སུད་སི་སྐུ་ཚབ་དོན་གཅོད་ཀྱིས་བྷོལ་ཛ་ནོའི་རང་སྐྱོང་མངའ་སྡེའི་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་འདུག

Tibetan News Headlines

  • Dalai Lama Attends Long Life Prayer Service at Gyuto Tantric Monastery
  • Gaden Tharpa Choling Monastery’s Efforts to Preserve Tibetan Language and Culture in Kalimpong
  • Where Dance Meets Food: Lhakyi’s Wednesday Food Stall at Stalingrad, France

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༢༨

  • ༸གོང་ས་མཆོག་རྒྱུད་སྟོད་གྲྭ་ཚང་གི་ཆོས་རྭ་དབུ་འབྱེད་དང་བརྟན་བཞུགས་ཀྱི་མཛད་སྒོར་དབུ་བཞུགས་མཛད་པ།
  • ཀ་སྦུག་ཁ་ཐོར་བོད་མིའི་གཞིས་ཆགས་སུ་བོད་ཀྱི་སྐད་ཡིག་དང་ནང་ཆོས་སློབ་གཉེར།
  • France stalingrad ཏུ་ཟས་རིགས་བཙོང་མཁན་ལྷ་སྐྱིད་ལགས་སུ་ཁོ་མོའི་ཚོང་གཉེར་དང་འབྲེལ་བཅར་འདྲི།

སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བྷོ་ཛ་ནོའི་ (Bolzano) རང་སྐྱོང་མངའ་སྡེའི་སྲིད་འཛིན་ཨར་ནོ་ཀོམ་པོཊ་ཤར་ (Arno Kompatscher) མཆོག་དང་ལྷན་དུ་གཞུང་འབྲེལ་མཇལ་འཕྲད་གནང་སྟེ། ཁུལ་དེའི་ནང་མ་འོངས་པར་སྐུའི་གོ་སྟོན་སྲུང་བརྩི་གནང་ཕྱོགས་སྐོར་ལ་བཀའ་བསྡུར་གནང་བ་དང་འབྲེལ། བྷོ་ཛ་ནོའི་གཞུང་གིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། མ་འོངས་པར་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཚིགས་སུ་གནས་ཚུལ་སྤེལ་བར་ལྟར་ན། འདི་ཚེས་ ༡༡ ཉིན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་དོན་གཅོད་ཁང་རྒྱལ་ཚོགས་ཞུ་གཏུགས་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་དང་། Eurac ཞིབ་འཇུག་ཁང་གི་ Dr. Gunther Cologna ལགས་དང་ལྷན་རྒྱས་ཨི་ཀྲ་ལིའི་བྱང་ཕྱོགས་སུ་ཆགས་པའི་བྷོལ་ཛ་ནོའི་རང་སྐྱོང་མངའ་སྡེའི་སྲིད་འཛིན་ཨར་ནོ་ཀོམ་པོཊ་ཤར་མཆོག་དང་ལྷན་དུ་གཞུང་འབྲེལ་གྱི་མཇལ་འཕྲད་གནང་ཡོད་པ་ཅིང་། སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སྐབས་དེར་སྲིད་འཛིན་མཆོག་ལ་འདི་ལོ་ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་སྤྱི་ནོར་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པ་ལྟར།  བོད་མི་སྒྲིག་འཛུགས་ཀྱིས་འཛམ་གླིང་ཡོངས་ལ་གོ་སྟོན་སྲུང་བརྩི་དང་ལོ་འདི་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་གནང་རྒྱུ་ཡིན་པའི་གསལ་བཤད་གནང་བ་དང་འབྲེལ། ཁུལ་དེའི་ནང་སྐུའི་གོ་སྟོན་སྲུང་བརྩི་གནང་ཕྱོགས་སྐོར་བཀའ་བསྡུར་ཞུས་པ་མ་ཟད། ༸གོང་ས་མཆོག་གི་ཕྱག་དེབ་ Voice for the Voiceless ཞེས་པ་ཇམ་མན་སྐད་དུ་བསྒྱུར་ཡོད་པ་དེ་ཕུལ་བ་དང་ཆབས་གཅིག  ཕྱག་དེབ་ནང་གསལ་བ་ལྟར་ད་བར་ བྷོ་ཛ་ནོའི་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་དང་མ་འོངས་པར་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག

པར་དབང་། བོད་མིའི་སྒྲིག་འཛུགས།

མ་ཟད་ཐེངས་འདིའི་མཇལ་འཕྲད་སྐབས་མངའ་སྡེའི་སྲིད་འཛིན་མཆོག་གིས་མ་འོངས་པར་བྷོལ་ཛ་ནོའི་དཔེ་མཛོད་ལྟེ་གནས་གསར་པའི་ནང་དུ་རང་སྐྱོང་དང་གྲངས་ཉུང་མི་རིགས་ཀྱི་ལྟེ་གནས་གསར་འཛུགས་གནང་འཆར་ཡོད་སྐོར་དང་། དེའི་ནང་བོད་ཀྱི་གནད་དོན་ཐོག་ལའང་སྡེ་ཚན་ཞིག་ཆེད་བཙུགས་གནང་རྒྱུ་ཡིན་ཞེས་གསུངས་འདུག གནད་དོན་དེའི་སྐོར་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་འགྲེལ་བརྗོད་དེ་ལྟར་གནང་སོང་།

པར་དབང་། བོད་མིའི་སྒྲིག་འཛུགས།

སྤྱིར་ཨི་ཀྲ་ལིའི་ཁྱབ་ཁོངས་བྷོལ་ཛ་ནོའི་རང་སྐྱོང་མངའ་སྡེ་ནི་བོད་མིའི་སྤྱི་ཚོགས་ལ་དུས་ཡུན་རིང་པོ་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་མ་ཟད། སྲིད་འཛིན་ཀོམ་པཊ་ཤར་མཆོག་གི་བྷོལ་ཛ་ནོའི་རང་སྐྱོང་མངའ་སྡེས་བོད་མིའི་སྤྱི་ཚོགས་ལ་དུང་ཡུན་རིང་པོ་ནས་འཕེལ་རྒྱས་ཀྱི་ལས་འཆར་ཁག་ལ་དངུལ་གྱི་རྒྱབ་སྐྱོར་གནང་ཡོད་པ་དང་ད་དུང་མུ་མཐུད་གནང་རྒྱུའི་དམིགས་ཡོད་ཅེས་བསྐྱར་ནན་བརྗོད་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། བྷོལ་ཛ་ནོའི་མངའ་སྡེའི་གཞུང་གིས་ཕྱི་ལོ་ ༡༩༩༣ ནས་བཟུང་སྐབས་དེའི་བཙན་བྱོལ་བོད་གཞུང་དང་ཐད་ཀར་འབྲེལ་བ་དབུ་འཛུགས་གནང་རྗེས། ད་ལྟ་བར་བྷོལ་ཛ་ནོའི་རང་སྐྱོང་མངའ་སྡེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་སྨན་པའི་ལས་འཆར་གྲངས་ ༤༠ ལྷག་ལ་ཡུ་རོ་ས་ཡ་ ༢ ཙམ་གྱི་རོགས་དངུལ་གནང་ཡོད་པ་དང་། དེའི་ནང་དུ་ཤེས་ཡོན་དང་སྤྱི་ཚོགས་ཀྱི་སྒྲོམ་གཞི་གསར་བསྐྲུན། ཞིང་ལས་ཡར་རྒྱས་སོགས་ཀྱི་ལས་གཞི་ཁག་གཅིག་ཚུད་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།