Tibetan Royal Year of 2151 | Year of the Wood Dragon

སྐུ་སྲུང་ཟུར་པ་རྣམས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྲུང་བ་ཟུར་པ་ ༢༩༣ཐོུང་གིས་མགོན་པོ་༸གང་ཉིད་མཆོག་ལ་དམིགས་བསལ་གྱི་བརྟན་བཞུགས་བསྟར་འབུལ་ཞུས་སོང།

དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་དེ་སྔ་བོད་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྲུང་བའི་ཞབས་ཞུ་གནང་མྱོང་མཁན་དང་།དེ་བཞིན་བཙན་བྱོལ་ནང་མགོན་པོ་༸གང་ཉིད་མཆོག་གི་སྐུ་སྲུང་གནང་མྱོང་མཁན་སྐུ་སྲུང་བ་ཟུར་པ་རྒན་གཞོན་ ༢༩༣ཐོུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་༸རྗེ་བཙུན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་མགོན་པོ་མཆོག་ལ་དམིགས་བསལ་གྱི་བརྟན་བཞུགས་བསྟར་འབུལ་ཞུས་གནང་འདུག
བརྟན་བཞུགས་དེའི་ཐོག་ལ་ད་རེས་དངོས་སུ་རྒྱལ་བའི་སྐུ་སྲུང་ཟུར་པ་ཁྱོན་མི་གྲངས་༢༩༣ཡོད་པ་དེ་དག་ལས་དེ་སྔ་བོད་ནང་༸གོང་ས་མཆོག་གི་སྐུ་སྲུང་བ་གནང་མྱོང་མཁན་གྱི་སྐུ་སྲུང་བ་རྒན་གྲས་བཅིུས་ཀྱིས་གཙོས་པའི་ཁྱོན་སྐུ་སྲུང་བ་༡༧༣ཆེད་བཅར་ཞུས་ཐུབ་པ་བྱུང་འདུག སྐབས་དེར་ཁོང་རྣམས་ནས་བསྐལ་བཟང་གི་གོ་སྐབས་དང་བསྟུན་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སློབ་ལམ་སྟོན་ཐོག་ཤར་བསྐྱོད་གནང་རྒྱུ་དང་།༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དང་དོལ་རྒྱལ་བརྟེན་གསོལ་བྱ་མཁན་རྣམས་ལ་འབྲེལ་བ་བྱ་རྒྱུ་མིན་པ།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གི་ཆིབས་བསྒྱུར་སོགས་ཀྱི་སྐབས་སུ་རྒྱལ་བའི་༸སྐུ་ཕྱྭའི་ཐོག་ནུས་པ་མཉམ་སྤུངས་གནང་རྒྱུ་བཅས་ཀྱི་དམ་བཅའ་གཙོ་བོ་བཞི་འཇོག་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།