Tibetan Royal Year of 2151 | Year of the Wood Dragon

༸རྒྱལ་བའི་བཀྲིན་རྗེས་དྲན་ལོ་དང་བསྟུན་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་རྒྱ་ཆེར་སྤེལ་བ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་ནས་འདི་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ བདག་གིར་བཞེས་པ་དང་བསྟུན་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༧ ཚེས་ ༡ ནས་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༣༠ བར་ལོ་འཁོར་མོ་རིང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་ཞེས་སྲུང་བརྩི་ཞུ་རྒྱུར་གསལ་བསྒྲགས་སྔོན་སོང་ལྟར། བོད་མིའི་གཞིས་སྒར་ཁག་ཏུ་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་འདུག

ཁ་སང་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་དུ་ཡོད་པའི་ས་གནས་བོད་མི་ཚོས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ལོ་དང་བསྟུན་ཁུལ་དེར་ཡོད་པའི་གངས་ཅན་རི་ལ་མགོན་པོ་༸གང་ཉིད་མཆོག་གི་དགུང་གྲངས་ ༡༡༣ ལྷག་བཞུགས་རྒྱུའི་ཐུགས་སྨོན་དང་འབྲེལ་ནས་ཤིང་སྣ་ ༡༡༣ འདེབས་འཛུགས་གནང་འདུག

གཞན་ཡང་ཁུལ་དེར་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་ལས་གཞི་མི་འདྲ་བ་ཁག་ཅིག་སྟ་གོན་གནང་ཡོད་པ་ལྟར་ཟླ་བ་འདིའི་ཕྱི་ཚེས་ ༡༢ ནས་ས་གནས་ཀྱི་བརྙན་འཕྲིན་བརྒྱུད་ལམ་ཐོག་༸གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་གློག་བརྙན་ཁག་ཅིག་གཟིགས་འབུལ་དབུ་འཛུགས་གནང་ཡོད་པ་རེད། 

ཉེ་དུས་སུ་༸སྐུའི་འཁྲུངས་སྐར་དང་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ལོ་དང་འབྲེལ། ར་སྦང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་ནས་ས་གནས་སུ་ཤིང་སྣ་དང་མེ་ཏོག་ཁྱོན་ ༣༥༠༠ འདེབས་འཛུགས་དང་དེ་བཞིན་ཨོ་ཌི་ཤ་དང་བསྟན་འཛིན་སྒང། མེའོ་ཆོས་འཕེལ་གླིང་། ཧུན་སུར། མོན་གྷོ་འདོད་དགུ་གླིང་། ཀོ་ལེ་གྷལ་སོགས་བོད་མིའི་གཞིས་སྒར་ཁག་ཏུ་དེ་མཚུངས་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། གཞིས་སྒར་ཁག་ཅིག་ཏུ་ས་གནས་ཀྱི་གནམ་གཤིས་དང་བསྟུན་རྩི་ཤིང་འདེབས་འཛུགས་ཀྱི་ལས་གཞི་མུ་མཐུད་སྤེལ་མུས་ཡིན་པ་རེད།

གཞི་རྩའི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ལོ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ནས་ཞབས་རིམ་གསོག་སྒྲུབ་དང་། ༸རྒྱལ་བའི་མཛད་འཕྲིན་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ། དེ་བཞིན་མངར་ཟས་འགྲེམས་སྤེལ། སྦྱིན་གཏོང་གི་ལས་གཞི་སོགས་མཛད་རིམ་སྣ་མང་ཞིག་སྤེལ་མུས་ཡིན་པ་མ་ཟད། བོད་མི་གནས་ཡུལ་སོ་སོའི་མངའ་སྡེ་དང་རྫོང་ཁག་གི་ལམ་སྟོན་གཞིར་བཞག་ཐོག་༸གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་མཛད་རིམ་ཁག་རྒྱ་གང་ཆེར་སྤེལ་བཞིན་ཡོད་པ་རེད།  

འབྲེལ་ཡོད་གསར་གནས།

གསར་གནས།