Tibetan Royal Year of 2151 | Year of the Wood Dragon

ཧི་མཱ་ལ་ཡའི་གནའ་དུས་དགོན་པ་ཁག་གི་ལོ་རྒྱུས་ངོ་སྤྲོད་ཀྱི་གཏམ་བཤད་ལས་རིམ།

Tibetan News Headlines

  • Dalai Lama urges devotees to practice warmheartedness and embrace concept of emptiness
  • Sikyong engages with parliamentarians from Austria and Italy, urging them to advocate for Tibet
  • PRC continued to restrict and seek to control religious practices of Tibetans: CECC
  • China: Overseas students face harassment and surveillance in campaign of transnational repression
  • CTA urges caution as Tibetans seek voting rights amidst Indian election
  • Hunsur Rabgayling gears up for the 29th GCM football tournament

རེས་གཟའ་ཟླ་བ། ༢༠༢༤།༠༥།༡༣

  • བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཐོག་ནས་མ་ཎི་གསོག་སྒྲུབ་གནང་དགོས།
  • ཨོ་སི་ཊྲི་ཡ་དང་ཨི་ཊ་ལི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • རྒྱ་གཞུང་གིས་བོད་མིའི་ཆོས་དད་ལ་མུ་མཐུད་དམ་དྲག་སྟངས་འཛིན་ཤུགས་ཆེ་བྱས་པ་མངོན་གསལ།
  • རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བརྙས་བཅོས་དང་དོགས་སྲུང་བྱེད་བཞིན་པ་ར་སྤྲོད།
  • རྒྱ་གར་ཆབ་སྲིད་ནང་ཞུགས་ཏེ་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་འགན་བཞེས་དགོས་པ།
  • རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ པ་གནངས་ཉིན་ནས་དབུ་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་དྲྭ་ཐོག་བརྒྱུད་དེ་ཧི་མཱ་ལ་ཡའི་གནའ་དུས་དགོན་པ་ཁག་གི་ལོ་རྒྱུས་ངོ་སྤྲོད་ཀྱི་གཏམ་བཤད་ལས་རིམ་ཞིག་དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༢༡ བར་ཧི་མཱ་ལ་ཡའི་གནས་ཡུལ་ས་གནས་ཁག་མི་འདྲ་བའི་དགོན་ཁག་བཅུ་གཅིག་གི་ཐོག་ལ་གཏམ་བཤད་ལས་རིམ་ཞིག་གནང་གི་ཡོད་པ་རེད་འདུགབོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གཏམ་བཤད་ལས་རིམ་དེའི་ཐོག་ལ་དྭགས་ཁུལ་གྱི་དགོན་སྡེ་ཁག་ཅིག་དང་ཧི་མཱ་ཅལ་མངའ་ཁོངས་ཀྱི་དགོན་སྡེ་ཁག་ཅིག དེ་བཞིན་འབྲལ་ལྗོངས་དང་རྟ་དབང་ཁུལ་གྱི་དགོན་སྡེ་ཁག་ཅིག་བཅས་ཀྱི་ཐོག་གཏམ་བཤད་གནང་གི་འདུག་པ་དང་། ལས་རིམ་གྱི་ཐོག་མར་སྦས་ཡུལ་འབྲས་ལྗོངས་ཀྱི་དགོན་པའི་ལོ་རྒྱུས་དང་འབྲེལ་ནས་ཨཱཙཱརྱ་ཚུལ་ཁྲིམས་རྒྱ་མཚོ་ལགས་གདན་ཞུ་གནང་ཐོག་དྲྭ་རྒྱའི་གཏམ་བཤད་ཀྱི་ལས་རིམ་དེ་སྐོང་ཚོགས་གནང་ཡོད་པ་རེད།

སྐབས་དེར་ཉམས་ཞིབ་པ་ཨཱཙཱརྱ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་དགོན་པའི་ལོ་རྒྱུས་ངོ་སྤྲོད་གནང་བ་དང་འབྲེལ་ཁུལ་དེར་མི་འབོར་འབུམ་དྲུག་ལྷག་ཡོད་པའི་ཁོངས་སུ་ནང་པའི་གྲངས་འབོད་དེ་བརྒྱ་ཆ་ ༢༧༌༤ ལྷག་ཆགས་ཀྱི་ཡོད་པ་མ་ཟད། ཁུལ་དེར་དགོན་སྡེ་ཆེ་ཆུང་སོགས་ ༣༠༠ ལྷག་ཡོད་པ་དེ་དག་དགོན་ཆེན་དྲུག་གི་ཁོངས་སུ་ཚུད་ཀྱི་ཡོད་པ་དང་། དགོན་ཆེན་དྲུག་པོ་དེ་དག་རྙིང་མའི་དགོན་ཆེན་གསུམ་དང་བཀའ་བརྒྱུད་པའི་དགོན་ཆེན་གསུམ་ཆགས་ཡོད་པར་ངོ་སྤྲོད་གནང་ཡོད།དེ་བཞིན་ཁོང་གིས་༸རྒྱལ་མཆོག་༸སྐུ་ཕྲེང་རིམ་བྱོན་དང་འབྲས་ལྗོངས་དབར་གྱི་འབྲེལ་བ་དང་འབྲེལ་ཏེ་སྤྱིར་སྦས་ཡུལ་འབྲས་མོ་ལྗོངས་སུ་འབྲུག་དང་གྷོར་ཁ། དེ་བཞིན་ཕྱིའི་རྒྱལ་ཁབ་སོགས་ཀྱི་དམག་རིམ་པར་བྱུང་ནས་སྲིད་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཀྱང་། བོད་དང་ཆོས་ཡོན་གྱི་འབྲེལ་བ་དེ་ད་བར་རྒྱུན་མ་ཆད་པར་སོན་པོ་གནས་པ་ནི་༸རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ་མཆོག་གི་༸སྐུ་དུས་ནས་བྱུང་བ་ཞིག་ཡིན་པ་དང་ཕྱིལོ་ ༡༦༤༢ ལོར་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་བཞིན་འབྲས་ལྗོང་རྒྱལ་ཁབ་དེ་ཡང་དབུ་བརྙེས་ཡོད་པར་མ་ཟད། ༸རྒྱལ་མཆོག་༸སྐུ་ཕྲེང་ལྔ་པ་ནས་བཟུང་༸རྒྱལ་མཆོག་༸སྐུ་ཕྲེང་བཅུ་པའི་བར་འབྲེལ་ལམ་གཏིང་ཟབ་ཡོད་པ་དང་། ༸རྒྱལ་མཆོག་༸སྐུ་ཕྲེང་བཅུ་གསུམ་དང་བཅུ་བཞི་པ་གཉིས་ཀྱི་༸སྐུ་དུས་སུའང་འབྲེལ་བ་ཆེན་པོ་བྱུང་བའི་ཁར་༸གོང་ས་༸སྐུ་ཕྲེང་བཅུ་བཞི་པའི་༸སྐུ་དུས་སུ་ཁུལ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་བདུན་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་ངོ་སྤྲོད་གནང་སོང་།བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་གནང་བའི་གཏམ་བཤད་ལས་རིམ་དང་འབྲེལ་ནས་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་སུ་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ཧི་མཱ་ལ་ཡ་ས་ཁུལ་གྱི་ས་ཕྱོགས་དང་ཆོས་རིག་ སོགས་ཀྱི་ཐོག་ནས་བོད་དང་ཐག་ཉེ་བ་ཙམ་མ་ཟད་འབྲེལ་བ་དམིགས་བསལ་བ་ཞིག་ཡོད་སྟབས། གནད་དོན་དེ་དག་ངོ་འཕྲོད་རྒྱུ་དང་ཉམས་ཞིབ་གནང་མཁན་ཚོར་དོ་སྣང་གསར་པ་ཞིག་བསྐྲུན་ཕྱིར་གོ་སྒྲིག་གནང་སྐོར་གསུངས་པ་དང་ཆབས་ཅིག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཧི་མཱ་ལ་ཡའི་ཁུལ་གྱི་མཁས་དབང་ ༢༣ གདན་ཞུས་ཀྱིས་ཆོས་རིག་དང་། ཁོར་ཡུག་དང་ལོ་རྒྱུས་སོགས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུའི་ཚོགས་ཆེན་ཞིག་གོ་སྒྲིག་ཞུས་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་གྱིས་དེ་ལྟར་གནང་ཐུབ་མེད་སྐོར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།