Tibetan Royal Year of 2151 | Year of the Wood Dragon

སྒྲུང་ཐུང་དང་སྙན་རྩོམ་ཕྱོགས་སྒྲིག་གི་དེབ་འདི་བོད་མིས་ངེས་ཀློག་གནང་གལ་ཆེ།

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

ཁ་སང་དགོང་དྲོ་ཆུ་ཚོད་ ༥༌༣༠ ཡོལ་ཙམ་ལ་དྷ་ས་གྷམ་རུ་གྲོང་གསེབ་ཏུ་ཆགས་པའི་དོ་ར་ཇ་ཁང་དུ་བཙན་བྱོལ་ནང་གི་བོད་པའི་རྩོམ་པ་པོ་དང་སྙན་ངག་པ། དེ་བཞིན་དོ་སྣང་ཅན་གྱི་མི་མང་རྒན་གཞོན་དར་གསུམ་མི་ཉུང་བ་ཞིག་དང་། ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཐོག་ Under the Blue Skies: A Tibetan Reader ཞེས་པའི་དབྱིན་ཇིའི་རྟོག་སྒྲུང་དང་སྒྲུང་ཐུང་། དེ་བཞིན་སྙན་ངག་བཅས་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་གསར་པ་ཞིག་དབུ་འབྱེད་གནང་སོང་།སྐབས་དེར་དཔེ་དེབ་ཕྱོགས་སྒྲིག་གནང་མཁན་རྩོམ་པ་པོ་དང་སྙན་ངག་མཁན་བུ་ཆུང་བསོད་ནམས་ལགས་ཀྱིས་སྒྲུང་ཐུང་དང་སྙན་རྩོམ་ཕྱོགས་སྒྲིག་གི་དཔེ་འདི་བོད་མིས་ངེས་ཀློག་གནང་གལ་ཆེ་བར་གཟིགས་སྐོར་གསུངས་སོང་།

Under the Blue Skies: A Tibetan Reader ཞེས་པའི་སྒྲུང་དང་སྙན་རྩོམ་ཕྱོགས་སྒྲིག་གི་དཔེ་དེབ་དེ་བོད་སྨྱུག་དཔེ་སྐྲུན་ཁང་གིས་པར་སྐྲུན་ཞུས་པ་དང་། དེབ་ནང་བུ་ཆུང་བསོད་ནམས་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བཙན་བྱོལ་ནང་ཡོད་པའི་བོད་པའི་རྩོམ་པ་པོ་དང་སྙན་ངག་པ་ཁག་གཅིག་གིས་དབྱིན་ཡིག་ཐོག་བརྩམས་གནང་བ་དང་། བོད་ཡིག་ཐོག་རྩོམ་བྲིས་གནང་བ་ཁག་དབྱིན་འགྱུར་ཞུས་ཏེ་ཕྱོགས་སྒྲིག་གནང་བ་ཞིག་ཆགས་ཀྱི་འདུགདཔེ་དེབ་དེ་རྩོམ་པ་པོ་དང་སྙན་ངག་མཁན་བུ་ཆུང་བསོད་ནམས་ལགས་དང་རྩམ་པ་པོ་དང་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས། དེ་བཞིན་ཨ་རིར་གནས་བཞུགས་རྩོམ་པ་པོ་དང་སྙན་ངག་མཁན་ཚེ་རིང་དབང་མོ་སྡོམ་པ་ལགས་བཅས་ཀྱིས་དབུ་འབྱེད་གནང་བ་དང་སྦྲགས་དཔེ་དེབ་ཀྱི་ནང་དོན་དང་ལྷག་པར་བོད་པའི་སྤྱི་ཚོགས་ཁྲོད་དུ་དབྱིན་ཇིའི་བརྩམ་སྒྲུང་དར་ཁྱབ་ཀྱི་བརྒྱུད་རིམ་སོགས་ལ་གྲོས་བསྡུར་སྦྱང་བཤད་གནང་སོང་བ་དང་། བུ་ཆུང་བསོད་ནམས་ལགས་ནས་དེབ་འདི་བོད་པ་རང་ལ་དམིགས་ཏེ་ཕྱོགས་སྒྲིག་ཞུས་སྟབས། ཕྱི་མི་ཚོས་དཔེ་དེབ་འདི་ལ་དགའ་མི་དགའ་གང་གནང་ན་ཆོག་ཀྱང་། བོད་པ་ཚོས་ངེས་པར་དུ་ཀློག་དགོས་གལ་གཟིགས་སྐོར་གསུངས་སོང་།

དཔེ་དེབ་ཀྱི་ཕྱོགས་སྒྲིག་བརྒྱུད་རིམ་ཁྲོད་ཤེས་རིག་བཀའ་བློན་མཆོག་དང་མཇལ་འཕྲད་ཞུས་ཏེ་དེབ་འདི་བོད་པའི་སློབ་གྲྭ་ཁག་ཏུ་སློབ་དེབ་ཀྱི་ཚུལ་དུ་ངོས་བཞེས་གནང་རོགས་ཞེས་རེ་སྐུལ་ཞུས་ཡོད་པ་དང་། སློབ་གྲྭ་ཁག་གི་སློབ་དེབ་རྣམས་རྒྱ་གར་དབུས་གཞུང་ CBSE གིས་གཏན་འབེབས་གནང་བའི་སློབ་དེབ་དང་མཐུན་པ་འགྲོ་དགོས་སྟབས་སློབ་དེབ་ཀྱི་ངོ་བོར་ངོས་བཞེས་གནང་རྒྱུ་ཁག་པོ་ཆགས་འདུག ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བརྒྱད་པ་ཡན་གྱི་སློབ་ཕྲུག་རྣམས་ལ་ལྟ་ཀློག་གནང་དགོས་པའི་སྐུལ་མ་དང་སློབ་ཕྲུག་ནང་ཁུལ་གོ་བསྡུར་སྦྱང་བཤད་དང་དཔེ་ཀློག་བསྐྱར་ཞིབ། གོ་རྟོགས་ནུས་རྩལ་སོགས་དཔེ་ཀློག་གི་བྱེད་སྒོ་སྣ་ཚོགས་སྤེལ་དགོས་པའི་ལམ་སྟོན་གནང་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད།  གསར་དུ་དབུ་འབྱེད་གནང་བའི་ Under the Blue Skies: A Tibetan Reader ཞེས་པའི་དཔེ་དེབ་ནང་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མང་ནང་གསལ་བའི་བཙན་བྱོལ་ནང་ཕེབས་སྐབས་ཀྱི་དེ་བྱུང་གཙོས་བོད་པའི་རྩོམ་པ་པོ་ཁག་གིས་བརྩམས་པའི་སྒྲུང་ཐུང་ཁག་དགུ་དང་། རྟོག་སྒྲུང་ཁག་བཅུ་གཉིས། དེ་བཞིན་སྙན་རྩོམ་ཁག་བཅོ་བརྒྱད་བཅས་བཀོད་འདུག་པ་དང་། དབུ་འབྱེད་མཛད་སྒོ་ཐོག་རྩོམ་པ་པོ་དང་སྙན་ངག་མཁན་རྣམས་ཀྱིས་སྒྲུང་དང་སྙན་རྩོམ་ཁག་གཅིག་མི་མང་ལ་འགྱེར་འདོན་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།