Tibetan Royal Year of 2151 | Year of the Wood Dragon

ལ་དྭགས་བོད་ཁྱིམ་རྒས་གསོ་ཁང་ནས་རིམས་ནད་ཕོག་མཁན་བོད་མི་སུམ་ཅུ་ཐོན་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

རྒྱལ་སྤྱི་ཁྱོན་དུ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ཕོག་མཁན་གྱི་གྲངས་འབོར་ཉིན་རེ་བཞིན་ཇེ་ཆེར་འཕར་བཞིན་ཡོད་པ་ལྟར། ཁ་སང་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་ནང་དུ་ཆགས་པའི་བོད་ཁྱིམ་རྒས་གསོ་ཁང་ནས་རང་ལོ་ ༦༠ ཡན་གྱི་བོད་མི་རྒན་གྲས་སུམ་ཅུར་ཏོག་དབྱིབས་གཉན་རིམས་ཕོག་པའི་གནས་ཚུལ་ཐོན་འདུག

རླུང་འཕྲིན་ཁང་གིས་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་སུ་བཀའ་འདྲི་ཞུས་པར་བོད་ཁྱིམ་རྒས་གསོ་ཁང་གི་ལས་བྱེད་ཨ་མ་ལགས་ཤིག་དེ་སྔ་ས་གནས་ཀྱི་སྨན་ཁང་ཞིག་ཏུ་ནད་གཡོག་ཕྱིན་རྗེས་མུ་མཐུད་རྒས་གསོ་ཁང་དུ་རྒན་འཁོགས་ལ་ལྟ་རྟོག་སོགས་ཀྱི་ཕྱག་ལས་གནང་སྟེ་ཉིན་གྲངས་བཅོ་ལྔ་ཙམ་གྱི་རྗེས་སུ་གཟུགས་གཞི་བདེ་མིན་གྱི་གནས་སྟངས་བྱུང་དོན་བཞིན་བརྟག་དཔྱད་གནང་མཐར་གཉན་རིམས་ཕོག་པ་ཤེས་རྟོགས་བྱུང་བ་མ་ཟད། རྗེས་སུ་ཨ་མ་ལགས་དངོས་སུ་ཕྱག་ལས་གནང་ས་རྒས་གསོ་ཁང་གི་རྒན་འཁོགས་རྣམས་ཀྱང་དེ་མཚུངས་བརྟག་དཔྱད་གནང་འབྲས་སུ་རང་ལོ་ ༦༠ ཡན་གྱི་བོད་མི་རྒན་གྲས་སུམ་ཅུར་ཏོག་དབྱིབས་གཉན་རིམས་ཕོག་པ་ཤེས་རྟོགས་བྱུང་སྐོར་གསུངས་སོང་།

ཏོག་དབྱིབས་རིམས་ནད་ཕོག་པའི་རྒན་འཁོགས་ ༣༠ དེ་དག་རང་ལོ་ ༦༠ ནས་ ༩༨ བར་ཆགས་ཀྱི་འདུག་པ་དང་ཁོང་རྣམས་ད་ལྟའི་ཆར་ས་གནས་རྫོང་གི་སྨན་ཁང་དང་འབྲེལ་བ་གནང་སྟེ་བོད་ཁྱིམ་གྱི་སྡོད་ཁང་ཁག་ཏུ་ཟུར་བཀག་བཞག་ནས་སྨན་བཅོས་སོགས་གནང་མུས་ཡིན་པ་རེད་འདུག དེ་དག་ཁྲོད་ད་ཆར་ཆེས་ཛ་དྲག་གི་གནས་སྟངས་གང་ཡང་མེད་ཀྱང་རྒན་འཁོགས་ལ་ལར་ངལ་བ་ཕྲན་བུ་ཡོད་སྟབས་ས་གནས་ཀྱི་འབྲེལ་ཡོད་ཚོས་གནས་སྟངས་ལ་གཞིགས་པའི་གྲ་སྒྲིག་ཨང་གསར་གནང་བཞིན་ཡོད་པ་རེད།

གཞི་རྩའི་བོད་ཁྱིམ་རྒས་གསོ་ཁང་ནང་ལ་རྒན་འཁོགས་ ༦༠ ལྷག་ཡོད་པ་ལས་ཁ་སང་བརྟག་དཔྱད་ཀྱི་གྲུབ་དོན་ཁྲོད་ཏོག་དབྱིབས་རིམས་ནད་ཕོག་མཁན་རྒན་འཁོགས་ ༣༠ ཙམ་ཡོད་པ་དེ་དག་ཀྱང་གཟུགས་གཞིའི་བདེ་ཐང་སོགས་ལ་དམིགས་ཏེ་ཟུར་བཀག་ཐོག་བཞག་ཡོད་པ་དང་། སྤྱིར་ལ་དྭགས་ས་གནས་བོད་མིའི་གཞིས་ཆགས་སྤྱི་ཡོངས་ནང་ལ་ཏོག་དབྱིབས་རིམས་ནད་ཕོག་མཁན་གསུམ་ཙམ་ལས་མེད་ཀྱང་། བློ་བུར་དུ་རྒས་གསོ་ཁང་ནས་རིམས་ནད་ཕོག་པ་ ༣༠ ཐོན་པར་བརྟེན་ལ་སྤྱིས་བོད་ཁྱིམ་གྱི་དབུ་འཛིན་དང་འབྲེལ་ཡོད་ཚོར་རིམས་ནད་འདི་སྤྱི་ཚོགས་ནང་ཁྱབ་གདལ་མི་འགྲོ་བར་འབད་བརྩོན་གནང་དགོས་པའི་ལམ་སྟོན་དང་དགོས་ངེས་ཀྱི་མཐུན་འགྱུར་ཁག་གནང་མུས་ཡིན་པ་རེད་འདུག     

ད་རེས་ལ་དྭགས་བོད་ཁྱིམ་རྒས་གསོ་ཁང་ནས་རྒན་འཁོགས་སུམ་ཅུ་ལ་ཏོག་དབྱིབས་ནད་ཡམས་ཕོག་པའི་གནས་ཚུལ་ཐོན་པ་འདི་ནི་ད་བར་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་ས་གནས་དང་སྡེ་ཚན་བྱེ་བྲག་པ་གྲངས་འབོར་མང་ཤོས་དེ་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།