རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་དགུ་གླིང་གི་གཞིས་གྲོང་ ༧ པའི་ཁང་ལས་ ༡༡ ནང་གནས་བཞུགས་པཱ་སྤེན་པ་ལགས་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༩ དང་བོད་ཚེས་ ༨ ཀྱི་ཉིན་དགུང་ཚོུད་ ༡༌༡༥ ཐོག་རང་ཤག་ཏུ་དགུང་གྲངས་ ༩༥ སྟེང་དགོངས་པ་རྫོགས་ཡོད་པ་དང་། དགོངས་པ་རྫོགས་པའི་ཉིན་ནས་བཟུང་དེ་རིང་ཟླ་ ༢ ཚེས་ ༡༠ བར་ཁྱོན་ཉིན་གྲངས་ ༡༣ རིང་ལ་ཐུགས་དམ་དུ་བཞུགས་མུས་རེད་འདུག
འདས་པོ་ཁོང་གི་ནང་མི་ཚོས་ད་བར་ཁོང་ཐུགས་དམ་ལ་བཞུགས་པའི་གནད་དོན་དེ་གསང་རྒྱ་གནང་བཞིན་འདུག་ཀྱང་། ཟླ་བ་སྔོན་མའི་ཚེས་ ༢༩ ཉིན་དགོངས་པ་རྫོགས་པ་ནས་བཟུང་སྐུ་ཕུང་ལ་དྲི་མ་གང་ཡང་མེད་པར་ད་དུང་ཐུགས་དམ་ལ་བཞུགས་མུས་ཡིན་པར་བརྟེན་འདི་ག་རླུང་འཕྲིན་ཁང་གིས་དམ་པ་ཁོང་གི་བུ་གྲགས་པ་རྒྱལ་མཚན་ལགས་སུ་ཁོང་གི་ཕ་དམ་པ་དེ་ཉིད་དགོངས་པ་གཤེགས་ཚུལ་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཁོང་གིས་སྤྱིར་པཱ་ལགས་དམ་པ་ཁོང་ལ་དབུགས་འཚང་ནད་གཞི་ཕོག་པ་ལས་དེ་མིན་བདེ་ཐང་ཡིན་སྐོར་གསུངས་པ་དང་སྦྲགས། དེ་རིང་བར་ཁྱོན་ཉིན་གྲངས་ ༡༣ རིང་ལ་ཐུགས་དམ་དུ་བཞུགས་མུས་ཡིན་པ་སོགས་ངོ་སྤྲོད་གནང་སོང་།
ཁོང་གིས་ད་དུང་ཡབ་ཡུམ་གཉིས་པོ་རྣམ་ཀུན་ནས་ཆོས་དད་ཆེན་པོ་ཡོད་པ་དང་། ལྷག་དོན་ནང་གི་ཟས་ཕུད་རིགས་ཉེ་འཁོར་གྱི་དགོན་པར་ཕུལ་བ་དང་དེ་བཞིན་ཁྱིམ་དུ་དགེ་འདུན་པ་གདན་འདྲེན་ཞུ་ཡི་ཡོད་སྐོར་གསུངས་སོང་།
དེ་བཞིན་ཁོང་གི་ཕ་དམ་པ་དགོངས་པ་རྫོགས་པར་ཐུགས་ཕམ་པོ་བྱུང་གཞི་ལས་མ་འདས་ཀྱང་། ཕྱོགས་གཞན་ཞིག་ནས་ཐུགས་དམ་ལ་བཞུགས་པ་དེས་སེམས་ལ་དགའ་སྤོབས་ཆེན་པོ་བྱུང་ཞེས་གསུངས་ཡོད།
གཞི་རྩའི་སྤེན་པ་ཚེ་རིང་ལགས་ནི། བོད་དུ་འཁྲུངས་ཤིང་། གཞིས་ཀྱི་སེར་བྱེས་བླ་བྲང་དུ་ཡུན་རིང་བཞུགས་མྱོང་འདུག་པ་དང་དེ་རྗེས་ཕྱི་ལོ་ ༡༩༦༠ ལོར་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པ་ཡོད་པ་རེད། ཁོང་དང་སྐུ་ཟླ་གཉིས་ལ་བོུ་གཉིས་དང་བུ་བཞི་བཅས་ཁྱོན་བུ་ཕྲུག་དྲག་འདུག
མོན་གྷོ་འདོད་དགུ་གླིང་གི་གཞིས་མི་པཱ་སྤེན་པ་ལགས་ཉིན་གྲངས་ ༡༣ རིང་ཐུགས་དམ་ལ་བཞུགས་མུས།
Tibetan News Headlines
- Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
- Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
- China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
- Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
- Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
- China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
- History Feature: Tsarong Dasang Damdul
ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩
- ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
- རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
- དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
- Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
- ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
- རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
- བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།




