Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2016

༸གོང་ས་མཆོག་ནས་༢༠༡༦ལོའི་Skollའཛམ་གླིང་གླེང་སྟེགས་ཐོག་དབུ་བཞུགས་མཛད་རྒྱུ་རེད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་Skollཞེས་པའི་མཁས་པའི་གླེང་སྟེགས་ཤིག་ཏུ་དབུ་བཞུགས་མཛད་རྒྱུ་རེད་འདུག དེ་ཡང། དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Skoll Foundation and the Skoll Centre for Social Entrepreneurshipཞེས་པའི་ཚོགས་པའི་གོ་སྒྲིག ཁུལ་དེའི་ Oxford གཙུག་ལག་སློབ་གཉེར་ཁང་དུ་Skoll འཛམ་གླིང་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པ་དང། གླེང་སྟེགས་དེ་བཞིན། རྒྱལ་སྤྱིའི་ནང་ཚོང་ལས་རིག་གསར་གྱི་མཁས་པ་དང་མང་ཚོགས་ལ་སེམས་འགུལ་བྱིན་ཐུབ་མཁན་གྱི་མཁས་ལས་མི་སྣ་ཁག་ཅིག་གདན་ཞུས་ཕུལ་ནས་འཛམ་གླིང་ནང་གི་ཆེས་ཛ་དྲག་དང་ཡང་ང་བའི་དཀའ་ངལ་ཁག་སེལ་ཐབས་སྐོར་གོ་བསྡུར་སྦྱང་བཤད་སོགས་གནང་གི་ཡོད་པ་རེད། འདི་ལོའི་ལྷན་ཚོགས་དེ་བཞིན་ཟླ་བ་རྗེས་མའི་ཚེས་༡༣ཉིན་ཚོགས་གཏན་འཁེལ་འདུག་པ་དང་སྐབས་དེར་ཚོང་ལས་མཁས་པ་དང་སྒྱུ་སྩལ་བ། ཉམས་ཞིབ་པ་དང་གསར་འགོད་པ་སོགས་འཛམ་གླིང་རྒྱལ་ཁབ་ཁག་མི་འདྲབ་༦༠ལྷག་གི་ཤེས་ལྡན་མི་སྣ་ལྷན་འཛོམས་བྱུང་གི་འདུག ཁྱད་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་འདུའི་ཚོགས་དགོན་དུ་ཆིབས་སྒྱུར་མཛད་དེ་བླང་དོར་བཀའ་སློབ་བཀྲིན་བསྩལ་གཏན་འཁེལ་ཡོད་པ་རེད་འདུག ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་༤པའི་ནང་དབྱིན་ཡུལ་ནང་དུ་ཆིབས་སྒྱུར་མཛད་འཆར་ཐུགས་གཏན་འཁེལ་བའི་ཁྲོད་གཞན་ཡང་ཚེས་༡༥ཉིན་མགོན་པ་༸གང་ཉིད་མཆོག་གིས་ཁུཀ་དེར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་བྱམས་བརྩེ་ལྟེ་གནས་ཁང་དུ་ཆིབས་སྒ དེ་བཞིན་ཕྱི་ཚེས་༡༦ཉིན་རྒྱལ་ས་London ནང་རྟེན་གཞི་བྱས་Barbicanལྟེ་གནས་ཁང་དུ། བྱམས་བརྩེ་ལགས་བསྟར་གནང་ཕྱོགས་དང་འབྲེལ་བའི་ཐོག་བཀའ་སློབ་བཀྲིན་སྩལ་གནང་གི་འདུག

བོད་མི་ཆབ་སྲིད་བཙོན་པ་གཉིས་བཙོན་གྲོལ་ཐོབ་འདུག

རྒྱ་ནག་གི་དར་དམར་མར་ཕབ་ཏེ་བོད་ཀྱི་དར་སེང་བསྒྲེངས་ནས་སྦྱར་ཡིག་དང་འགྲེམས་སྤེལ་བྱས་པར་བརྟེན་རྒྱ་གཞུང་གིས་འཛིན་བཟུང་འོག་ལོ་བཞི་ལྷག་རིང་བཙོན་ཁང་དུ་སུན་བཙིར་བཀག་སྐྱིལ་བྱས་རྗེས་ཟླ་འདིའི་ཚེས་ ༡༢ དགོང་མོར་བཙོན་གྲོལ་བཏང་ཡོད་པ་རེད། ཟླ་འདིའི་ཚེས་ ༡༢ དགོང་མོར་ཟི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་རྫོང་། རྫ་ཆུ་ཁ་རྫ་དབོན་པོ་དགོན་གྱི་གྲྭ་བསོད་ནམས་མགོན་པོ་ལགས་རྒྱ་གཞུང་གིས་ཀློད་གྲོལ་བཏང་ཡོད་པ་ཤེས་པ་ཙམ་ལས། ཁོང་ཀློད་གྲོལ་བཏང་བའི་ཚེས་དུས་དང་ད་ལྟའི་ཆར་གཟུགས་གཞིའི་གནས་སྟངས་ཇི་ཡོད་སོགས་ཤེས་རྟོགས་ཐུབ་མེད། འདི་ག་རླུང་འཕྲིན་ཁང་དུ་གྲྭ་བྱམས་པ་ཡོན་ཏན་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན་ལ། གྲྭ་བསོད་ནམས་མགོན་པོ་ལགས་ནི་ཟླ་འདིའི་ཚེས་ ༡༢ དགོང་མོར་བཙོན་གྲོལ་ཐོབ་ནས་རང་ཁྱིམ་དུ་འབྱོར་ཡོད་པ་ཤེས་པ་ཙམ་ལས་དེ་མིན་ཀློད་གྲོལ་བཏང་བའི་ཚེས་དུས་དང་ད་ལྟའི་ཆར་གཟུགས་གཞིའི་གནས་སྟངས་ཇི་ཡོད་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་གསུངས་ཀྱི་འདུག ད་དུང་ཁོང་གིས་གྲྭ་བསོད་ནམས་མགོན་པོ་ལགས་ནི་དེ་སྔ་ ༢༠༡༢ ཟླ་ ༡༢ པའི་ཚེས་ ༡༢ གྱི་ཞོགས་པ་ཆུ་ཚོད་བརྒྱད་པ་ཡས་མས་ཙམ་དུ་རྒྱ་མི་འབོར་ཆེན་ཞིག་སླེབས་ནས་དབོན་པོ་དགོན་ནང་ནས་འཛིན་བཟུང་བྱས་ འདུག་ལ། ཁོང་དང་མཉམ་དུ་དབོན་པོ་དགོན་རྨང་གཞིའི་རིག་གནས་སློབ་གླིང་གི་སློབ་མ་བསོད་ནམས་ཆོས་དར་དང་། བློ་བཟང་མཁས་གྲུབ། བློ་བཟང་ནོར་བུ། བློ་བཟང་དབྱིག་གཉེན། བསྟན་འཛིན་དགེ་འདུན། བཅས་འཛིན་བཟུང་བྱས་རྗེས་ཟླ་མང་པོའི་རིང་གར་སོང་ཆ་མེད་དུ་གྱུར་འདུག་པ་དང། དེ་རྗེས་ ༢༠༡༣ ཟླ་ ༩ ཚེས་ ༡༡ ཉིན་བསོད་ནམས་ནམས་མགོན་པོ་དང་། བསོད་ནམས་ཆོས་དར་གཉིས་ལ་ལོ་བཞི་རེའི་ཁྲིམས་ཆད་དང་གཞན་རྣམས་རིམ་པས་ཀློད་གྲོལ་བཏང་འདུག དེ་བཞིན་གྲྭ་བསོད་ནམས་མགོན་པོ་ལགས་ཉེ་ཆར་བཙོན་འཇུག་དུས་བཀག་གཙང་རྗེས་བཙོན་གྲོལ་བཏང་འདུག་ཀྱང་བསོད་ནམས་ཆོས་དར་ལགས་ལོ་བཞིའི་བཙོན་འཇུག་དུས་བཀག་གཙང་ཟིན་ཀྱང་ད་དུང་བཙོན་གྲོལ་གཏང་མེད་པ་རེད་འདུག དེའི་བར་ན་ས་གནས་ད་ག་རང་དུ་རང་ལོ་ ༦༡ སོན་པའི་དངོས་དགའ་ལགས་རྒྱ་གཞུང་གི་བཙོན་ཁང་ནང་ལོ་བརྒྱད་རིང་དུས་བཀག་བཙོན་འཇུག་བྱས་རྗེས་དུས་བཀག་གཙང་ནས་གཟུགས་གཞིའི་གནས་སྟངས་ཛ་དྲག་འོག་ཀློད་གྲོལ་བཏང་འདུག འདི་ག་རླུང་འཕྲིན་ཁང་དུ་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན་ལ། བོད་མི་རྒན་གྲས་དངོས་དགའ་ལགས་ཉེ་ཆར་ཟླ་འདིའི་ཚེས་ ༢༠ ཉིན་བཙོན་གྲོལ་ཐོབ་འདུག་པ་དང་། བཙོན་ཁང་ནང་སྡུག་སྦྱོང་ཚད་མེད་མྱངས་པས་ད་ལྟའི་ཆར་སྐེད་པའི་ནད་གཞི་དྲག་པོ་ཕོག་ཡོད་པའི་ཁར་མི་གཞན་གྱི་རོགས་རམ་བྱེད་ན་མ་གཏོགས་ཡར་མར་ཕེབས་ཐུབ་ཀྱི་མེད་པ་རེད་འདུག རྩ་བའི་ཁོང་ཁྲན་ཏུ་ཁུལ་གྱི་བཙོན་ཁང་ནང་བཞག་ཡོད་པ་དང་རྗེས་སུ་ཚེས་ ༢༠ ཉིན་རྒྱ་གཞུང་ཉེན་རྟོག་པས་གསང་སྟབས་ཀྱིས་བཙོན་གྲོལ་བཏང་སྟབས། ས་གནས་བོད་མི་ཚོས་ཕེབས་བསུ་ཞུ་ཐུན་མེད། ད་ལྟའི་ཆར་གཡས་ཡོན་གྱི་ས་ཁུལ་ཁག་ནས་བོད་མི་བརྒྱ་ཕྲག་མང་པོ་ཡོང་ནས་འཚམས་འདྲི་དང་དགའ་སུ་ཞུ་བཞིན་པ་རེད་འདུག རྩ་བའི་དངོས་དགའ་ལགས་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་སྐབས་དཀར་མཛེས་ཁུལ་གྱི་ངོ་རྒོལ་སྣེ་ཁྲིད་གནང་བའི་ཉེས་འཛུགས་འོག་འཛིན་བཟུང་གིས་བདུན་ཕྲག་ཁ་ཤས་བཀག་ཉར་བྱས་རྗེས་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་ལ་ལོ་ ༨ རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་ཞིག་རེད།

རེས་གཟའ་ཕུར་བུ། ༢༠༡༦།༠༣།༢༤

ཉན་པ།: Listen ཕབ་ལེན། Download སྲིད་སྐྱོང་མཆོག་གིས་མ་འོངས་ལས་དོན་ཐོག་གང་ཐུབ་ཅི་ཐུབ་ཞབས་ཞུ་འགྲུབ་རྒྱུ་ཡིན་པ་གསུངས་འདུག བོད་མི་ཆབ་སྲིད་བཙོན་པ་གཉིས་གློད་བཀྲོལ་ཐོབ་འདུག རྒྱལ་སྤྱིའི་བོད་ལུགས་སྨན་གྱི་བགྲོ་གླེང་ཚོགས་དབུ་འཛུགས། རྒྱ་གར་གཞུང་ནས་རྒྱ་ནག་དང་ལྷན་བོད་ཀྱི་རང་སྲིད་རང་སྐྱོང་གི་གནད་དོན་སྐོར་གླེང་དགོས་པ་གསུངས་འདུག འཇར་མན་སྲིད་འཛིན་མཆོག་གིས་རྒྱ་གཞུང་གི་དམར་ཤོག་རིང་ལུགས་ལ་ངོས་ལེན་མེད་པ་གསུངས་འདུག གློ་ནད་ཊི་སྦི་ནི་བོད་མིའི་སྤྱི་ཚོགས་ཁྲོད་འཕྲོད་བསྟེན་གྱི་དོ་ཁུར་ཆེ་ཤོས་བྱ་ཡུལ་ཞིག་ཡིན་པ་གསུངས་འདུག རྒྱ་གཞུང་ནས་བཞུགས་སྒར་དུ་ན་གཞོན་འགོ་ཁྲིད་ཀྱི་ཟབ་སྦྱོང་ཚོགས་འདུར་སྐྱོན་བརྗོད། Thursday 24/03/2016 TPiE in session: Sikyong responds to concern over Dalai Lama’s remark 2 Tibetan political prisoners released in Sershul , one in serious health condition International Conference on Tibetan medicine held in Dharamsala India should raise genuine autonomy for Tibet with China German president slams communism during China visit Unite to End TB: DOH marks world TB Day

བོད་མིའི་སྤྱི་ཚོགས་ནང་གློ་ནད་ནི་འཕྲོད་བསྟེན་གྱི་དོ་ཁུར་ཆེ་ཤོས་བྱ་ཡུལ་གྱི་ནད་གཞི་རེད་ཅེས་གསུངས་པ།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་འཛམ་གླིང་ཊི་བི་ཉིན་མོ་སྲུང་བརྩི་ཞུས་པ་དང་འབྲེལ། བོད་པའི་སྤྱི་ཚོགས་ནང་ཊི་བིའམ་གློ་ནད་ནི་འཕྲོད་བསྟེན་གྱི་དོ་ཁུར་ཆེ་ཤོས་བྱ་ཡུལ་གྱི་ནད་གཞི་རེད་ཅེས་གསུངས་ཡོད། དེ་རིང་ཟླ་ ༣ ཚེས་ ༢༤ སྟེ་ཉིན་མོ་འདི་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཉིན་མོ་འདིའི་བརྗོད་གཞི་ནི་གཅིག་སྒྲིལ་གྱི་སྒོ་ནས་ཊི་བིའི་ནད་གཞི་རྩ་མེད་གཏོང་དགོས་ཞེས་གོ་ལའི་ཕྱོན་ཀུན་ལ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག རྡ་ས་གཙོ་བོར་གྱུར་བའི་བཙན་བྱོལ་བོད་མིའི་འདུ་སྡོད་ཀྱི་གནས་ཡུལ་འདྲ་མིན་ཁག་ཏུ་གློ་ནད་སྐོར་གོ་རྟོགས་ལས་འགུལ་རྒྱ་ཆེ་སྤེལ་དགོས་པ་དང་། དེ་བཞིན་མང་ཚོགས་ཚོས་གློད་ནད་ཀྱི་ནད་གཞི་དེ་ལ་བཅོས་ཐབས་དང་སྔོན་འགོག་ཇི་ལྟར་བྱ་དགོས་པ་ངེས་པར་དུ་ཤེས་དགོས་ཅེས་གསུངས་པ་དང་སྦྲགས། འདི་ལོའི་སྔོན་རྩིས་ནང་ཊི་བི་ནད་གཞི་སྔོན་འགོག་གྱི་ལས་གཞིའི་སླད་ཧིན་སྒོར་འབུམ་ ༩༠ ལྷག་ཙམ་འཆར་འབུལ་ཞུས་ཡོད་ཅེས་གསུངས་ཡོད་པ་རེད། དེ་ཡང་ཉིན་དེར་འཕྲོད་བསྟེན་བཀའ་བློན་མཆོག་གིས་ཡོངས་གྲགས་སྤེལ་བའི་གསུང་བཤད་ནང་འཁོད་དོན། ཚོགས་སྡེ་ཁག་ནང་ཊི་བི་ཡི་གནས་སྟངས་ལ་བཟང་ཕྱོགས་ཀྱི་རྣམ་པ་ཤུགས་ཆེ་ཞིག་ཐོན་ཡོད་ནའང་བོད་མིའི་སྤྱི་ཚོགས་ནང་ད་དུང་ཡང་གློ་ནད་ནི་འཕྲོད་བསྟེན་གྱི་དོ་ཁུར་ཆེ་ཤོས་བྱ་ཡུལ་གྱི་ནད་གཞི་ཡིན་པར་བརྟེན། གཞུང་སྒེར་ཅི་རིགས་ཀྱི་ཚོགས་སྡེ་ཁག་དང་འཕྲོད་བསྟེན་ལས་བྱེད། དེ་བཞིན་མང་ཚོགས་དཀྱུས་མ་བཅས་ཀུན་གྱིས་གཅིག་སྒྲིལ་སྒོ་ནས་ཊི་བིའི་ནད་གཞི་དེར་བཟོ་ཕྱོགས་ཐད་ཕྱར་གྲུ་མཉམ་འདེགས་ཀྱི་སྒོ་ནས་རང་ནུས་ཡོད་དོ་ཅོག་སྤུངས་ཏེ་བོད་མིའི་སྤྱི་ཚོགས་འདི་གློ་ནད་དང་བྲལ་བའི་ཚོགས་སྡེ་ཞིག་ཏུ་བསྐྲུན་རྒྱུར་དམ་བཅའ་བསྐྱར་དུ་འཇོག་དགོས་པའི་འབོད་སྐུལ་ཞུས་འདུག རྩ་བའི་འཛམ་གླིང་ནང་དུ་ལོ་ལྟར་ཊི་བིའི་ནད་གཞི་རྐྱེན་པས་ མི་ས་ཡ་ ༡༌༥ འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཊི་བི་ནི་འཛམ་གླིང་ཁྱོན་ཡོངས་སུ་མི་རྣམས་རྐྱེན་འདས་སུ་གཏོང་མཁན་གྱི་འགོས་ནད་གཙོ་ཆེ་ཤོས་ཤིག་ཆགས་ཡོད། དེ་བཞིན་དབུས་འཕྲོད་བསྟེན་ལས་ཁུངས་སུ་སྨན་ཁང་ཁག་བདུན་ནས་འབུལ་འབྱོར་བྱུང་བའི་གྲངས་ཐོ་ལ་གཞིགས་ན་ ༢༠༡༢ ནས་ ༢༠༡༤ བར་དུ་ཊི་བི་ཡི་ནད་གཞི་ ༡༡༦༨ བྱུང་ཡོད་པ་དང་། དེའི་ནང་ ༦༤༌༩༨ ཙམ་བུ་ཡིན་པ་དང་། ༣༥༌༠༢ ནི་བོུ་ཆགས་ཀྱི་ཡོད་པ་རེད་འདུག

རྒྱལ་སྤྱིའི་བོད་ལུགས་སྨན་གྱི་བགྲོ་གླེང་ཚོགས་ཆེན་དབུ་འཛུགས་གནང་པ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་སྨན་རྩིས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་བདེན་པ་གསལ་བཏོན་བྱེད་པ་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་བོད་ལུགས་སྨན་གྱི་བགྲོ་གླེང་ཚོགས་ཆེན་དབུ་ཚོགས་གནང་པ་དང་འབྲེལ། འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་ཀྱི་གསོ་རིག་སྨན་པ་དང་ཕྱི་ལུགས་སྨན་པ་གཉིས་ཟུང་སྦྲེལ་གྱིས་མང་ཚོགས་ཀྱི་ནད་གཞི་སེལ་ཐབས་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང་། དེ་རིང་ཟླ་ ༣ ཚེས་ ༢༤ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ སྟེང་རྡ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་སྨན་རྩིས་ཁང་མཐོ་སློབ་ཚོགས་ཁང་དུ་བོད་ཀྱི་སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་གྱིས་གོ་སྒྲིག་འོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་གཙོས་པའི་སྨན་རྩིས་ཁང་དབུ་འཛིན་བཀྲིས་ཚེ་རིང་ལགས་དང་། ཚོགས་ཆེན་ཐོག་ཆེད་ཕེབས་གནང་པའི་རྒྱ་གར་གཙོས་པའི་ཡུ་རོབ་དང་བྱང་ཨ་རི་སོགས་རྒྱལ་ཁབ་ཁག་བཅུ་ནས་སྨན་པ་དང་ཞིབ་འཇུག་པ། དེ་བཞིན་སློབ་གཉེར་བ་སོགས་ཁྱོན་མི་གྲངས་ ༢༡༥ འདུ་འཛོམས་ཐོག་རྒྱལ་སྤྱིའི་བོད་ལུགས་སྨན་གྱི་བགྲོ་གླེང་ཚོགས་ཆེན་ཚོགས་ཡོད་པ་རེད། སྐབས་དེར་འཕྲོད་བསྟེན་ཚེ་རིང་དབང་ཕྱུགས་མཆོག་གིས། དབུས་བོད་ཀྱི་སྨན་རྩིས་འདི་ནི་བཀའ་ཤག་གི་ལྟ་གྲུབ་གསུམ་པོ་དེ་དག་ཚང་ཡོད་པའི་རང་སྐྱོང་གི་སྡེ་ཚན་གཅིག་པོ་དེ་ཡིན་པ་མ་ཟད། བོད་པའི་སྤྱི་ཚོགས་ཁྲོད་ནད་གཞི་སྔོན་འགོག་མཚོན་པའི་མང་ཚོགས་ཀྱི་འཕྲོད་བསྟེན་ལ་སྨན་པའི་ཞིབ་འཇུག་དང་ལས་འགུལ་འདྲ་མིན་གཞི་རྒྱ་ཆེ་བ་སྤེལ་བཞིན་ཡོད་ནའང་། ད་དུང་བོད་མིའི་གཞིས་ཆགས་ཁག་ཏུ་ཕྱི་ལུགས་པའི་སྨན་པ་མ་འདང་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། བོད་ཀྱི་གསོ་རིག་སྨན་པ་དང་ཕྱི་ལུགས་སྨན་པ་གཉིས་ཟུང་སྦྲེལ་གྱིས་མང་ཚོགས་ཀྱི་ནད་གཞི་སེལ་ཐབས་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང་། ལྷག་པར་དུ་བཀའ་བློན་མཆོག་གིས་དབུས་སྨན་རྩིས་ཁང་གི་ངོས་ནས་མཆིན་པའི་གཉན་ཚད་ཡོད་རིགས་ཀྱི་སློབ་མ་དང་ལས་བྱེད་ཚོར་སློབ་སྦྱོང་དང་ལས་ཀ་བྱ་རྒྱུའི་གོ་སྐབས་གནང་གི་མེད་པའི་རྣམ་པ་ཞིག་ཡོད་པ་ལུང་འདྲེན་དང་སྦྲགས་ཏེ་མ་འོངས་པར་སྨན་རྩིས་ཁང་འཛིན་སྐྱོང་གིས་གོ་བསྡུར་གནང་ནས་སྒྲིག་གཞི་དེར་འགྱུར་བ་གཏོང་དགོས་གལ་ཡིན་པ་གསུངས་ཡོད། གཞི་རྩའི་ཐེངས་འདིའི་རྒྱལ་སྤྱིའི་བོད་ལུགས་སྨན་གྱི་བགློ་གླེང་ཚོགས་ཆེན་ནི། འདི་ལོའི་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༠ འཁོར་བའི་དུས་དྲན་སྲུང་རྩིས་དང་འབྲེལ་བའི་ལས་འཆར་ཞིག་ཡིན་འདུག་ལ། དེ་ལྟར་ཚོགས་པའི་དགོས་དམིགས་གཙོ་བོ་ནི་བོད་ཀྱི་གསོ་རིག་དང་སྲོལ་རྒྱུན་གྱི་སྨན་ལུགས་གཞན། ཕྱི་ལུགས་ཀྱི་སྨན་ལུགས་ཕན་ཚུན་དབར་སྦྱང་བཤད་ཡོང་རྒྱུ། དེ་མཚུངས་བོད་ཀྱི་གསོ་རིག་སྨན་གཞུང་གི་ཕན་ཡོན་ཇི་ཡོད་ཚན་རིག་གི་ལམ་ནས་གསལ་བཏོན་དང་གོ་རྟོགས་སྤེལ་ཆེད་ཡིན་འདུག རྩ་བའི་ད་རེས་ཚོགས་ཆེན་འདིའི་ནང་ལ་ཕྱིའི་རྒྱལ་ཁབ་ཁག་ནས་ཕེབས་པའི་ཞིབ་འཇུག་མཁས་དབང་ལྔས་བརྗོད་གཞི་གཙོ་བོ། ཚན་རིག་གི་ཉམས་ཞིབ་ལམ་ནས་གསོ་བ་རིག་པའི་བཙོ་ཐལ་སྐོར་དང་། དེང་དུས་ཚན་རིག་དང་མཐུན་པའི་བོད་ཀྱི་གསོ་རིག་སྨན་སྦྱོར་དར་སྤེལ་ཡོང་ཐབས། བོད་སྨན་གྱི་འབྲས་ནད་བཅོས་པར་ཕན་ནུས་སྐོར་ཚན་རིག་གི་ལམ་ནས་ཉམས་ཞིབ་སྙན་ཐོ། དེ་བཞིན་བོད་དང་ནུབ་ཕྱོགས་སྨན་གཉིས་ཀྱི་ཁ་ཟས་ལ་དཔྱད་བསྡུར་གྱིས་གྲུབ་དོན་གླེང་བ། བོད་ཀྱི་གསོ་རིག་རྣམ་གཞག་བཅས་ལ་ཉམས་ཞིབ་གྲུབ་དོན་གྱི་གཏམ་བཤད་དང་བགྲོ་གླེང་གནང་རྒྱུ་ཡིན་པ་རེད་འདུག

རེས་གཟའ་ལྷག་པ། ༢༠༡༦།༠༣།༢༣

ཉན་པ།: Listen ཕབ་ལེན། Download བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༠ འཁོར་བའི་དུས་དྲན་སྲུང་བརྩི། དཔལ་འབྱོར་བཀའ་བློན་མཆོག་གིས་སྔོན་རྩིས་དང་འབྲེལ་བའི་དྲི་བར་ལན་འདེབས་གསལ་བཤད་གནང་པ། རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་གི་དངོས་གཞི་འོས་བསྡུའི་གྲུབ་འབྲས། Wednesday 23/03/2016 Dalai Lama graces centenary celebration of TMAI TPiE in session: Finance Minister clarifies on budget 2016 Election result updates from south India Tibetan settlements

༸གོང་ས་མཆོག་དབུ་བཞུགས་ཀྱིས་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བའི་སྲུང་བརྩིའི་མཛད་སྒོ་ཚོགས་པ།  

དེ་རིང་ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་མགྲོན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས་པའི་སྐུ་མགྲོན་དུ་ཧི་མཱ་ཅལ་མངའ་སྡེའི་ནགས་ཚལ་བློན་ཆེན་སྐུ་ཞབས་ thakur singh bharmouri མཆོག་དང་ཧི་མཱ་ཅལ་མངའ་སྡེའི་ཚེའི་རིག་བྱེད་བློན་ཆེན་སྐུ་ཞབས་ Karan Singh  མཆོག ཧི་མཱ་ཅལ་མངའ་སྡེའི་ས་གནས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ravi Thakur མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན། སྨན་རྩིས་ཁང་གི་དགེ་སློབ་ལས་བྱེད་རྣམས། དེ་བཞིན་རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མང་ཚོགས་བཅས་འདུ་འཛོམས་ཀྱིས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བའི་སྲུང་བརྩིའི་མཛད་སྒོ་གཟབ་རྒྱས་ཚོགས་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྩལ་གནང་དོན། བོད་མི་རྣསམ་ཐོག་མར་བཙན་བྱོལ་དུ་སླེབས་ནས་གནས་སྟངས་ཆེས་གཉན་འཕྲང་སྐབས་དེར་ཚང་མས་བསམ་པ་རྣམ་དག་དང་ངོ་ལྐོག་རྒྱབ་མདུན་མེད་པ་དང་།  དེ་བཞིན་རྒྱུ་འབྲས་སྤངས་མེད་ཀྱིས་དཀའ་ལས་བརྒྱབ་སྟབས།  འདས་པའི་ལོ་ངོ་ལྔ་བཅུ་དེའི་ནང་གྲུབ་འབྲས་གང་ཙམ་ཐོན་པའི་ཁོངས་ནས། བོད་ཀྱི་སྨན་རྩིས་ཁང་འདི་བཞིན་ཆ་ཤས་ཤིག་ཡིན་པ་དང་། ཁྱད་པར་དུ་༸གང་ཉིད་མཆོག་གིས་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཐོུང་མ་ཡིན་པའི་རིན་ཐང་ཁག་ངོ་སྤྲོད་གནང་པ་དང་འབྲེལ།   དེ་སྔའི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གསོ་རིག་སྨན་པ་འདྲ་མིན་གདན་ཞུས་ཀྱིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་ལྟ་བུ་ཚོགས་ཐུབ་ཡོད་པ་ལུང་འདྲེན་གནང་སྟེ།   དེང་སྐབས་འགྲིམ་འགྲུལ་དང་ཚན་རིག་ཡར་རྒྱས་ཕྱིན་པའི་དུས་སྐབས་འདིར།  བོད་པའི་སྨན་པ་ཚོས་སྲོལ་རྒྱུན་གྱི་གསོ་རིག་གཞུང་ལ་ཆོག་ཤེས་བྱས་ནས་མ་བསྡད་པར། དེང་དུས་ཀྱི་ཚན་རིག་ཐོག་ཡར་རྒྱས་ཕྱིན་པའི་གསོ་བ་རིག་པ་དང་ལྷན་དུ་བཟུང་སྦྲེལ་གྱིས་ཡར་རྒྱས་ཀྱི་ལམ་ནས་ཕན་ཐོགས་པ་ཞིག་དགོས་ཀྱི་རེད་ཅེས་བཀའ་སྩལ་སོང་།  ལྷག་པར་དུ་བོད་ཀྱི་སྨན་རྩིས་ཁང་ནས་ད་བར་ཕྱག་ལས་གནང་པའི་གྲུབ་འབྲས་ལེགས་པོ་བྱུང་ཡོད་ཀྱང་། ད་དུང་བོད་མིའི་གཞིས་ཆགས་ཁག་ལ་ནད་པ་མང་པོ་ཡོད་པ་དང་།  སྔོན་འགོག་བྱ་རྒྱུའི་ཐད་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་སྨན་རྩིས་ཁང་གི་བོད་སྨན་སྡེ་ཚན་གཉིས་ནས་མཐུད་ཤོར་ཕྱིན་བསྡད་པ་གསལ་པོ་འདུག་ཅེས་བཀའ་སྩལ་གནང་པ་དང་ཆབས་ཅིག  ལས་དོན་གང་འདྲ་ཞིག་སྤེལ་རུང་དེར་ངོ་ལྐོག་རྒྱབ་འདུན་མེད་པར་ཁ་ཡོད་ལག་ཡོད་ཀཐོག་ལ་འགྲོ་དགོས་པ་ལས། འདྲ་ཆགས་པོ་བྱས་ནས་འགྲོ་རྒྱུ་མི་འདུག་ཅེས་བཀའ་སྩལ་ནན་པོ་གནང་སོང།  ད་དུང་༸གོང་ས་མཆོག་གིས་དེ་སྐབས་ང་ཚོའི་སྤྱི་ཚོགས་ནང་ལ་ཡ་རབས་བཟང་སྤྱོད་ཟེར་བ་དེ་ཁ་ནས་བཤད་པ་ཙམ་ལས་ལག་ལེན་ངོ་མའི་ཐོག་ཚད་དམའ་རུ་འགྲོ་བཞིན་འདུག་ཅེས་བཀའ་སྩལ་གནང་ཡོད་པ་རེད། དེ་བཞིན་མཛད་སྒོའི་སྐུ་མགྲོན་ཧི་མཱ་ཅལ་མངའ་སྡེའི་ནགས་ཚལ་བློན་ཆེན་སྐུ་ཞབས་ thakur singh bharmouri མཆོག་དང་ཧི་མཱ་ཅལ་མངའ་སྡེའི་རྒྱ་གར་ཚེའི་རིག་བྱེད་བློན་ཆེན་སྐུ་ཞབས་ Karan Singh  མཆོག ཧི་མཱ་ཅལ་མངའ་སྡེའི་ས་གནས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ravi Thakur མཆོག་བཅས་རྣམ་པ་གསུམ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་ཀྱི་གསོ་རིག་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་བཟང་པོ་དེ་དག་ནི་ཧི་མཱ་ཅལ་མངའ་སྡེའི་མི་དམངས་གཙོས་པའི་རྒྱ་གར་ཡུལ་མི་ཚོར་ཕན་ཐོགས་ཆེན་པོ་བྱུང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༡༦༩༦ ལོར་༸རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གཉིས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ལྕགས་པོ་རི་སྨན་པ་གྲྭ་ཚང་ཕྱག་བཏབ་རྗེས། ཕྱི་ལོ་ ༡༩༡༦ ལོར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་གསོ་དཔྱད་སྨན་སྐར་དཔྱད་རྩིས་ཀྱི་རིག་པ་གཉིས་ཀྱི་སློབ་གཉེར་ཁང་གསར་བཙུགས་གནང་སྟེ་རིམ་པས་བོད་ཆོལ་གསུམ་གཙོས་པའི་འབྲུག་དང་འབྲས་ལྗོངས། དེ་བཞིན་ཁུ་ནུ། ལ་དྭགས་བཅས་ནས་སློབ་ཕྲུག་བསྡུ་བཞེས་གནང་ཡོད་པ་རེད། འོན་ཀྱང་ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་རྗེས་༸རྒྱལ་མཆོག་༸སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་སླད། ཕྱི་ལོ་ ༡༩༦༣ ལོར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེ་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་སྨན་རྩིས་ཁང་དངོས་སུ་དབུ་བརྙེས་པ་ནས་བཟུང་དུས་ད་ལྟ་བར་རྒྱལ་གར་གཙོས་པའི་འཛམ་གླིང་ཡུལ་གྲུ་གང་སར་བོད་ཀྱི་གསོ་རིག་སྨན་པས་ཞབས་འདེགས་ཞུ་མུས་དང་། མང་ཚོགས་ནས་ཀྱང་གདེང་འཇོག་མི་དམན་པ་ཞིག་ཐོབ་བཞིན་ཡོད་པ་རེད། རྩ་བའི་དེ་རིང་ཉིན་མོ་འདི་ནི་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་ ༡༠༠ འཁོར་བ་དང་། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༡ ལོར་བཞུགས་སྒར་དུ་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་ལོ་ངོ་ ༥༥ འཁོར་བ། ༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས་ལྕགས་པོ་རིར་སྨན་པ་གྲྭ་ཚང་གསར་འཛུགས་བསྐྱངས་ནས་ལོ་ ༣༢༠ འཁོར་བའི་དུས་དྲན་གསུམ་འཛོམས་ཤིག་ཆགས་ཀྱི་ཡོད་པ་རེད།

Latest news