Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་རྡོར་གདན་དུ་ཆོས་ཞུ་བ་བཞི་ཁྲི་ལྷག་ལ་བཀའ་ཆོས་དབུ་འཛུགས་མཛད་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བར་ཉིན་གྲངས་གཉིས་རིང་གི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་བཀའ་ཆོས་དབུ་འཛུགས་པ་དང་སྦྲགས། ཇི་ཙམ་གྱིས་སྟོང་སྒོམ་པ་དེའི་ཚོད་ཀྱིས་སེམས་རང་བཞིན་གྱི་འོད་གསལ་བ་དེ་བདེ་བླག་ཏུ་རྟོགས་ཐུབ་ཀྱི་ཡོད་པར་བཀའ་སྩལ་མཛད་སོང་།

སྐབས་དེར་༸དཔལ་ས་སྐྱའི་གོང་མ་ཁྲི་ཆེན་མཆོག་དང་ཁྲི་འཛིན་ ༤༣ པ་མཆོག འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་རྣམ་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་བཞི་ཁྲི་ལྷག་ཆེད་ཕེབས་གནང་འདུག

༸གོང་ས་མཆོག་གིས་བཀའ་ཆོས་ཀྱི་སྔོན་འགྲོར་སྐྱབས་སུ་འགྲོ་རྒྱུ་དེ་རང་གཞན་གྱི་དོན་སྒྲུབ་ཕྱིར་ཡིན་པ་དང་། སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་མཇལ་ནས་སངས་རྒྱས་ཀྱིས་ལམ་ཇི་ལྟར་ཉམས་ལེན་མཛད་པ་བཞིན་ང་ཚོས་ཀྱང་དེ་ལྟར་བྱེད་དགོས་པ་དང་། ཇི་ཙམ་གྱིས་སྟོང་སྒོམ་པ་དེའི་ཚོད་ཀྱིས་སེམས་རང་བཞིན་གྱི་འོད་གསལ་བ་དེ་བདེ་བླག་ཏུ་རྟོགས་ཐུབ་ཀྱི་ཡོད་པར་བཀའ་སྩལ་མཛད་སོང་།

དེ་བཞིན་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེ་འདིར་སྦྱོར་ལམ་ཐོབ་པའི་ཐུགས་རེ་མཛད་ཀྱི་ཡོད་པར་བཀའ་སྩལ་བ་དང་འབྲེལ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་ཐུགས་སྨོན་ཙམ་མིན་པར་རྒྱུ་མཚན་ཤེས་པའི་ཐོག་ནས་སྒྲིབ་གཉིས་སྤང་པར་སློབ་སྦྱོང་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།

རྣམ་མཁྱེན་གོ་འཕང་དེ་འབད་བརྩོན་མ་བྱས་ན་མ་གཏོགས་བྱས་ན་ཐོབ་རྒྱུ་ཡོད་པ་ཞིག་དང་། ལྷག་དོན་རང་གཞན་ཀུན་གྱི་དོན་སྒྲུབ་ཕྱིར་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་དགོས་གལ་ཡིན་པའི་བཀའ་སློབ་སྩལ་ཡོད།

དེ་རྗེས་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མཛད་དེ་ཉོན་མོངས་ལ་གཞི་མེད་པ་དང་དེའི་གཉེན་པོར་བདག་མེད་རྟོགས་པའི་ཤེས་རབ་རྒྱབ་རྟེན་ཡོད་གནད་ཡིན་པར་བཀའ་སྩལ་བ་དང་ཆབས་ཅིག དབུ་མའི་ལྟ་བ་དེ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་ཅིང་། མགོན་པོ་༸གང་ཉིད་མཆོག་གིས་ཉིན་ལྟར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་བཞེས་མཛད་ཀྱི་ཡོད་པ་བཞིན་ཆོས་ཞུ་ཚོས་ཀྱང་དེ་ལྟར་གནང་ཐུབ་ཚེ་ཕན་ཡོན་ཆེན་པོ་ཡོད་སྐོར་ལམ་སྟོན་མཛད་ཡོད།

གཞི་རྩའི་སང་ཉིན་སྔ་དྲོར་མགོན་པ་༸གང་ཉིད་མཆོག་གིས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་མུ་མཐུད་བཀའ་དྲིན་སྩལ་རྒྱུ་དང་། ཕྱི་ཚེས་ ༣༡ སྔ་དྲོ་༸རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུར་མ་ཟད། ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡ ཚེས་ ༡ ཉིན་ཕྱི་ལུགས་ལྟར་གནམ་ལོ་གསར་བཞེས་དང་བསྟུན། ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཝཱ་རཱ་ཎ་སཱི་སློབ་ཟུར་ཐུན་མོང་། སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས། དཔལ་ཞྭ་ལུ་དགོན་པ། དེ་བཞིན་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པ། དགེ་ལྡན་སྤྱི་ལས་ཁང་བཅས་ཚོགས་པ་ཁག་གསུམ་གྱི་ཁོངས་གཏོགས་དད་ལྡན་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།