Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་མདུན་དུ་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ།

Tibetan News Headlines

  • Dalai Lama honored with PV Narasimha Rao Memorial Award
  • Xi Jinping appoints senior diplomat Xu Feihong as China’s new envoy to India
  • US revokes licences for supply of chips to China’s Huawei
  • China’s Xi Arrives in Serbia to Bolster Ties With Europe’s East
  • Kyirong Jowo welcomed into the Main Temple in Dharamshala for public viewing and worship

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༨

  • ༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།
  • Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག
  • ཨ་རིས་རྒྱ་ནག་ཧྭའོ་ཝེ་བཟོ་ལས་ཁང་ལ་ཁ་པར་བཟོ་སྐྲུན་སོགས་ཀྱི་ནང་བཀོལ་སྤྱོད་བྱེད་པའི་ Chip མཁོ་སྤྲོད་ཀྱི་ཆོག་མཆན་ཕྱིར་
  • ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཁྲོད་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ Serbia ནང་དུ་འབྱོར་བ།
  • སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་རྟེན་ངོ་སྤྲོད།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཟླ་བ་འདིའི་ཕྱི་ཚེས་ ༡༩ ནས་ཕྱི་ཚེས་ ༢༦ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་ ༧༨ པ་འཚོགས་བཞིན་པའི་ཐོག་རྒྱ་ནག་གི་སྐུ་ཚབ་ཏུ་སྲིད་འཛིན་གཞོན་པ་ཧེནཱ་ཀྲཱང་ Han Zheng མཉམ་ཞུགས་བྱས་པར་བརྟེན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཁ་སང་བོད་མི་དམར་གསོད་གཏོང་མཁན་ལག་དམར་བ་ཁོ་པ་ལྷན་ཚོགས་ཐོག་མཉམ་ཞུགས་བྱ་རྒྱུའི་འོས་བབ་མེད་ཅེས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་རྣམས་ཀྱིས་གཙོས་པའི་ས་གནས་བོད་མི་དང་། རྒྱབ་སྐྱོར་བ་ཚོས་སྐབས་དེར་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་མངོན་གསལ་དང་ལྷག་པར་རྒྱ་གཞུང་གིས་བོད་ནང་ཆེད་གཉེར་བྱེད་བཞིན་པའི་གཏན་འཇགས་སློབ་གྲྭར་བོད་པའི་བྱིས་པ་རྣམས་བཙན་དབང་གིས་བཅུག་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་སྲིད་བྱུས་དེ་འཕྲལ་མར་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་འོག་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

སྐབས་དེའི་ངོ་རྒོལ་གྱི་ལས་འགུལ་སྣེ་ཁྲིད་གནང་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་བར་རྒྱ་ནག་གི་སྲིད་འཛིན་གཞོན་པ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་བསྟུན་ཁོ་པར་བརྡ་ལན་གསལ་པོ་ཞིག་སྤྲོད་ཐབས་དང་འབྲེལ་ཏེ། རྒྱ་ནག་གཞུང་གིས་བོད་ནང་ལ་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཁར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་མ་ཟད། ལྷག་པར་དུ་དེང་རབས་ཅན་གྱི་འཛུགས་སྐྲུན་ཡར་རྒྱས་ལས་གཞིར་ཁག་དཀྲི་བྱས་ནས་རྒྱ་གཞུང་གིས་ཆེད་གཉེར་བྱེད་བཞིན་པའི་གཏན་འཇགས་སློབ་གྲྭར་བོད་པའི་བྱིས་པ་རྣམས་བཙན་དབང་གིས་བཅུག་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་སྲིད་བྱུས་དེ་དག་འཕྲལ་མར་ཉིད་དུ་མཚམས་འཇོག་དགོས་ཞེས་གསུངས་འདུག

དེ་དང་ཕྱོགས་མཚུངས་སུད་སི་ཇི་ནི་ཝའི་གྲོང་ཁྱེར་དུ་ཕྱི་ཚེས་ ༡༡ ནས་ཟླ་ ༡༠ ཚེས་ ༡༣ བར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༤ འཚོགས་བཞིན་པ་དང་བསྟུན། ཕྱི་ཚེས་ ༡༨ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་སྣེ་ཁྲིད་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་གསལ་སྟོན་དང་སྦྲགས་ཏེ་གཞི་རྒྱ་ཆེ་བའི་ཞི་རྒོལ་གྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད།

རྩ་བའི་ཁ་སང་ཨ་རིའི་ནིའུ་ཡོག་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཧེནཱ་ཀྲཱང་ Han Zheng ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། རྒྱ་རིགས་མང་གཙོ་དོན་གཉེར་བ། ཕ་ལུང་གོང་རྩ་རླུང་སྒོམ་སྒྲུབ་ཚོགས་པ། ཡུ་གུར་བ། དེ་བཞིན་ཧོང་ཀོང་གི་ལས་འགུལ་བ་སོགས་མཉམ་ཞུགས་གནང་ཡོད་པ་རེད། པར་ཁག ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ལྷན།

འབྲེལ་ཡོད་གསར་གནས།

གསར་གནས།