Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

སྨོན་ལམ་བརྡ་འཕྲིན

སྨོན་ལམ་རྨང་གཞི་ཚིག་མཛོད་མཉེན་ཆས་དང་སྨོན་ལམ་ཐ་སྙད་ཚད་གཞི་བརྟག་ཆས་ཀྱི་དྲ་རྒྱའི་མཉེན་ཆས་དབུ་འབྱེད།

ཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱབ་ཚོུད་ ༣ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཕྲུག་བྱིས་པ་རྣམས་ལ་ཆེད་དུ་དམིགས་ནས་གསར་དུ་བསྒྲིགས་པའི་སྨོན་ལམ་རྨང་གཞིའི་ཚིག་མཛོད་མཉེན་ཆས་དང་སྨོན་ལམ་ཐ་སྙད་ཚད་གཞི་བརྟག་ཆས་ཀྱི་དྲ་རྒྱའི་མཉེན་ཆས་བཅས་ལོ་གསར་གྱི་ལེགས་སྐྱེས་སུ་དམིགས་ཏེ་དབུ་འབྱེད་གནང་ཡོད། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་རྨང་གཞི་ཚིག་མཛོད་དེ་ནི་བོད་ཡིག་གསར་དུ་སློབ་མཁན་གྱི་ཕྲུ་གུ་ལོ་ཆུང་ཚོར་ཆེད་དུ་དམིགས་ནས་སྒྲིག་སྦྱོར་ཞུས་པ་ཞིག་དང་། ཚིག་མཛོད་དེས་བོད་ཕྲུག་བྱིས་པ་གཙོས་བོད་ཡིག་གསར་དུ་སློབ་མཁན་གྱི་ཕྱི་རྒྱལ་བ་ཚོར་ལའང་ཕན་ཐོགས་ངེས་ཅན་ཞིག་འབྱུང་ངེས་ཡིན་སྐོར་གསུངས་པ་དང་འབྲེལ། ཚིག་མཛོད་དེ་ཐོག་མ་རྩོམ་སྒྲིག་གནང་སྐབས་ཕྲུ་གུ་ལོ་བདུན་མན་ཆད་དང་རྒན་རྒོན་ཡི་གེ་མི་ཤེས་མཁན་རྣམས་སྐད་ཆའི་སྒྲ་འཇུག་ཆུ་ཚོད་ ༣༠༠ ལྷག་ཡིག་ཐོག་ཏུ་ཕབ་ཡོད་པ་དང་། སྤྱི་ཚོགས་དྲ་རྒྱའི་ནང་གི་ཐ་སྙད་རྒྱུག་ཆེ་ཤོས་རྣམས་འདེམས་སྒྲུག་གནང་སྟེ་བཟོ་སྒྲིག་གནང་ནས་དེའི་ནང་ Easystarts ཞེས་ལས་དང་པོ་པ་ལ་ཐ་སྙད་ ༢༢༠ ལྷག་དང་། Beginner ཞེས་རྨང་གཞི་དང་པོ་ལ་ཐ་སྙད་ ༣༧༠ ལྷག་དང་། དེ་བཞིན་ Elementary ཞེས་རྨང་གཞི་གཉིས་པ་ལ་ཐ་སྙད་ ༡༢༩༠ ལྷག་བཅས་སྡེ་ཚན་གསུམ་སུ་བཀར་ཏེ་གོ་བདེའི་ངང་འགྲེལ་བཤད་ཡོད་པ་གསུངས་ཡོད། སྨོན་ལམ་རྨང་གཞི་ཚིག་མཛོད་དེ་ནི་ Longman...

སྨོན་ལམ་ཚིག་མཛོད་ཆེན་མོའི་ཐོན་རིམ་གཉིས་པ་དབུ་འབྱེད།

ཁ་སང་ཕྱི་ཚེས་ ༢༧ ཉིན་དྷ་སར་རྟེན་གཞི་བྱས་པའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་གནས་མཆོག་རྡོ་རྗེ་གདན་གྱི་ Regency གསོལ་མགྲོན་ཁང་དུ་སྨོན་ལམ་ཚིག་མཛོད་ཆེན་མོའི་ཐོན་རིམ་གཉིས་པ་དང་བོད་ཀྱི་ཚིག་མཛོད་རིག་པའི་ཕྱག་དེབ་བཅས་དབུ་འབྱེད་གནང་ཡོད་པ་རེད།དབུ་འབྱེད་མཛད་སྒོར་སྐུ་མགྲོན་དུ་དཔལ་༸ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་༸འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ ༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག དེ་བཞིན་ཤར་པ་ཆོས་རྗེ་དང་མཁན་ལས་ཟུར་རྣམ་པ། ༸སྐྱབས་རྗེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་དང་མཁས་དབང་། ཕྱི་ནང་གི་སྐུ་མགྲོན་བཅས་མི་མང་ཉིས་བརྒྱ་ལྷག་ལྷན་ཞུགས་གནང་ཡོད།གཞི་རྩའི་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་འདིར་ཏཱ་ལའི་བླ་མའི་དགེ་རྩའི་ངོས་ནས་མཐུན་རྐྱེན་གནང་བཞིན་ཡོད་པ་དང་། ལས་གཞི་དེའི་ཆེད་རྩོམ་སྒྲིག་ཚོགས་ཆུང་ ༣༣ དང་མཚན་བཀོད་རྩོམ་སྒྲིག་པ་༡༥༣ ཡོད་པ་མ་ཟད། བོད་ཕྱི་ནང་གཉིས་སུ་བཞུགས་པའི་གང་ཟག་སྒེར་ཁག་ཅིག་ནས་ཀྱང་མཐུན་འགྱུར་མི་དམན་པ་གནང་བཞིན་ཡོད་པ་རེད།ཁ་སང་སྨོན་ལམ་ཚིག་མཛོད་ཆེན་མོའི་ཐོན་རིམ་གཉིས་པ་དང་བོད་ཀྱི་ཚིག་མཛོད་རིག་པའི་ཕྱག་དེབ་དབུ་འབྱེད་ཀྱི་མཛད་རིམ་གྲུབ་འཚམས་སུ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་སུ་བཅར་འདྲི་ཁག་ཅིག་ཞུས་པར་ལས་གཞི་འདིས་རིམ་པའི་བོད་བརྒྱུད་ནང་བསྟན་གྱི་མི་འབོར་ས་ཡ་ ༢༠ ལྷག་ལ་ཞབས་འདེགས་བསྒྲུབ་ཐུབ་པར་རེ་བ་གནང་མུས་ཡིན་སྐོར་གསུངས་ཡོད་པ་རེད།

Latest news

- Advertisement -spot_img