Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་རྒྱ་གར་དབུས་གཞུང་ལ་དྭགས་ས་ཁུལ་གྱི་སྲིད་སྐྱོང་དང་སྤྱི་ཁྱབ་ཉེན་རྟོག་པར་མཇལ་མོལ་གནང་འདུག

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

དེ་རིང་ཕྱི་ཟླ་ ༧ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་དབུས་གཞུང་གི་ལ་དྭགས་ས་ཁུལ་གྱི་སྲིད་སྐྱོང་ Lieutenant Governor BD Mishra མཆོག་དང་སྤྱི་ཁྱབ་ཉེན་རྟོོག་པ་ Dr SD Singh Jamwal ལགས་གཉིས་དང་མཇལ་མོལ་གྱིས་ཁུལ་དེར་གནས་སྡོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་སོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་འདུག

Sikyong Ladakh Meeting

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་ལ་དྭགས་ས་ཁུལ་གྱི་སྲིད་སྐྱོང་ BD Mishra མཆོག་དང་སྤྱི་ཁྱབ་ཉེན་རྟོག་པར་མཇལ་མོལ་གྲུབ་མཚམས་སུ་རླུང་འཕྲིན་ཁང་གི་བཅར་འདྲིར་དང་ལེན་གནང་སྐབས། ཐེངས་འདིའི་མཇལ་མོལ་ཁྲོད་ལ་དྭགས་སུ་གནས་སྡོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་དང་འབྲེལ་ནས་འདས་པའི་ཉིན་གྲངས་བརྒྱད་རིང་སྲིད་སྐྱོང་མཆོག་ནས་བོད་མིའི་གཞིས་གྲོང་དང་བྱང་ཐང་ས་ཁུལ་ཁག་ཏུ་ཕྱོགས་བསྐྱོད་གནང་བའི་སྐབས་ཀྱི་བོད་མིའི་དགོས་འདུན་ཁག་སྙན་སེང་དང་སྦྲགས། Governor མཆོག་གི་ཁྱབ་ཁོངས་སུ་ཡོད་པའི་སྔོན་རྩིས་ནས་བོད་མིར་རོགས་འདེགས་གང་ཞིག་གནང་ཐུབ་ཀྱི་ཡོད་མིན་སྐོར་སྙན་སེང་ཞུས་དོན་ལྟར་དོ་སྣང་ཆེན་པོ་གནང་གི་ཡོད་པ་གསུངས་སོང་།

Sikyong Ladakh Meeting

དེ་བཞིན་སྲིད་སྐྱོང་མཆོག་གིས་ད་དུང་ཐེངས་འདིའི་ལ་དྭགས་ཁུལ་གྱི་འཚམས་གཟིགས་དེ་དོན་སྨིན་ལྡན་པ་ཞིག་བྱུང་ཡོད་ཀྱང་ཉེ་ལམ་འཕགས་བོད་གཉིས་ཀྱི་ས་མཚམས་སུ་གསེར་ཀི་ལོ་ ༡༠༨ འཇུས་བཟུང་བྱུང་བའི་ནག་ཚོང་གི་གནད་དོན་ཁྲོད་བོད་མི་ཁག་ཅིག་འཇུས་བཟུང་བྱས་ཡོད་སྐོར་སོགས་ས་གནས་གཞུང་གི་གནད་ཡོད་མི་སྣས་འགྲེལ་བརྗོད་གནང་སྐབས་མི་བདེ་བ་ཞིག་བྱུང་ཡོད་སྐོར་ངོ་སྤྲོད་དང་སྦྲགས། བོད་མི་གང་ཟག་སྒེར་གི་ཁེ་ཕན་གྱི་དོན་དུ་བོད་སྤྱི་བའི་མིང་དེ་ཟད་ནས་ཡོང་གི་ཡོད་སྟབས། བྱ་སྤྱི་དེའི་རིགས་མཚམས་འཇོག་དགོས་པ་གསུངས་སོང་།

སྲིད་སྐྱོང་མཆོག་ནས་ལ་དྭགས་ UT གཞུང་གི་སྤྱི་ཁྱབ་ཉེན་རྟོག་པ་ Dr SD Singh Jamwal ལགས་དང་མཇལ་མོལ་གྲུབ་མཚམས་སུ་སྤྱི་ཁྱབ་ཉེན་རྟོག་པར་མཇལ་མོལ་གང་འདྲ་བྱུང་མིན་བཅར་འདྲི་ཞུས་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་དུ་བོད་ཀྱི་བདེ་འཇགས་གཙོས་རྒྱ་གར་དང་ས་གནས་ཀྱི་བདེ་འཇགས། དེ་བཞིན་ཁོར་ཡུག་གི་གནད་དོན་སོགས་ཀྱི་སྐོར་ལ་བཀའ་བསྡུར་བྱུང་ཞེས་གསུངས་སོང་བ་མ་ཟད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་སྤྱི་ཁྱབ་ཉེན་རྟོག་པ་དང་ལྷན་དུ་རྒྱལ་སྤྱིའི་གནས་ཚུལ་སོགས་ཀྱི་སྐོར་ལ་བཀའ་བསྡུར་བྱུང་བ་གསུངས་སོང་།

Sikyong Ladakh Meeting

གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དེ་རིང་ཉིན་རྒྱབ་ལ་དྭགས་ས་གནས་མང་ཚོགས་དང་ལྷན་དུ་ཚོགས་ཆེན་ཞིག་བསྐོང་ཚོགས་གནང་འདུག་པ་དང་། སང་ཉིན་སྲིད་སྐྱོང་མཆོག་རྒྱལ་ས་ལྡི་ལིར་ཕེབས་འཐོན་གནང་གི་ཡོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།