Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2016

རེས་གཟའ་ལྷག་པ། ༢༠༡༦།༠༣།༠༢

ཉན་པ།: Listen ཕབ་ལེན། Download དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་གྱུར་འདུག རྡོ་རྗེ་ཚེ་རིང་ལགས་ཀྱིས་ཁོང་ཆུང་དུས་ནས་བོད་ཀྱི་རྩ་དོན་སླད་སེམས་ཤུགས་ཆེན་པོ་ཡོད་གསུངས་འདུག རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱ་གཞུང་གི་ཁྲིམས་ལུགས་ལ་བསྐྱོན་བརྗོད། Hyderabad ནང་ཏཱ་ལའི་བླ་མའི་བཟང་སྤྱོད་སྲུང་སྐྱོབ་ཐེབས་རྩ་ཁང་གི་ལྟེ་གནས་ཤིག་ཆེད་འཛུགས། གསང་སྔགས་མཁས་པའི་བགྲོ་གླེང་ཆེན་མོ་མཇུག་སྒྲིལ། དམིགས་བསལ་ལེ་ཚན། ༸གོང་ས་མཆོག་གིས་༢༠༡༤ལོར་རྒྱ་གར་ལྷོ་ཕྱོགས་བོད་མིར་སྩལ་བའི་བཀའ་སློབ། Wednesday 02/03/2016 18 year old Tibetan monk dies after self immolation in Nyagrong, Kardze I have always wanted to do something for Tibet: Self immolator Dorje Tsering Hillary Clinton offers strength and prayers for Dorjee Tsering’s steady recovery EU and major powers tell China its new law goes too far Dalai Lama Center for Ethics to be set up in Hyderabad, India Tantrik debate concludes at Drepung Monastery FEATURE: Dalai Lama’s speech to Tibetans in South India

རང་ལོ་བཅུ་དྲུག་ཟིན་པའི་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་བསྲེགས་གནང་འདུག

ཁ་སང་སྔ་འདྲོ་ཚོུད་༨།༣༠ཐོག རང་ལོ་༡༦ཡིན་པའི་བོད་པའི་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས་ཀྱིས་རྒྱ་གར་བྱང་ཕྱོགས་རྡེ་ར་ལྡུན་མངའ་ཁུལ་བོད་མིའི་གཞིས་སྒར། འདོད་རྒུ་གཡུ་རྒྱལ་གླིང་གྱི་རྒས་གསོ་ཁང་དུ། རང་ལུས་མེར་བསྲེགས་གནང་འདུག ཁོང་ད་ལྟའི་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ Safdarjung སྨན་ཁང་དུ་ཛ་དྲག་གྱི་གནས་སྟངས་འོག་མྱུར་སྐྱོབ་བྱེད་བཞིན་ཡོད་པ་མ་ཟད། འབྲེལ་ཡོད་ནང་མིས་ཁོང་གི་སྐུ་གཟུགས་བརྒྱ་ཆ་ ༩༥ མེར་བསྲེགས་ཟིན་ཡོད་པ་བརྗོད་ཀྱི་འདུག འདི་ག་རླུང་འཕྲིན་ཁང་ལ་ཁོང་གི་ཨ་མ་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ།  རང་ལུས་མེར་བསྲེགས་གནང་བའི་སྐབས་སུ་རྡོ་རྗེ་ཚེ་རིང་ལགས་ཀྱིས་བོད་རང་བཙན་ཞེས་སྐད་འབོད་གནང་པ་མ་ཟད། དེ་སྔ་ཡང་ཁོང་ལ་བོད་ཀྱི་རྩ་དོན་ཆེད་དུ་རང་ལུས་མེར་བསྲེག་གཏང་ན་དགའ་ས་རེད་དམ་ཞེས་དྲི་བ་ཡང་བཏང་མྱོངས་ཡོད་པ་རེད་འདུག རྡོ་རྗེ་ཚེ་རིང་ལགས་ནི་མ་སུ་རི་བོད་ཁྱིམ་དུ་འཛིན་རིམ་བཅུ་པ་སློབ་བཞིན་པ་དང། ཁོང་གི་ཕ་མ་གཉིས་ལ་བུ་ཕྲུག་ལྔ་ཡོད་པ་ལས་ཁོང་ཆུང་ཤོས་དེ་རེད་འདུག རྩ་བའི་ཆར་ཁོང་ནི་རྒྱ་གར་བྱང་ཕྱོགས་མ་ན་ལི་ནས་ཡིན་ཞིང་། ཁོང་རང་ཉིད་ཀྱི་ཨ་མ་ལགས་དང་ལྷན་དུ་འདོད་རྒུ་གཡུ་རྒྱལ་གླིང་གྱི་རྒན་གསོ་ཁང་དུ་པོ་པོ་ཐུག་འཕྲད་ཆེད་བསྐྱོད་པ་ཞིག་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་ཐེངས་དེའི་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་རིམ་དང་འབྲེལ། ས་གནས་འགོ་འཛིན་གཙོས་ས་གནས་རྒན་གསོ་ཁང་ལ་འབྲེལ་བ་ཞུ་ཐབས་བྱས་ཀྱང། ད་བར་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་གནང་མཁན་བྱུང་མ་སོང།

༸གོང་ས་མཆོག་གིས་མ་ཡོ་སྨན་ཁང་གི་ལས་བྱེད་རྣམ་པར་སེམས་རྒྱུད་ལ་བྱམས་སྙིང་རྗེ་ལྡན་པ་གནང་དགོས་གལ་ཡིན་པ་བཀའ་སྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མི་ནེ་སོ་ཊ་ Minnesota མངའ་སྡེའི་ Mayo སྨན་ཁང་གི་སྨན་པ་གཙོས་པའི་ལས་བྱེད་ཁག་ཅིག་ལ་སེམས་རྒྱུད་ལ་བྱམས་སྙིང་རྗེ་ལྡན་པ་ཞིག་གནང་དགོས་གལ་ཡིན་པ་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། དེ་ཡང་༸གོང་ས་མཆོག་ཟླ་བ་སྔོན་མའི་ཚེས་ ༢༠ ནས་ཨ་རིའི་ Mayo སྨན་ཁང་དུ་༸སྐུའི་འཕྲོད་བཞེས་ཀྱི་སྨན་བཅོས་བརྟག་དཔྱད་གནང་བཞིན་ཡོད་པའི་དུས་སྐབས་དང་བསྟུན། ཁ་སང་ཟླ་ ༢ ཚེས་ ༢༩ ཉིན་ཨ་རིའི་མི་ནེ་སོ་ཊ་ Minnesota མངའ་སྡེའི་ Mayo སྨན་ཁང་གི་འགན་འཛིན་ John Noseworthy ལགས་ཀྱིས་གཙོས་པའི་ལས་བྱེད་ཁག་ཅིག་དང། དེ་བཞིན་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་མི་གྲངས་ ༥༠༠ ལྷག་ལ་འཕྲོད་བསྟེན་དང་བྱམས་སྙིང་རྗེའི་ཐོག་ལ་བླང་དོར་གྱི་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་སྩལ་གནང་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བདེ་སྡུག་ལ་ལྟ་སྐྱོང་གནང་མཁན་སྨན་པ་དང་སྨན་ཞབས་རྣམ་པའི་སེམས་རྒྱུད་ལ་བྱམས་སྙིང་རྗེ་ལྡན་པ་དགོས་པ་ནི་ཆེས་ཤིན་ཏུ་ནས་གལ་འགངས་ཆེ་བ་ཡིན་པ་བཀའ་སྩལ་དང་འབྲེལ། གཙོ་བོ་མིའི་མི་ཚེ་ནང་ཉོན་མོངས་པའི་སེམས་འཚོར་ཁོང་ཁྲོ་དང་མ་རིག་པའི་བསམ་བློ་དེ་དག་ངེས་པར་དུ་དོར་དགོས་གལ་ཡིན་པ་བཀའ་སྩལ་གནང་པ་མ་ཟད། ལྷག་དོན་ཆེད་དུ་དམིགས་པའི་སྨན་ཁང་གི་སྨན་པ་གཙོས་པའི་ལས་བྱེད་རྣམ་པར་རང་གི་ལས་ཀའི་ངོ་བོ་ཆ་ནས་འགྲོ་བ་ཀུན་ལ་སྨན་པའི་སེམས་རྒྱུད་ལ་བྱམས་སྙིང་རྗེ་ལྡན་པ་ཞིག་གནང་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་སྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་མིའི་མི་ཚེ་ནང་འཆི་བ་ལས་གཡོལ་ཐབས་མེད་ཀྱང་། འཆི་ལ་ཉེ་བའི་མིའི་བསམ་བློ་གཏོང་ཕྱོགས་དེ་ཞི་བདེ་དང་བག་ཕེབས་ལྡན་པ་ཞིག་བྱུང་ཚེ་སྐྱེ་བ་ཕྱི་མར་ཕན་ངེས་ཡིན་པ་བཀའ་སྩལ་གནང་པ་དང་ཆབས་ཅིག སྨན་པ་དང་སྨན་ཞབས་པ་ཚོས་ནད་པ་ཀུན་ལ་རིགས་རུས་དང་ཡུལ་ལུང་སོགས་ཁྱད་མེད་པར་རང་གི་ཆེས་གཅེས་པའི་གཅེན་པོ་དང་གཅེན་མོའི་འདུ་ཤེས་འཛིན་ཏེ། རྣམ་པ་ཀུན་ཏུ་སེམས་པ་བཟང་པོ་དང་བྱམས་སྙིང་རྗེ་ལྡན་པ་ཞིག་གནང་རྒྱུ་གལ་ཆེ་ཡིན་པ་བཀའ་སྩལ་འདུག གཞན་ཡང་སྐབས་དེར་ལས་རིམ་གཙོ་སྐྱོང་བ་གསར་འགོད་པ་ལྕམ་སྐུ་ Cathy Wurzer ལགས་ཀྱིས་རང་ཉིད་ཀྱི་ཡབ་དམ་པ་སྐུ་ཚེ་མ་ཟིན་པའི་ལོ་རྒྱུས་དང་། ལོ་ངོ་གཉིས་ཀྱི་སྔོན་ལ་ Minneapolis Convention Center དུ་ཚོགས་པའི་ནོ་སྦེལ་ཞི་བདེའི་ལྷན་ཚོགས་ཐོག་༸གོང་ས་མཆོག་དང་ཆེས་ཐོག་མའི་མཇལ་འཕྲད་བྱུང་སྐོར་སོགས་གསུངས་པ་དང་སྦྲགས།  སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་ཀྱང་ཁོ་མོའི་ཡབ་དམ་པ་དེ་ཉིད་སྐུ་ཚེ་མ་ཟིན་པར་ཐུགས་གསོ་སྩལ་བ་མ་ཟད། བྱམས་པ་དང་སྙིང་རྗེ་གཉིས་པོ་ནི་འགྲོ་བ་མིའི་རྒྱུད་ལ་ལྷན་སྐྱེས་སུ་ཡོད་སྟབས།  ང་ཚོ་ཚང་མས་དེར་ཉམས་ལེན་གནང་ཐུབ་རྒྱུ་ཡོད་པ་ཞིག་རེད་ཅེས་བཀའ་སྩལ་ཟབ་མོ་གནང་མྱོང་ཡོད་པ་གསུངས་ཡོད། ད་དུང་གསར་འགོད་པ་ལྕམ་སྐུ་ Cathy Wurzer ལགས་ཀྱིས་༸གོང་ས་མཆོག་ལ་དེང་དུས་ཀྱི་འཕྲུལ་རིགས་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་པའི་ཐད་ལ་དགོངས་ཚུལ་ཇི་ཡོད་སྐོར་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་ཡར་རྒྱས་སུ་འགྲོ་བཞིན་པའི་འཕྲུལ་རིགས་རྣམས་མིའི་མི་ཚེ་ནང་ཕན་ཐོགས་ཆེན་པོ་ཡོད་ཀྱང་། དེ་དག་བེད་སྤྱོད་ལོག་པར་གཏང་ན་ཕན་ལས་གནོད་ཆེ་བ་ཆགས་སྲིད་པས་རྣམ་ཀུན་ནས་བེད་སྤྱོད་ལེགས་པོ་གཏང་དགོས་གལ་ཡིན་པ་དང།  ལྷག་དོན་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ཀྱི་བསམ་བློ་གོང་མཐོར་གཏང་གལ་ཡིན་པ་བཀའ་སྩལ་འདུག ༸གོང་ས་མཆོག་གིས་ད་བར་ཟླ་བ་གཅིག་ལྷག་རིང་ Mayo སྨན་ཁང་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་ཆིབས་སྒྱུར་བསྐྱངས་པ་ཞིག་ཆགས་ཡོད་སྟབས། སྨན་ཁང་གི་འགན་འཛིན་ John Noseworthy ལགས་ཀྱིས་གཙོས་པའི་ལས་བྱེད་ཚོས་སེམས་དགའ་པོའི་ཐོག་སྨན་བཅོས་སོགས་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་དང་འབྲེལ། John Noseworthy ལགས་དང་ལས་རིམ་གཙོ་སྐྱོང་གནང་མཁན་གསར་འགོད་པ་ལྕམ་སྐུ་ Cathy Wurzer ལགས་གཉིས་ལ་ལེགས་གསོའོ་མཇལ་དར་རེ་གནང་འདུག རྩ་བའི་༸གོང་ས་མཆོག་ད་ལྟའི་ཆར་ཨ་རིའི་ Mayo སྨན་ཁང་དུ་༸སྐུའི་འཕྲོད་བཞེས་ཀྱི་སྨན་བཅོས་བརྟག་དཔྱད་དང་སྐུ་ངལ་གསོལ་བཞུགས་གནང་བཞིན་ཡོད་པ་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་གནས་ཐོག་གསལ་བར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་ཨ་རིའི་ Madison གྲོང་ཁྱེར་ནང་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་དང་། ཕྱི་ཚེས་ ༨ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་ Wisconsin གཙུག་ལག་སློབ་གྲྭ་ཆེན་མོར་བཟང་སྤྱོད་གོང་མཐོ་དང་འབྲེལ་བའི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་མཛད་ཀྱི་ཡོད་པ་རེད་འདུག

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༡ དབུ་འཛུགས་གནང་པ།

རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༡ སྲུང་བརྩིའི་མཛད་སྒོ་དབུ་འཛུགས་གནང་ཡོད་པ་རེད། དེ་ཡང་དེ་རིང་ཟླ་ ༣ ཚེས་ ༡ ཉིན་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་གི་ལྷ་མོའི་ཚོགས་ཁང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༡ པའི་སྲུང་བརྩིའི་མཛད་སྒོར་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲས་མཆོག་སྤྲུལ་རིན་པོ་མཆོག་གིས་དབུས། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དང་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་གཉུག་མར་གནས་པ་དང་གློ་བུར་བུ་ལྷགས་པ་བཅས་ཚང་འཛོམས་ཀྱིས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲས་མཆོག་སྤྲུལ་རིན་པོ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚེའི་མཛད་རྣམ་དང་༸གང་ཉིད་མཆོག་གིས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་བཀྲིན་ཆེན་པོས་བསྐྱངས་ཚུལ་དང། ལྷག་དོན་རང་ཅག་ཚོས་མགོན་པོ་༸གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་སྩལ་བ་རྣམས་ཚུལ་བཞིན་ལག་བསྟར་ཞུ་གལ་ཡིན་པ་སོགས་བཀའ་སྩལ་ཡོད་པ་རེད། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་མང་ཚོགས་རྣམས་ལ་བོད་ཀྱི་ཞོ་སྟོན་གྱི་ལྷ་མོའི་འཁྲབ་སྟོན་གྱི་འབྱུང་རིམ་སྐོར་དང་མིང་དེ་ལྟར་ཐོགས་ཚུལ་ཇི་ཡིན་སོགས་ཀྱི་ཐད་ངོ་སྤྲོད་གནང་པ་དང་འབྲེལ། བཙན་བྱོལ་དུའང་༸གོང་ས་མཆོག་གིས་དབུ་ཁྲིད་ལམ་སྟོན་གནང་པའི་འོག་བོད་ཀྱི་ཟློས་གར་ཚོགས་པ་གཙོས་ལྷ་མོའི་ཚོགས་ཁག་གསར་བཙུགས་ཐུབ་པ་བྱུང་ཞིང་དེ་སྔའི་བོད་ཀྱི་ཞོ་སྟོན་གྱི་ལྷ་མོའི་འཁྲབ་གཞུང་རྣམས་ཀྱང་ཉམས་གསོ་བྱུང་ཡོད་པ་སོགས་གསུངས་སོང་། རྩ་བའི་ད་ལན་གྱི་བོད་ཀྱི་ཞོ་སྟོན་འདི་བཞིན་དེ་རིང་ནས་འགོ་ཚུགས་ཀྱིས་ཚེས་༨བར་ཚོགས་ཀྱི་ཡོད་པ་དང། སང་ཉིན་ནས་དངོས་སུ་ལྷ་མོ་ཚོགས་ཁག་ ༧ གྱིས་ལྷོ་མོ་འཁྲབ་སྟོན་དབུ་འཛུགས་གནང་གི་ཡོད་པ་རེད།      

རེས་གཟའ་མིག་དམར། ༢༠༡༦།༠༣།༠༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་མ་ཡོ་སྨན་ཁང་གི་ལས་བྱེད་རྣམ་པར་བྱམས་སྙིང་རྗེའི་སྐོར་བཀའ་སློབ་བསྩལ་འདུག ༸གོང་ས་མཆོག་ལ་ཐེ་ལྦན་གྱི་མཐོང་ཆེན་ཕུལ་མིན་ཐད་ལ་ཞིབ་དཔྱོད་གནང་རྒྱུ་ཡིན་པ་གསུངས་འདུག ཨ་རིར་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ཐེངས་བརྒྱད་པ་དབུ་འཛུགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཚོགས་ཆེན་མཇུག་སྒྲིལ། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནས་༢༠༡༦ དང་ ༢༠༡༧ ལོའི་སྔོན་རྩིས་སྐྱར་ཞིབ་གནང་འགོ་བཙུགས་པ། བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༡ པ་དབུ་འཛུགས་གནང་འདུག གཞས་པ་བདུད་བྷེ་ལགས་ཀྱིས་བླངས་པའི་གླུ་གཞས། བུ་མོ་ཚེ་རིང་བཟང་མོ། Tuesday 01/03/2016 Dalai Lama talks about compassion in health care at Mayo Elected Taiwan president’s dilemma, whether to host the Dalai Lama Tibetan Lobby day begins in Washington DC Tibetan Parliamentary Committee meets to review CTA Budget 2016 – 17 North America Regional Meeting of ITN concludes with 3 point resolution 21st Tibetan opera festival begins at Mundgod, South India MUSIC FEATURE: Late Dubey’s song Bhumo Tsering Sangmo

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཚོགས་ཆེན་ཐོག་ཆབ་སྲིད་བཙོན་པའི་གནད་དོན་སོགས་གྲོས་ཆོད་ཁག་ཅིག་གནང་ འབེབས་གནང་པ།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནང་ཚོགས་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཁ་སང་ཚེས་ ༢༩ ཉིན་ལྷོ་བྱང་ཨ་རི་ས་གནས་ཀྱི་ཚོགས་ཆེན་ཐེངས་ ༦ པ་མཇུག་སྒྲིལ་དང་འབྲེལ། ཆབ་སྲིད་བཙོན་པའི་གནད་དོན་གཙོས་པའི་དོན་གནད་ཁག་ཅིག་གི་ཐོག་ལ་གྲོས་ཆོད་དོན་ཚན་གསུམ་གཏན་འབེབས་གནང་འདུག དེ་ཡང་ཁ་སང་ཚེས་ ༢༩ ཉིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཚོགས་ཆེན་མཇུག་སྒྲིལ་དང་འབྲེལ། བོད་དོན་ཚོགས་པ། བོད་རིགས་སྤྱི་མཐུན་ཚོགས་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་ཚོགས་པ་ཁག་ཆ་བགོས་ཀྱིས་བོད་དོན་ལས་འགུལ་རྒྱ་བསྐྱེད་གཏང་ཐབས་དང་། ལྷག་པར་བོད་མིའི་ཚོགས་པ་ཁག་ཕན་ཚུན་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག་གྲོས་བསྡུར་གནང་པའི་ཁོངས་ལས་གཙོ་བོ་བོད་ཀྱི་རྩ་དོན་ཆེད་རྒྱ་གཞུང་གིས་བཙོན་འཇུག་བྱས་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་ཀློད་གྲོལ་ཡོང་ཐབས་སུ་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུ་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་རྒྱབ་སྐྱོར་དང་ལས་འགུལ་རྒྱ་བསྐྱེད་གཏོང་རྒྱུ།  དེ་བཞིན་ཕྱིའི་རྒྱལ་ཁབ་ཀྱི་གཙུག་ལག་སློབ་ཆེན་ཁག་ལ་ཡོད་པའི་ཁུང་ཙི་བལྟེ་གནས་ཁག་ལ་ངོ་རྒོལ་བྱ་རྒྱུ་སོགས་ཀྱི་གྲོས་ཆོད་ཁག་གསུམ་གཏན་འབེབས་ཀྱིས་དེ་དག་ཐོག་ལས་དོན་གཉེར་རྒྱུ་རེད་འདུག གཞི་རྩའི་ད་ལན་གྱི་ཚོགས་ཆེན་དེའི་ནང་ལྷོ་བྱང་ཨ་རི་གཙོ་བོར་གྱུར་བའི་རྒྱལ་ཁབ་ལྔ་ནས་ཚོགས་པ་ ༡༨ ཀྱི་སྐུ་ཚབ་འཐུས་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་མི་སྣ་སོགས་ཁྱོན་མི་གྲངས་ ༤༠ ཙམ་མཉམ་ཞུགས་གནང་འདུག

བསོད་ནམས་ཚེ་འཕེལ་ལགས་ཀྱི་གནས་སྟངས་ཤེས་རྟོགས་མེད་པར་གྱུར་འདུག

བོད་མདོ་ཁམས་ཆབ་མདོ་ཚ་བ་དཔའ་ཤོད་རྫོང་ནས་ཡིན་པའི་རྩོམ་པ་པོ་བསོད་ནམས་ཚེ་འཕེལ་ལགས་ཀྱིས་ཟླ་སྔ་མའི་ཚེས་ ༡༩ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་སླར་ཡང་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་འདུག དེ་ཡང་ཟླ་ ༢ ཕྱི་ཚེས་ ༡༩ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་སླར་ཡང་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་འདུག་ཀྱང། རྒྱ་གཞུང་ནས་ཁོང་བཙན་ཁྲིད་ཀྱིས་འཛིན་བཟུང་བྱ་དོན་གང་ཡིན་དང་། ད་ལྟའི་ཆར་ཁོང་བཙོན་ཁང་གང་དུ་བཀག་ཉར་བྱེད་ཡོད་མེད་དང་ཁོང་གི་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། གཞི་རྩའི་རྩོམ་པ་པོ་བསོད་ནམས་ཚེ་འཕེལ་ལགས་ནི་ ༢༠༠༩ ལོར་གཞིས་ཀ་རྩེ་ནས་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་ཟླ་ ༩ ལྷག་རིང་བཙོན་ཁང་དུ་བཀག་བསྐྱིལ་བྱས་པ་མ་ཟད། སླར་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་མིང་འོག་ལོ་ ༢ རིང་བཙོན་འཇུག་ཁྲིམས་ཐག་བཅད་ནས་ངལ་རྩོལ་བསྒྱུར་ཁང་ཞིག་ཏུ་བཀག་ཉར་བྱས་འདུག དེ་རྗེས་ ༢༠༡༢ ལོའོ་ལོ་སྟོད་ཙམ་ནས་ཁོང་བཙོན་གྲོལ་བཏང་འདུག་ཀྱང། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༩ ཉིན་རྒྱ་གཞུག་ཉེན་རྟོག་པས་གློ་བུར་དུ་ཁོང་གིས་མི་རིགས་དབར་དཀྲུགས་པའི་རྩོམ་ཡིག་སྤེལ་བ་དང་། ལྷག་དོན་༸གོང་ས་མཆོག་གི་སྐུ་པར་མང་ཚོགས་ཁྲོད་སྤེལ་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གནོད་པའི་ལས་བརྩམས་པའི་ཉེས་མིང་འོག་འཛིན་བྱས་པ་དང། རྒྱ་སྒོར་ ༡༥༠༠ ཉེས་ཆད་བཅད་དེ་སྔ་ལོའི་ཟླ་ ༧ ཚེས་ ༢༤ ཉིན་བཙོན་གྲོལ་བཏང་ཡོད་པ་རེད། རྩ་བའི་རྩོམ་པ་པོ་བསོད་ནམས་ཚེ་འཕེལ་ལགས་སམ་གངས་ཅན་པ་གུ་དྲག་ལགས་ནི་བོད་མདོ་ཁམས་ཆབ་མདོ་ཚ་བ་དཔའ་ཤོད་རྫོང་ནས་ཡིན་ཞིང། དེ་སྔོན་སྟོད་དིང་རིར་རྫོང་ཤེལ་དཀར་གྲོང་རྡལ་དུ་ཚོང་ལས་གཉེར་ནས་བཞུགས་ཀྱི་ཡོད་པ་རེད་འདུག

Latest news