Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་རྣམས་ཀྱི་གནས་སྟངས་གསལ་བཟོ་དགོས་པ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

སུད་སི་ཇི་ནི་ཝ་གྲོང་ཁྱེར་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༤ འཚོགས་བཞིན་པ་དང་བསྟུན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་ནས་ལྷན་ཚོགས་དེར་བོད་དོན་བསྒྲགས་གཏམ་གཉིས་སྒྲོགས་སྦྱང་བརྒྱུད་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་རྣམས་ཀྱི་གནས་སྟངས་ཇི་ཆགས་ཁ་གསལ་བཟོ་དགོས་པའི་སྐུལ་མ་གནང་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཇར་མ་ནི་སྡེ་ཚན་གྱི་འགན་འཛིན་ Kai Muller ལགས་ཀྱིས་ Helsinki འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་བརྒྱུད་ནས་མཉམ་ཞུགས་གནང་སྟེ་རྒྱ་གཞུང་གིས་བོད་མི་གང་བྱུང་དུ་འཛིན་བཟུང་བཀག་ཉར་གྱིས་བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་བཞིན་པའི་གནད་དོན་ཐོག་བསྒྲགས་གཏམ་ཞིག་སྒྲོག་སྦྱང་གནང་བའི་ནང་རྒྱ་གཞུང་གི་བཙོན་འཇུག་འོག་དཀའ་སྡུག་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་གནད་དོན་ལུང་འདྲེན་གནང་སྟེ། རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་འབྲེལ་བོད་མི་གང་བྱུང་དུ་འཛིན་བཟུང་བཀག་ཉར་དང་དུས་ཡུན་རིང་པོར་ཁྲིམས་འགལ་ཐོག་ནས་བཀག་སྐྱིལ་བྱས་ཏེ་བཙན་དབང་གིས་ཉེས་འཛུགས་ཁས་ལེན་དགོས་པ་བཟོས་པར་མ་ཟད། དྲང་བདེན་གྱི་ཁྲིམས་ཞིབ་མེད་པའི་ཁར་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚད་མེད་བཏང་སྟེ་འབྲེལ་ཡོད་ནང་མིར་དོ་བདག་དེ་བཙོན་ཁང་གང་དུ་བཀག་ཉར་བྱས་པ་དང་གཟུགས་གཞིའི་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་གང་ཡང་ཐུབ་ཀྱི་མེད་པ་སོགས་ཐེར་འདོན་གནང་འདུག ལྷག་དོན་སྐུ་ཞབས་ Kai Muller ལགས་ཀྱིས་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་ལས་དོན་རྟོག་ཞིབ་ཚོགས་ཆུང་ལ་བོད་ནང་གི་བོད་མི་གར་སོང་ཆ་མེད་དུ་གྱུར་བའི་ཛ་དྲག་གནས་སྟངས་ཐོག་ཞིབ་འཇུག་སྙན་ཐོ་འདོན་སྤེལ་གནང་བར་བཀྲིན་ཆེ་ཞུས་པ་དང་འབྲེལ། བོད་མི་རྣམས་ཀྱིས་ཞི་བའི་ཐོག་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་དང་ཆོས་ཕྱོགས་ཀྱི་བྱ་བ་བསྒྲུབ་པར་རྒྱ་གཞུང་གིས་བཙན་དབང་དང་མནར་གཅོད་ཚད་མེད་བཏང་སྟེ་བོད་མི་གྲངས་ལས་འདས་པ་གར་སོང་ཆ་མེད་དུ་འགྱུར་བཞིན་པའི་གནས་ཚུལ་འཐེར་འདོན་གནང་ནས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འཐུས་མི་རྒྱལ་ཁབ་ཚོས་འཚོག་ལ་ཉེ་བའི་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་སྐབས་རྒྱ་གཞུང་ལ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་རྣམས་ཀྱི་ད་ཡོད་གནས་སྟངས་ཇི་ཆགས་གསལ་པོ་བཟོ་དགོས་པར་མ་ཟད། རྒྱ་གཞུང་གི་ངོས་ནས་ཆེས་སེམས་འཚབ་སློང་གཞི་ཅན་གྱི་ལམ་སྲོལ་དེ་དག་མཚམས་འཇོག་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཁག་འགན་ཁུར་དགོས་པ་ཞིག་བཟོ་དགོས་པའི་རེ་འདུན་ཞུས་འདུག

དེ་བཞིན་ཟླ་ ༩ ཚེས་ ༡༨ ཉིན་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ Melanie Blondelle  ལགས་ཀྱིས་ཀྱང་ Helsinki Foundation གཞུང་འབྲེལ་མིན་པའི་མཚན་ཐོག་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱ་གཞུང་གིས་བོད་ཀྱི་ས་གནས་ཁག་ཏུ་དབུལ་ཕོངས་ལས་གྲོལ་ཐོབས་དང་ལས་རིགས་སྦྱོང་བརྡར་སོགས་ཀྱི་མིང་བྱང་འོག་བོད་མི་རང་ས་ནས་གནས་སྤོ་བཏང་སྟེ་བཀག་སྐྱིལ་ཁང་དུ་བཀག་ཉར་དང་ངལ་རྩོལ་བསྒྱུར་བཀོལ་གྱི་ལས་རིགས་སྣ་ཚོགས་བྱེད་བཅུག་ཡོད་པ་སོགས་གསལ་འདོན་དང་སྦྲགས། རྒྱ་ནག་གཞུང་ནས་བོད་ནང་བཀག་སྐྱིལ་ཁང་ཆེད་འཛུགས་ཀྱིས་གདུག་རྩུབ་ཅན་གྱི་ངལ་རྩོལ་བསྒྱུར་བཀོལ་གྱི་ལས་གཞི་ལག་བསྟར་བྱེད་བཞིན་པ་རྣམས་ཕྱི་གསལ་ནང་གསལ་བཟོ་དགོས་པ་སོགས་གསུངས་འདུག

ཁོང་གིས་ད་དུང་རྒྱལ་ཚོགས་ཀྱི་ངལ་རྩོལ་བསྒྱུར་བཀོལ་རང་དབང་ཐོག་གི་དམིགས་བསལ་ཚོགས་ཆུང་ནས་སྔ་ལོའི་ཕྱི་ཟླ་ ༧ ནང་རྒྱ་གཞུང་གིས་སྤེལ་བཞིན་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་མི་སེར་འཛིན་བཟུང་དང་ངལ་རྩོལ་བསྒྱུར་བཀོལ་གྱི་ལས་གཞི་ཐད་ཆེས་བློ་འཚབ་ཀྱི་རྣམ་པ་མངོན་གསལ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ བོད་ནང་གི་ངལ་རྩོལ་བསྒྱུར་བཀོལ་གྱི་རྣམ་པ་དང་བོད་མི་རྣམས་ནས་ངལ་རྩོལ་བསྒྱུར་བཀོལ་གྱི་ལས་རིགས་དེ་དག་ནང་མཉམ་ཞུགས་གནང་རྒྱུའི་དང་ལེན་གནང་གི་མེད་པའི་དངོས་ཡོད་གནས་སྟངས་ཤིག་མཚོན་ཐུབ་ཀྱི་འདུག་ཅེས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།