Tibetan Royal Year of 2151 | Year of the Wood Dragon

སྨོན་ལམ་རྨང་གཞི་ཚིག་མཛོད་མཉེན་ཆས་དང་སྨོན་ལམ་ཐ་སྙད་ཚད་གཞི་བརྟག་ཆས་ཀྱི་དྲ་རྒྱའི་མཉེན་ཆས་དབུ་འབྱེད།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱབ་ཚོུད་ ༣ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཕྲུག་བྱིས་པ་རྣམས་ལ་ཆེད་དུ་དམིགས་ནས་གསར་དུ་བསྒྲིགས་པའི་སྨོན་ལམ་རྨང་གཞིའི་ཚིག་མཛོད་མཉེན་ཆས་དང་སྨོན་ལམ་ཐ་སྙད་ཚད་གཞི་བརྟག་ཆས་ཀྱི་དྲ་རྒྱའི་མཉེན་ཆས་བཅས་ལོ་གསར་གྱི་ལེགས་སྐྱེས་སུ་དམིགས་ཏེ་དབུ་འབྱེད་གནང་ཡོད།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་རྨང་གཞི་ཚིག་མཛོད་དེ་ནི་བོད་ཡིག་གསར་དུ་སློབ་མཁན་གྱི་ཕྲུ་གུ་ལོ་ཆུང་ཚོར་ཆེད་དུ་དམིགས་ནས་སྒྲིག་སྦྱོར་ཞུས་པ་ཞིག་དང་། ཚིག་མཛོད་དེས་བོད་ཕྲུག་བྱིས་པ་གཙོས་བོད་ཡིག་གསར་དུ་སློབ་མཁན་གྱི་ཕྱི་རྒྱལ་བ་ཚོར་ལའང་ཕན་ཐོགས་ངེས་ཅན་ཞིག་འབྱུང་ངེས་ཡིན་སྐོར་གསུངས་པ་དང་འབྲེལ། ཚིག་མཛོད་དེ་ཐོག་མ་རྩོམ་སྒྲིག་གནང་སྐབས་ཕྲུ་གུ་ལོ་བདུན་མན་ཆད་དང་རྒན་རྒོན་ཡི་གེ་མི་ཤེས་མཁན་རྣམས་སྐད་ཆའི་སྒྲ་འཇུག་ཆུ་ཚོད་ ༣༠༠ ལྷག་ཡིག་ཐོག་ཏུ་ཕབ་ཡོད་པ་དང་། སྤྱི་ཚོགས་དྲ་རྒྱའི་ནང་གི་ཐ་སྙད་རྒྱུག་ཆེ་ཤོས་རྣམས་འདེམས་སྒྲུག་གནང་སྟེ་བཟོ་སྒྲིག་གནང་ནས་དེའི་ནང་ Easystarts ཞེས་ལས་དང་པོ་པ་ལ་ཐ་སྙད་ ༢༢༠ ལྷག་དང་། Beginner ཞེས་རྨང་གཞི་དང་པོ་ལ་ཐ་སྙད་ ༣༧༠ ལྷག་དང་། དེ་བཞིན་ Elementary ཞེས་རྨང་གཞི་གཉིས་པ་ལ་ཐ་སྙད་ ༡༢༩༠ ལྷག་བཅས་སྡེ་ཚན་གསུམ་སུ་བཀར་ཏེ་གོ་བདེའི་ངང་འགྲེལ་བཤད་ཡོད་པ་གསུངས་ཡོད།

སྨོན་ལམ་རྨང་གཞི་ཚིག་མཛོད་དེ་ནི་ Longman Elementary Dictionary དང་ Children’s Writer’s Word Book གི་དཔར་ཐེངས་གཉིས་པ་དེ་གཞི་བཞག་པའི་ཐོག་ཚན་རིག་དང་མཐུན་པའི་ཐོག་ནས་བོད་ཀྱི་ཐ་སྙད་རྒྱུག་ཆེ་བ་རྣམས་གཏན་འབེབས་གནང་ཡོད་པ་རེད།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་ལགས་ཀྱིས་བོད་ནང་དེ་སྔ་རྨང་གཞི་ཚིག་མཛོད་དེ་ལྟ་བུ་ཞིག་བསྒྲིགས་མེད་སྟབས་ཐོག་མར་རྩོམ་སྒྲིག་སྐབས་ངལ་བ་མི་ཉུང་བ་ཞིག་འཕྲད་ཡོད་པ་སྐོར་གསུངས་པ་ཆབས་ཅིག་མ་འོངས་པར་མུ་མཐུད་ཞིབ་འཇུག་བརྒྱུད་ལས་གཞི་དེ་ཡར་རྒྱས་འགྲོ་ངེས་ཡིན་པ་གསུངས་སོང་།

སྨོན་ལམ་ཐ་སྙད་ཚད་གཞི་བརྟག་ཆས་ཀྱི་དྲ་རྒྱའི་མཉེན་ཆས་དེ་ནི་བྱིས་པའི་ལོ་ཚད་དང་མཐུན་པའི་ཐ་སྙད་བཀོལ་སྤྱོད་ཚད་གཞི་ཏག་ཏག་བྱུང་ཡོད་མེད་ཀྱི་བརྟག་དཔྱད་གནང་བའི་མཉེན་ཆས་ཤིག་ཡིན་པ་དང་། སྨོན་ལམ་རྨང་གཞི་ཚིག་མཛོད་ཀྱི་ཐ་སྙད་གཏན་འབེབས་གཞིར་བཟུང་བསྒྲིགས་པ་ཞིག་ཆགས་ཀྱི་འདུག

གཞི་རྩའི་སྨོན་ལམ་རྨང་གཞི་ཚིག་མཛོད་མཉེན་ཆས་དང་སྨོན་ལམ་ཐ་སྙད་ཚད་གཞི་བརྟག་ཆས་ཀྱི་དྲ་རྒྱའི་མཉེན་ཆས་དེ་ནི་བོད་ཀྱི་གནམ་ལོ་གསར་བཞད་དང་བསྟུན་བོད་ཟླ་ ༡ ཚེས་ ༡ ཉིན་དངོས་སུ་འགྲེམ་སྤེལ་གནང་རྒྱུ་རེད་འདུག འདི་ལོའི་ཟླ་མཇུག་ཏུ་སྨོན་ལམ་དམའ་འབྲིང་ཚིག་མཛོད་དང་ལོ་རྗེས་མའི་ནང་སྨོན་ལམ་མཐོ་འབྲིང་ཚིག་མཛོད་བཅས་རྩོམ་སྒྲིག་གནང་འཆར་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།