Tibetan Royal Year of 2151 | Year of the Wood Dragon

རྣ་ཐོས་ལ་བར་གོམ་བགྲོད་གནང་མཁན་བསྟན་འཛིན་དོན་གྲུབ་ལགས་ཅན་རྡི་གྷར་འབྱོར་བ།  

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་དང་བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་རྒྱུ། དེ་བཞིན་རྒྱ་གར་དང་བོད་ཀྱི་ས་མཚམས་དབར་རྒྱ་དཀར་ནག་གཉིས་ཀྱི་རྙོག་འཛིང་གི་རྐྱེན་གྱིས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་གནང་རྒྱུ་མེད་པ་བཅས་དགོས་འདུན་དོན་ཚན་གསུམ་གྱི་ཐོག་ནས་བསྟན་འཛིན་དོན་གྲུབ་ལགས་ཀྱིས་ཟླ་ ༡༡ ཚེས་ ༢ ཉིན་བཞུགས་སྒར་དྷརྨ་ས་ལ་ནས་དབུ་འཛུགས་ཀྱིས་རྣ་ཐོས་ལའི་ས་མཚམས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་ཡོད་པ་དང་།  ཁ་སང་དགོང་མོ་ཁོང་སྤྱི་ལེ་ ༢༤༠ ལྷག་བརྒལ་ནས་རྒྱ་གར་གྱི་གྲོང་ཁྱེར་ཅན་རྡི་གྷར་ནང་འབྱོར་འདུགབསྟན་འཛིན་དོན་གྲུབ་ལགས་ཁ་སང་ཅན་རྡི་གྷར་འབྱོར་མ་ཐག་ས་གནས་དེར་གནས་བཞུགས་བོད་མི་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག་པ་དང་། དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡༌༣༠ ཐོག་བོད་མི་ཁག་ཅིག་གིས་གོ་སྒྲིག་གནང་སྟེ་རྒྱ་གར་གྱི་གསར་འགོད་པ་དང་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་ཀྱང་གནང་ཐུབ་པ་བྱུང་འདུག ཁོང་གིས་གཞི་རྩའི་བོད་མི་རྣམས་རྒྱ་གར་ནང་དུ་གཞིས་ཆགས་ནས་ལོ་ངོ་ ༥༠ ལྷག་སོང་ཀྱང་ད་དུང་རྒྱ་གར་བ་མང་དག་ཅིག་ནས་བོད་མི་བོད་མི་ཡིན་པར་ར་མ་འཕྲོད་པའི་གནས་སྟངས་འབྱུང་བཞིན་ཡོད་སྟབས། གོམ་བགྲོད་འདིའི་ཁྲོད་ས་གནས་ཡུལ་མིར་བོད་མིའི་ངོ་བོ་དང་བཙན་བྱོལ་ལ་གྱར་དགོས་པའི་རྒྱབ་ལྗོངས་ཀྱི་དེ་བྱུང་སོགས་འགྲེལ་བརྗོད་གནང་སྟེ་ཞི་བའི་གོམ་བགྲོད་གནང་བ་འདིས་བོད་མིའི་རྩ་དོན་ལ་ཐུགས་ཕན་གསོས་པའི་རེ་བ་ཡོད་ཅེས་གསུངས་སོང་། བསྟན་འཛིན་དོན་གྲུབ་ལགས་དེ་རིང་དང་སང་བཅས་ཉིན་གྲངས་གཉིས་ཀྱི་རིང་ཅན་རྡི་གྷར་བཞུགས་རྒྱུ་དང་གནངས་སྔ་དྲོ་རྒྱལ་ས་ལྡི་ལིར་ཐོན་རྒྱུ་ཡིན་པ་རེད། སྤྱིར་ད་བར་ཁོང་ཁེར་རྐྱང་གིས་གོམ་བགྲོད་གནང་ཡོད་ཀྱང་། དེ་སྔ་བོད་མི་གསུམ་གྱིས་མ་ན་ལི་ནས་ལྡི་ལི་བར་གོམ་བགྲོད་གནང་སྐབས་ཅན་རྡི་གྷར་ནས་གོམ་བགྲོད་དེར་མཉམ་ཞུགས་གནང་མཁན་ཅན་རྡི་གྷར་ནས་ཡིན་པའི་ན་གཞོན་བསྟན་འཛིན་ཉི་མ་ལགས་བསྐྱར་དུ་ཐེངས་འདིའི་གོམ་བགྲོད་ནང་མཉམ་ཞུགས་གནང་གི་འདུགབསྟན་འཛིན་ཉི་མ་ལགས་ཀྱིས་རང་ཉིད་བོད་དོན་གྱི་འཐབ་རྩོད་ཀྱི་ཐོག་ལ་དུས་རྟག་ཏུ་སེམས་ཤུགས་ཡོད་མཁན་ཞིག་ཡིན་པ་དང་། ལྷག་དོན་ཟླ་ ༨ ཚེས་ ༢༣ སྟེ་རེས་གཟའ་ལྷག་པ་ལྷག་དཀར་ཉིན་མོ་དང་བསྟུན་བོད་མི་རྒན་པ་གསུམ་གྱིས་དང་བླངས་ཐོག་མ་ནཱ་ལི་ནས་རྒྱལ་ས་ལྡི་ལི་བར་བོད་དོན་ཞི་བའི་གོམ་བགྲོད་གནང་བ་མཐོང་སྐབས་སེམས་འགུལ་ཧ་ཅང་ཐེབས་ཡོད་པར་མ་ཟད། ལྡི་ལིར་འབྱོར་སྐབས་སུའང་བོད་པའི་ཨ་མ་ལགས་གཅིག་གིས་བོད་རྒྱལ་ལོ་ཟེར་ནས་འབོད་སྒྲ་སྒྲོག་པ་ཐོས་སྐབས་སེམས་ལ་བརྗོད་དཀའ་བའི་ཚོར་སྣང་ཞིག་སྦྱིན་བྱུང་བས་ད་ལན་སླར་ཡང་བོད་དོན་གོམ་བགྲོད་ལ་མཉམ་ཞུགས་གནང་སྟེ་བོད་དོན་ཐོག་ལ་གང་ཐུབ་གནང་རྒྱུར་འབད་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་ཡོད།རྩ་བའི་ད་ལྟ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་དཀའ་ཚེགས་ཆེ་བའི་དུས་སྐབས་འདིའི་ཁྲོད་འཛམ་གླིང་སྤྱིར་ངལ་བ་བཟོད་གླགས་མེད་པ་འཕྲད་བཞིན་ཡོད་སྟབས། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བྱེས་བཞུགས་བོད་མི་རྣམས་ནས་རྒྱ་ནག་གིས་ནད་ཡམས་དེར་སྟངས་འཛིན་ནན་པོ་མ་བྱེད་པ་དང་། ལྷག་པར་དུ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་རྡོག་རོལ་གཏོང་བའི་གནད་དོན་ཁག་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གླེང་ཐབས། དེ་བཞིན་རྒྱལ་སྤྱིའི་གཞུང་དང་ཚོགས་སྐྱིད་ཁག་གིས་རྒྱ་ནག་གི་ངོས་ནས་རང་ཉིད་ཀྱི་བྱེད་ཕྱོགས་དེ་དག་འགན་ཁུར་བར་བཟོ་དགོས་པའི་འབོད་སྐུལ་ཞུས་ཏེ་བྱེས་བཞུགས་བོད་མིའི་ཚོགས་སྒེར་གཉིས་ཀས་མ་སྐུལ་དང་བླངས་ཀྱིས་གཅིག་རྗེས་གཉིས་མཐུད་ཐོག་ལས་འགུལ་འདྲ་མིན་སྤེལ་མུས་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།