྱུ་མེད་ཅེས་རེ་སྐུལ་བྱས་འདུག་པར་མཟད། ཤིན་ཅང་གི་གནད་དོན་དེ་རྒྱ་ནག་རྒྱལ་ནང་གི་གནད་དོན་ཡིན་པར་ཚོགས་མི་རྣམས་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་མཚམས་འཇོག་དགོས་པའི་ཉེན་བརྡ་ནན་པོ་བཏང་འདུག

གནད་དོན་དེ་དང་འབྲེལ་ Atlantic council ཞེས་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་གཙོ་སྐུ་ཞབས་  Frederick Kempe ལགས་ཀྱིས་རྒྱ་གཞུང་གིས་ཤིན་ཅང་ནང་གི་ཡུ་གུར་གཙོ་བོར་གྱུར་པའི་ཁ་ཆེའི་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་དང་། ཡུ་གུར་བ་རྣམས་ཁྲིམས་མེད་ལུང་མེད་སྒོ་ནས་འཛིན་བཟུང་བཀག་ཉར་དང་ཁོང་རྣམ་པར་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རྣམས་འཐེར་འདོན་གྱིས་གནད་དོན་དེའི་ཐད་རྒྱ་གཞུང་ལ་ངལ་བ་འཛེམས་མེད་ཀྱིས་སྐྱོན་བརྗོད་གནང་གི་ཡིན་པར་གསུངས་ཡོད།  

ཡུ་གུར་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ལྕམ་སྐུ་ Rayhan Asat ལགས་ཀྱིས་རྒྱ་ནག་གཞུང་གིས་ལྷན་ཚོགས་དེར་དགག་བྱ་ཤུགས་ཆེར་བྱས་པ་དེས་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་གཙོས་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་རྩ་ཆེན་རིན་ཐང་ལ་བརྩི་མེད་བཏང་བར་མཚོན་ཐུབ་ཀྱི་ཡོད་ཅེས་འགྲེལ་བརྗོད་དང་ཆབས་ཅིག་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་ཀྱིས་ཤིན་ཅང་ནང་གི་ཆེས་ཞན་པའི་གནས་སྟངས་དེ་དག་འཕྲལ་མར་མཚམས་འཇོག་ཡོང་སླད་ཐུན་མོང་ཐོག་རྒྱ་གཞུང་ལ་སྐྱོན་བརྗོད་དང་གདོང་ལེན་ནན་པོ་གནང་དགོས་པའི་ཞེན་སྐུལ་གནང་འདུག

གཞི་རྩའི་ཁ་སང་ཉིན་རྒྱབ་ཀྱི་ལྷན་ཚོགས་ཐོག་ཨ་རི་དང་ཇར་མ་ནི། ཡོ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་སྐུ་ཚབ་གཙོ་གྱུར་ས་གནས་ཡུ་གུར་བ། རྒྱ་རིགས་མང་གཙོ་དོན་གཉེར་བ་བཅས་མི་རིགས་འདྲ་མིན་མཉམ་ཞུགས་གནང་ཡོད་པ་དང་། གནས་ཚུལ་དཔྱད་ཞིབ་པ་འགས་རྒྱ་གཞུང་གི་དགག་བྱར་ལྟོས་མེད་ཡུ་གུར་གྱི་གནད་དོན་དང་འབྲེལ་ལྷན་ཚོགས་ཚགས་ཚུད་བྱུང་བ་ནི་རྒྱ་ནག་ལ་བརྡ་ལན་ཤུགས་ཆེ་གནང་བ་ཞིག་ཆགས་ཀྱི་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།