Tibetan Royal Year of 2151 | Year of the Wood Dragon

ཨ་རིས་ཧོང་ཀོང་དང་ལྷན་དུ་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་ཕྱིར་འཐེན་གནང་འདུག

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

རྒྱ་ནག་གིས་ཧོང་ཀོང་ནང་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱེད་མུས་དང་འབྲེལ། ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་དེ་སྔ་ཧོང་ཀོང་དང་ལྷན་དུ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་དེ་ཕྱིར་འཐེན་གནང་རྒྱུ་ཡིན་པ་ཡོངས་གྲགས་གནང་འདུག

རྩ་བའི་ད་ལྟའི་ཆར་ཨ་རི་དང་རྒྱ་ནག་དབར་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་ཏོག་དབྱིབས་གཉན་རིམས་ལ་སོགས་པའི་གནད་དོན་མང་དག་ཅིག་གི་ཐོག་ནས་དངོས་སུ་གདོང་ཐུག་གི་ངལ་བ་དུ་མ་འཕྲད་བཞིན་ཡོད་པའི་དུས་སྐབས་འདིར་ཁ་སང་དེ་སྔ་ཧོང་ཀོང་དང་ལྷན་དུ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་ཕྱིར་འཐེན་གནང་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་སྐུ་ Morgan Ortagus ལགས་ཀྱིས་ཨ་རིའི་ངོས་ནས་ཧོང་ཀོང་དང་ལྷན་དུ་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་ཕྱིར་བཤོལ་གནང་དོན་གཙོ་བོ་ནི་དེ་སྔ་ཕྱི་ཟླ་ ༧ ཚེས་ ༡༤ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལྜ་ཊམ་མཆོག་གིས་འཛིན་སྐྱོང་བཀའ་རྒྱའི་ཐོག་ནས་རྒྱ་ནག་གིས་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་ཞེས་པ་ཞིག་གསར་དུ་ལག་བསྟར་བྱེད་བཞིན་པ་དེར་ཡ་ལན་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་ལྟར་ད་རེས་དེ་ལྟར་ཐུགས་ཐག་བཅད་པ་ཞིག་ཡིན་ཞེས་གསུངས་འདུག

ལྷག་པར་དུ་ཁོང་གིས་ད་ལན་ཐུགས་ཐག་དེ་ལྟར་བཅད་དོན་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་གསར་པ་གཏན་འབེབས་བྱས་པ་དེས་ཧོང་ཀོང་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཁག་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མཚོན་གྱི་ཡོད་སྐོར་གསུངས་འདུག

གཞི་རྩའི་རྒྱ་ནག་གཞུང་གིས་ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་ཟེར་བ་དེ་ཕྱི་ཟླ་ ༧ པ་ནང་དུ་ཁྲིམས་སུ་བཅད་པ་ནས་བཟུང་ཨོ་སི་ཊོ་ལི་ཡ་དང་ཁེ་ན་ཌ། ནིའུ་ཛ་ལན་ཌི། འཇར་མ་ནི། ཕ་རན་སི། དབྱིན་ཡུལ་སོགས་ཀྱིས་ཀྱང་ཁྲིམས་གཞི་དེར་སེམས་འཚབ་དང་བཅས་ཧོང་ཀོང་དང་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་བརྩི་མེད་བཏང་བ་མ་ཟད། ཁྲིམས་གཞི་དེ་ལག་བསྟར་བྱས་ན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གཞི་རྩའི་ཧོང་ཀོང་གི་རང་སྐྱོང་གི་གནས་བབ་ལ་དོ་ཕོག་ཆེན་པོ་འགྲོ་ངེས་ཡིན་པར་བརྟེན་དེ་དང་འབྲེལ་བའི་ཆིངས་ཡིག་བཞག་པ་ཕྱིར་འཐེན་གནང་བ་དང་། ལྷག་པར་དུ་དབྱིན་ཡུལ་གྱི་སྲིད་བློན་ Boris Johnson མཆོག་གིས་ཧོང་ཀོང་གི་མི་སེར་ས་ཡ་གསུམ་མ་ཟིན་ཙམ་ཡུལ་དེར་གཏན་སྡོད་བྱེད་ཆོག་པ་དང་རིམ་བཞིན་མི་སེར་བཞེས་རྒྱུའི་ཐོབ་ཐང་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཨ་རི་དང་ཧོང་ཀོང་བར་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་དེ་ནི་རྒྱལ་ཁབ་གཉིས་པོའི་དབར་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཁྲིམས་འགལ་གྱི་མི་སྣ་དང་བཙོན་བྲོས་ཤོར་བ། དཔྱ་དངུལ་མ་སྤྲད་མཁན་སོགས་ཀྱི་གནད་དོན་དང་འབྲེལ་ནས་ཧོང་ཀོང་མང་ཚོགས་ཨ་རིར་ཁྲིམས་འགལ་ཐོག་ནས་ཡོང་བ་རྣམས་ཧོང་ཀོང་དུ་ཕྱིར་སློག་གནང་རྒྱུ་དང་འབྲེལ་བའི་གྲོས་མཐུན་ཞིག་ཆགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།