Tibetan Royal Year of 2151 | Year of the Wood Dragon

སེར་ཤུལ་རྫོང་ཉེན་རྟོག་པས་བོད་ཀྱི་བུད་མེད་གཉིས་འཛིན་བཟུང་བྱས་འདུག

Tibetan News Headlines

  • Rice planting with Tashi Tobgyal, Mainpat Tibetan Settlement’s Premier Farm Cultivator
  • Saga Dawa by Yangteng Rinpoche

རེས་གཟའ་ཉི་མ། ༢༠༢༤།༠༥།༡༢

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་བཀྲིས་སྟོབས་རྒྱལ་ལགས་དང་གླེང་མོལ།
  • ས་ག་ཟླ་བ་ངོ་སྤྲོད།

རྒྱ་གཞུང་ཉེན་རྟོག་པས་བོད་སེར་ཤུལ་རྫོང་ནས་བོད་ཀྱི་བུད་མེད་གཉིས་འཛིན་བཟུང་བྱས་འདུག་པ་དང་ད་ལྟའི་ཆར་ཁོང་རྣམ་གཉིས་ཀྱི་གནས་སྟངས་ཇི་ཆགས་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུག

ཟླ་བ་འདིའི་ཕྱི་ཚེས་ ༢ བོད་ཀྱི་དུས་བབ་གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གིས་སྤྱི་ཚོགས་དྲ་རྒྱར་ཞིབ་བཤེར་དང་དམ་བསྒྲགས་ཆེས་ཆེར་བྱས་ཏེ་བོད་ཁུལ་གྱི་ས་གནས་གང་སར་གློག་འཕྲིན་ཁ་བསླུས་དང་ཁྲིམས་འགལ་གྱི་ཉེས་མིང་འདྲ་མིན་འོག་ནས་བོད་མི་མང་དག་ཅིག་འཛིན་བཟུང་བྱས་དང་བྱེད་བཞིན་ཡོད་པ་བཞིན་སེར་ཤུལ་རྫོང་ཉེན་རྟོག་པས་བོད་ཀྱི་བུད་མེད་མཚོ་མོ་དང་ཉི་སྒྲོན་ཞུ་བ་གཉིས་འཛིན་བཟུང་བཙན་ཁྲིད་བྱས་ནས་གཟའ་འཁོར་གཉིས་མ་ཟིན་ཙམ་འགྲོ་བཞིན་ཡོད་པ་རེད་འདུག

བོད་མི་ཞིག་གིས་བོད་ཀྱི་དུས་བབ་གསར་ཁང་ལ་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་སེར་ཤུལ་རྫོང་སྐར་ཆེན་ཤང་ནས་ཡིན་པའི་བོད་རིགས་བུད་མེད་མཚོ་མོ་ལགས་དང་ཉི་སྒྲོན་ལགས་གཉིས་ཀྱིས་འཕྲིན་ཕྲན་ཚོགས་པ་མི་གྲངས་ ༣༢༠ ཡོད་པའི་རླུང་རྟ་ཡར་འགྲོ་ཚོགས་པ་དང་མི་གྲངས་ ༤༦༩ ཡོད་པ་ས་ཏ་ཚོགས་པ་གཉིས་ཀྱི་ནང་ནང་ཆོས་ངོ་སྤྲོད་དང་སྡིག་སྤངས་དགེ་བསྒྲུབ་ཀྱི་སྒྲ་ཐག་བརྒྱུད་སྐུལ་གནང་བའི་ཉེས་འཛུགས་ཀྱིས་སེར་ཤུལ་རྫོང་སྐར་ཆེན་གྲོང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་སེར་ཤུལ་རྫོང་ཉེན་རྟོག་ཁང་དུ་ཁྲིད་ཡོད་པར་འགྲེལ་བརྗོད་གནང་ཡོད་སྐོར་མངོན་གསལ་གནང་འདུག

ལྷག་པར་དུ་འདི་ལོ་ནང་སྐར་ཆེན་གྲོང་གཅིག་པུར་ཆོས་ཕྱོགས་དང་འབྲེལ་ནས་ཡུལ་མི་དུ་མ་ཞིག་འབོད་འགུག་དང་འདྲི་རྩད་བྱས་ཏེ་རིམ་བཞིན་གློད་བཀྲོལ་བཏང་འདུག་པ་དེ་ལྟར་ནའང་། བོད་ཀྱི་བུད་མེད་མཚོ་མོ་ལགས་དང་ཉི་སྒྲོན་ལགས་གཉིས་འཛིན་བཟུང་བྱས་ནས་གཟའ་འཁོར་གཉིས་མ་ཟིན་ཙམ་འགྲོ་བཞིན་ཡོད་པ་དང་། འབྲེལ་ཡོད་རྒྱ་གཞུང་ཉེན་རྟོག་པས་ཁོང་གཉིས་ཀྱི་ནང་མི་ཉེ་འབྲེལ་སོགས་ལ་བརྡ་ལན་ཙམ་ཡང་མ་སྤྲད་སྟབས། ཁོང་གཉིས་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་ བཀོད་འདུག

གཞི་རྩའི་མཚོ་མོ་ལགས་དང་ཉི་སྒྲོན་ལགས་གཉིས་ནི་རྣམ་ཀུན་ནས་དང་བླངས་ཐོག་ཆོས་ཕྱོགས་ཀྱི་གནང་སྒོར་མཉམ་ཞུགས་ཀྱིས་ཆོས་དད་ཡོད་པའི་མང་ཚོགས་ལ་སྨན་པའི་ཞབས་ཞུ་གཉེར་གྱི་ཡོད་ཅིང་། ཁྱད་པར་དུ་དབུལ་ཕོངས་ཉམ་ཐག་དང་བདག་མེད་བགྲེས་སོང་རྣམས་ལ་ཟླ་རེའི་བཟའ་ཆས་སོགས་མཁོ་སྒྲུབ་གནང་གི་འདུག

མཚོ་མོ་ལགས་དང་ཉི་དགའ་གཉིས་ལ་ཕྲུ་གུ་གཉིས་ཡོད་པ་དང་། ཁོང་གིས་སྐྱེ་དགུ་མདོར་མདའ་མའི་ཚོང་ཁང་ཟེར་བར་ཕྱག་ལས་གནང་གི་འདུག དེ་བཞིན་ཉི་སྒྲོན་ལགས་ནི་རང་ཉིད་ཀྱི་ཨ་མ་ལགས་དང་མཉམ་དུ་ཚོང་ལས་ཙག་ཙིག་གཉེར་ཏེ་མི་ཚེ་སྐྱེལ་གྱི་ཡོད་པ་རེད། པར་དབང་བོད་ཀྱི་དུས་བབ།

འབྲེལ་ཡོད་གསར་གནས།

གསར་གནས།