Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: April, 2017

༸གོང་ས་མཆོག་གིས་སྡི་རང་ཐུབ་གསུང་དར་རྒྱས་གླིང་སློབ་གཉེར་ཁང་དབུ་འབྱེད་གནང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབུམ་སྡེ་ལ་ནས་སྤྱི་ལེ་ ༤༠ ལྷག་སར་གསར་བཞེངས་བྱུང་བའི་ཐུབ་གསུང་དར་རྒྱས་གླིང་སློབ་གཉེར་ཁང་དབུ་འབྱེད་མཛད་སྒོའི་ཐོག་དབུ་བཞུགས་མཛད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་མོན་རྟ་དབང་ཁུལ་གྱི་དགོན་སྡེ་ཁག་ཚང་མ་སློབ་གཉེར་བྱ་ཡུལ་གྱི་ལྟེ་གནས་ཁང་ཞིག་ཏུ་བསྒྱུར་དགོས་ཞེས་བཀའ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་འབུམ་སྡེ་ལ་ནང་གི་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་དེ་ཉིན་ཕྱི་དྲོ་འབུམ་ལ་ནས་ ༤༠ ལྷག་སར་ཡོད་པའི་སྡི་རང་ས་གནས་སུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་། དེ་རིང་ཟླ་ ༤ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་སྡི་རང་ས་གནས་སུ་རྟེན་གཞི་བྱས་པའི་ཐུབ་གསུང་དར་རྒྱས་གླིང་གཙུག་ལག་ཁང་རྟན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་མཛད་སོང་། མཛད་སྒོའི་ཐོག་ཨ་རུ་ན་ཅལ་མངའ་སྡེའི་སྲིད་སྐྱོང་པདྨ་ན་བྷ་ཨཙཱརྱ་མཆོག་དང་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ T.N Thongdok མཆོག དེ་བཞིན་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་གཙོས། ས་གནས་ཀྱི་གཞུང་འབྲེལ་གནད་ཡོད་མིི་སྣ་དང་ཉེ་འཁོར་གྱི་ས་གནས་མང་ཚོགས་གསུམ་ཁྲི་ལྷག་ཙམ་འདུ་འཛོམས་བྱུང་འདུག ཐོག་མར་ཐུབ་གསུང་དར་རྒྱས་གླིང་སློབ་གཉེར་ཁང་གསར་བཞེངས་གནང་མཁན་སྤྲུལ་སྐུ་ཐུབ་བསྟན་རིན་ཆེན་མཆོག་ནས་ད་ལན་མོན་རྟ་དབང་ཁུལ་གྱི་ཆིབས་བསྒྱུར་འདིར་གནམ་གཤིས་རྐྱེན་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་ལམ་ཐོག་སྐུ་ངལ་དུ་མ་ཡོད་པར་ལྟོས་མེད་༸གང་ཉིད་མཆོག་གིས་ཐུགས་བརྩེ་ཆེན་པོས་མོན་ཡུལ་ས་གནས་སྡི་རང་དུ་ཆིབས་བསྒྱུར་གནང་པ་མ་ཟད། གཙུག་ལག་སློབ་གཉེར་ཁང་གི་དབུ་འབྱེད་རབ་གནས་མཛད་སྒོར་དབུ་བཞུགས་མཛད་པ་འདི་ནི་བཀྲིན་གཞལ་དཀའ་བ་རེད་ཅེས་ཞུས་ནས་ཐུགས་ཚོར་ཆེན་པོས་སྤྱན་ཆབ་གཏོང་ཞིང་ལས་བསྡོམས་སྙན་སྒྲོན་ཞུས་སོང་། སློབ་གཉེར་ཁང་དེ་གཙོ་བོ་ས་གནས་ཀྱི་ཡུལ་མི་ཚོར་ནང་ཆོས་སློབ་གཉེར་གནང་སའི་ལྟེ་གནས་ཁང་ལ་གཙོ་དམིགས་ཀྱིས་གསར་བཞེངས་གནང་པ་ཞི ག་ཡིན་པ་དང་། སློབ་གཉེར་ཁང་དེའི་ནང་ལོ་ཤས་གོང་ནས་སྡི་རང་ས་ཁུལ་ནས་རིགས་ལམ་སློབ་གཉེར་གནང་མཁན་མོན་པའི་སྐྱེས་ཕོ་མོ་ཁག་ཅིག་གིས་མགོན་པོ་མཆོག་ལ་རིགས་ལམ་རྟགས་གསལ་གཟིགས་འབུལ་ཞུས་སོང་བ་དང་། དེའང་མོན་པའི་མི་རིགས་ཀྱི་ལོ་རྒྱུས་ཁྲོད་ཀྱི་མང་ཚོགས་ནས་རིགས་ལམ་སློབ་གཉེར་དང་རྟགས་གསལ་གཏོང་བ་ཆེས་ཐོག་མ་དེ་ཆགས་ཡོད་པ་རེད། སྐབས་དེར་༸གོང་སྐྱབས་མགོན་ཆེན་པ་མཆོག་གིས་ད་རེས་སྤྲུལ་སྐུ་ཐུབ་བསྟན་རིང་པོ་མཆོག་གིས་ད་ལྟའི་ཆར་བོད་པའི་གདན་ས་ཁག་ཏུ་ནང་ཆོས་སློབ་གཉེར་བྱེད་མཁན་མོན་པའི་དགེ་འདུན་པ་མང་དག་ཞིག་ཡོད་པ་དང་དེ་དག་ཁྲོད་ནས་སློབ་གཉེར་མཐར་ཕྱིན་རྗེས་ས་གནས་དགོན་སྡེ་ཁག་ཏུ་མཁན་པོ་བྱེད་བཞིན་ཡོད་པ་མ་ཟད། ལྷག་དོན་ནང་ཆོས་ལའང་དོ་སྣང་བྱེད་མཁན་མང་རུ་འགྲོ་བཞིན་འདུག་པ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པ་རེད་ཅེས་བཀའ་བསྩལ་སོང་། ད་རེས་འདིར་མོན་པའི་མང་ཚོགས་ཁྲོད་ནས་ནང་པའི་རིགས་ལམ་སློབ་གཉེར་གྱི་རྟགས་གསལ་གཏོང་བ་དེས་༸གང་ཉིད་མཆོག་མཆོག་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོ་བྱུང་ཞེས་བསྔགས་བརྗོད་མཛད་པ་དང་ཆབས་ཅིག སྐྱེས་ཕོ་མོ་ཚོས་ད་རེས་རིགས་ལམ་རྟགས་གསལ་མཚོན་པའི་ནང་ཆོས་ལ་སློབ་གཉེར་བྱེད་འགོ་བཙུགས་པར་བརྟེན་ཁྱེད་ཚོས་སློབ་གཉེར་དེ་དུས་ཐུང་མ་ཡིན་པར་ལོ་ཉི་ཤུ་སུམ་ཅུ་རིང་སློབ་གཉེར་རྒྱུན་སྐྱོང་བྱེད་དགོས་ཞེས་ལམ་སྟོན་བསྩལ་སོང་། ལྷག་པར་དུ་མགོན་པོ་མཆོག་གིས་སྤྲུལ་སྐུ་ཐུབ་བསྟན་རིན་པོ་མཆོག་ནས་ས་ཁུལ་འདིར་ནང་ཆོས་སློབ་གཉེར་ཁང་འདི་ལྟ་བུ་གསར་བཞེངས་གནང་ཐུབ་པར་ཡི་རང་བསྔགས་བརྗོད་གནང་པ་དང་འབྲེལ། རིན་པོ་མཆོག་གིས་ད་ལན་ཐུགས་ཚོར་ཆེན་པོས་ལས་བསྡོམས་སྙན་སྒྲོན་གནང་པ་དང་འདི་བཞིན་བཅོས་མིན་གྱིས་ཚོར་ཤུགས་ཆེ་བའི་རྣམ་པ་དེས་ངོས་རང་ཧ་ཅང་དགའ་ཚོར་ཆེན་པོ་དང་སེམས་ལ་ཐད་པོ་བྱུང་ཞེས་ཕྱག་ལས་གནང་པར་བསྔགས་བརྗོད་མཛད་ཡོད་པ་རེད། གསར་བཞེངས་གྲུབ་པའི་ལྟེ་གནས་ཁང་དེ་རིང་མིན་ནང་པའི་སློབ་གཉེར་བྱ་ཡུལ་གྱི་ལྟེ་གནས་ཁང་ཞིག་ཏུ་བསྒྱུར་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་ཡིན་པ་ལྟར་དེ་འདྲ་ཞིག་བྱུང་ཚེ། མ་འོངས་པར་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་གསུངས་པ་དང་འབྲེལ།མོན་པའི་དགོན་སྡེ་ཁག་དང་མང་ཚོགས་ཚོའི་ངོས་ནས་ རྒྱུན་ལྡན་གྱི་ཆོ་ག་ཕྱག་ལེན་ཙམ་མ་ཡིན་པར། དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་མ་ཟད།དེའང་གཙོ་བོ་ནང་ཆོས་འདི་ཆོས་ཕྱོགས་ཙམ་མིན་པར་ཤེས་བྱའི་ངོ་བོའི་ཐོག་ནས་སློབ་གཉེར་བྱེད་དགོས་ཞེས་ལམ་སྟོན་སོགས་མཛད་སོང་། མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་སྔ་དྲོའི་མཛད་སྒོ་སྐབས་སུ་ཆོས་ལུགས་མཐུན་སྒྲིལ་དང་། དཔལ་ན་ལནྡྲའི་ལྟ་གྲུབ་དང་འབྲེལ་རིག་གཞུང་གི་གལ་གནད་དང་། བྱམས་བརྩེ་དང་འགྲོ་བ་མིའི་གཅིག་འགྱུར་གྱི་འདུ་ཤེས་སོགས་ཀྱི་གལ་གནད་སྐོར་ལམ་སྟོན་བསྩལ་སོང་བ་མ་ཟད། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ད་ལན་མོན་རྟ་དབང་ཁུལ་དུ་ཕེབས་ལམ་བརྒྱུད་ནས་ཕེབས་དགོས་བྱུང་ཡོད་ཀྱང་། ལམ་བར་ལ་ཧ་ཅང་གི་ཉམ་ཐག་པའི་ལམ་བཟོ་བ་གྲོང་གསེབ་ཁག་གི་མང་ཚོགས་དང་ཐུགས་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང་པས་རྐྱེན་ངན་གྲོགས་ཤར་ལྟར་༸གང་ཉིད་མཆོག་ལ་བྱམས་སྙིང་རྗེ་ཉམས་ལེན་དང་དེ་གོང་མཐོར་གཏོང་རྒྱུའི་ནུས་པ་ཤུགས་ཆེ་རུ་འགྲོ་སོང་ཞེས་གསུངས་ཡོད་པ་རེད། དེ་བཞིན་མཛད་སྒོར་ཆེད་དུ་གདན་ཞུ་ཕུལ་བའི་ཨ་རུ་ན་ཅལ་མངའ་སྡེའི་སྲིད་སྐྱོང་པདྨ་ན་བྷ་ཨཙཱརྱ་མཆོག་གིས་རྒྱ་གར་རྒྱལ་ཁབ་འདི་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་དང་ས་འབྲེལ་ཆགས་ཀྱི་ཡོད་པ་དང་། ང་ཚོའི་རྒྱལ་ཁབ་ཕན་ཚུན་དབར་ལ་ཞི་བདེ་དང་དེ་གོང་འཕེལ་ཡོང་བར་མགོན་པོ་མཆོག་གི་ལམ་སྟོན་དགོས་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཆགས་འདུག་ཅེས་གསུངས་སོང་། དེ་བཞིན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ T.N Thongdok མཆོག་གིས་མགོན་པོ་མཆོག་གིས་ཕྱི་ལོ་ ༢༠༠༩ ལོར་མོན་ས་ཁུལ་དུ་ཆིབས་བསྒྱུར་མཛད་པ་ནས་བཟུང་ས་གནས་སུ་ནང་པའི་དགོན་སྡེ་ཁག་དང་ནང་ཆོས་ཐོག་སློབ་གཉེར་སོགས་ཕྱོགས་གང་ས་ནས་ཡར་རྒྱས་ཧ་ཅང་ཕྱིན་ཡོད་སྐོར་གསུངས་པ་དང་སྦྲགས། མགོན་པོ་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་དང་ཐུགས་རྗེ་ཆེ་ཞེས་ཞུས་ཡོད། རྩ་བའི་ད་རེས་གསར་བཞེངས་བྱུང་བའི་ཐུབ་གསུང་དར་རྒྱས་གླིང་འདི་ནི་དེ་སྔ་ཕྱི་ལོ་ ༢༠༠༩ ལོར་མགོན་པོ་༸གང་ཉིད་མཆོག་མོན་སྡི་རང་ས་ཁུལ་དུ་ཆིབས་བསྒྱུར་མཛད་སྐབས་ས་གནས་སུ་ནང་ཆོས་སློབ་གཉེར་བྱ་ཡུལ་གྱི་ལྟེ་གནས་ཁང་ཞིག་གསར་བསྐྲུན་ཞུ་དགོས་པའི་བཀའ་སློབ་ཕེབས་དོན་བཞིན་གསར་བཞེངས་གནང་པ་ཞིག་ཆགས་ཡོད་པ་དང་། ལྟེ་གནས་ཁང་དེ་གཙོ་བོ་ས་གནས་མང་ཚོགས་དང་དགེ་འདུན་པ་ཚོའི་ངོས་ནས་ནང་ཆོས་རང་གི་ཐོག་ལ་སློབ་གཉེར་གནང་ཕྱིར་ཆེད་བཙུགས་གནང་པ་ཞིག་ཆགས་ཀྱི་ཡོད་པ་རེད། གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྡི་རང་གཙོ་བོར་འགྱུར་པའི་ཉེ་འཁོར་གྱི་ཆོས་ཞུ་གསུམ་ཁྲི་ལྷག་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། བླ་མའི་རྣལ་འབྱོར། སྤྱན་རས་གཟིགས་ཀྱི་རྗེས་གནང་སོགས་ཀྱི་བཀའ་ཆོས་བཀྲིན་བསྩལ་གནང་ཡོད་པ་རེད། མཛད་འཆར་ལྟར་ན། སང་ཚེས་ ༧ ཉིན་མགོན་པོ་༸གང་ཉིད་མཆོག་སྡི་རང་ནས་མོན་རྟ་དབང་ཁུལ་དུ་ཆིབས་ཞལ་བསྒྱུར་གནང་གི་ཡོད་པ་རེད།

རེས་གཟའ་ཕུར་བུ། ༢༠༡༧།༠༤།༠༦

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཐུགས་གསུང་དར་རྒྱས་གླིང་དགོན་དབུ་འབྱེད་དང་སྦྲགས་མང་ཚོགས་ལ་ཆོས་འབྲེལ་བསྩལ་འདུག ༸གོང་ས་མཆོག་གིས་ནང་པ་བྱབ་ཆུང་ཞིག་བྱས་པ་ལས་མི་བཟང་པོ་ཞིག་བྱས་ན་ཕན་ཐོགས་ཆེ་ཞེས་བཀའ་བསྩལ་བ། བོད་མིའི་སྒྲིག་འཛུགས་ནས་སུད་ཚོང་བའི་ཆེད་འབུམ་ཆིག་སྟོང་བུན་གཡར་གཏོང་རྒྱུའི་གསལ་བསྒྲགས་གནང་སོང་། ཁེ་ན་ཌ་གཞུང་ནས་རྒྱ་གཞུང་ལ་བོད་མིའི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་ཐད་སྐྱོན་བརྗོད་གནང་འདུག རྒྱ་གཞུང་གིས་པེ་ཅིང་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཆེན་མོར་རྒྱ་ནག་གི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་རིགས་སྤེལ་རྒྱུ་མེད་པའི་ཉེན་བརྡ་བཏང་འདུག Thursday 06/04/2017 Dalai Lama consecrates monastery in Dirang, gives teaching to local devotees Better be a good atheist than a stupid Buddhist: Dalai Lama China summons Indian envoy to protest Dalai Lama's Tawang visit Sikyong announces INR 10 Crore loan to Tibetan sweater sellers 6th Religious Freedom Forum: Canada urged to publicly condemn Larung gar demolition

བོད་མིའི་སྒྲིག་འཛུགས་ནས་བོད་མི་སུད་ཚོང་བ་ལ་འབུམ་ཆིག་སྟོང་བུན་གཡར་གཏང་རྒྱུའི་གསལ་བསྒྲགས་གནང་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་པའི་ཐོག་བོད་མི་སུད་ཚོང་བ་ཆིག་སྟོང་ལ་ཧིན་སྒོར་འབུམ་རེ་རེའི་བུན་གཡར་གནང་རྒྱུ་ཡིན་པ་གསུངས་གནང་སོང་། གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གི་ལྷན་དུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་བཅས་ཕེབས་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་ཐོག་མར་བུན་གཡར་མ་དངུལ་འབུམ་ཆིག་སྟོང་ཁོངས་ནས་ཨ་རིའི་ USAID ཚན་པས་འབུམ་ ༨༠༠ གནང་ཡོད་པ་དང་འབུམ་ ༢༠༠ ཐམ་པ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་མཁོ་སྒྲུབ་གནང་ཡོད་པ་ངོ་སྤྲོད་གནང་སོང་བ་མ་ཟད། ལྷག་པར་དུ་ལས་གཞི་དེའི་དགོས་དམིགས་སྐོར་དང་འབྲེལ་རྒྱ་གར་ནང་གི་བོད་མིའི་འཚོ་རྟེན་གཙོ་བོ་དེ་སུད་ཚོང་ཆགས་ཡོད་སྟབས། ད་རེས་སྒྲིག་འཛུགས་ཀྱི་ངོས་ནས་བོད་མི་སུད་ཚོང་བ་ལ་ཕན་པའི་ལས་གཞི་དེ་སྤེལ་ཡོད་པ་གསུངས་ཡོད། དེ་བཞིན་ཐེངས་འདིའི་བུན་གཡར་འདིའི་ལས་རིམ་དང་པོའི་སྐབས་བོད་མི་སུད་ཚོང་བ་ ༣༥༠༠ ཙམ་ཡོད་པ་ཚོད་དཔག་ཁྲོད་ཚོང་པའི་ཚོགས་པ་དང་སྐྱིད་སྡུག་ཁོངས་སུ་ཡོད་པའི་ཚོང་པ་ ༡༠༠༠ ལ་བུན་གཡར་གནང་གཏན་འཁེལ་ཡོད་པ་གསུངས་གནང་སོང་། འོན་ཀྱང་བུན་གཡར་གྱི་ལས་གཞི་འདིར་སྐྱེད་ཀ་དང་དུས་བཀག་ཏན་ནས་མེད་པ་མ་ཡིན་པར་དགུན་ཚོང་དང་དབྱར་ཚོང་བ་སོ་སོར་ཟླ་བ་དྲུག་གི་རིང་སྐྱེད་ཀ་བརྒྱ་ཆ་ ༣ མ་གཏོགས་ཕུལ་དགོས་ཀྱི་མི་འདུག ད་དུང་སྲིད་སྐྱོང་མཆོག་གིས་ད་རེས་བུན་གཡར་ལས་རིམ་དང་པོ་འདིའི་ཐོག་ནས་ཟླ་བ་དྲུག་རྗེས་ཚུར་སྒྲིག་འཛུགས་ལ་དངུལ་འབོར་ཇི་ཐོབ་ལ་གཞིགས་ནས་རིམ་པས་ཞིང་པ་དང་ཚོང་ལས་གཞན་གཉེར་མཁན་རྣམས་ལའང་བུན་གཡར་གནང་རྒྱུའི་ལས་གཞི་བང་སྒྲིག་ཡོད་པ་སོགས་གསུངས་ཡོད། གཞི་རྩའི་ཕྱི་ལོ་ ༢༠༠༨ ལོར་གསར་འཛུགས་གནང་པའི་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་འོག་ས་གནས་མི་འདྲ་བ་ ༡༡༠ ལྷག་དེབ་སྐྱེལ་ཐོག་ཚོགས་མི་ ༣༠༠༠ ཡས་མས་ཡོད་པ་རེད།

རྒྱ་གཞུང་གིས་པེ་ཅིང་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཆེན་མོ་ཆེད་བསྐོང་གིས་རྒྱ་ནག་གི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་རིགས་སྤེལ་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་ཁུལ་གྱི་ཆིབས་བསྒྱུར་ཐད་ལ་རྒྱ་གཞུང་གིས་སྒོ་གང་ས་ནས་རྒྱ་གར་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པའི་ཁྲོད། ཁ་སང་པེ་ཅིང་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་གཞུང་ཚབ་ཁང་གི་གཞུང་ཚབ་ཆེན་མོ་མཆོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་སུ་ཆེད་བསྐོང་གིས་རྒྱ་གར་གཞུང་གིས་ཏཱ་ལའི་བླ་མ་བེད་སྤྱོད་བརྒྱུད་རྒྱ་ནག་གི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་རིགས་སྤེལ་རྒྱུ་འཕྲལ་མར་མཚམས་འཇོག་དགོས་ཞེས་ཉེན་བརྡ་བཏང་འདུག ཁ་སང་ཟླ་ ༤ ཚེས་ ༥ རེས་གཟའ་ལྷག་པ་ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་སུ་ཚོགས་པའི་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ Hua Chunying ཡིས་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Vijay Gokhale མཆོག་ཆེད་འབོད་ཀྱིས་སྐུ་ཞབས་ཁོང་ལ་ཐེངས་འདིའི་༸གོང་ས་མཆོག་གི་ཨ་རུ་ནཱ་ཅལ་ནང་གི་ཆིབས་བསྒྱུར་ཐད་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་པ་དང་སྦྲགས། རྒྱ་གར་གཞུང་གིས་རྒྱ་ནག་གི་སེམས་ཁྲལ་བྱ་གཞི་གནད་དོན་ཁག་རྒྱབ་ཏུ་བསྐྱུར་ནས་༸གོང་ས་མཆོག་ཡུལ་དེར་གདན་ཞུ་གནང་པར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད། རྒྱ་གར་གྱི་ཕྱོགས་ནས་ཏཱ་ལའི་བླ་མ་བེད་སྤྱོད་ཀྱིས་རྒྱ་ནག་གི་རྩ་དོན་དང་ཁེ་ཕན་ལ་སྣང་ཆུང་གཏོང་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། ཅི་སྟེ་དེ་ལྟར་མ་བྱས་ཚེ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ངེས་ཡིན་པའི་ཉེན་བརྡ་བཏང་འདུག ད་རེས་༸གོང་ས་མཆོག་ཨ་རུ་ནཱ་ཅལ་ནང་གི་ཆིབས་བསྒྱུར་དེ་དང་འབྲེལ་ནས་རྒྱ་དཀར་ནག་གཉིས་དབར་གླེང་སློང་ཆེས་ཤུགས་ཆེ་བྱུང་བཞིན་པ་མ་ཟད། ལྷག་པར་བརྒྱུད་ལམ་ཁག་ཏུ་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་སྟབས། འདི་ག་རླུང་འཕྲིན་ཁང་གིས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་བཀའ་འདྲི་ཞུས་པར་ཁོང་གིས་བོད་དང་རྒྱ་གར་དབར་གྱི་ས་མཚམས་ཀྱི་འབྲེལ་ལམ་དེ་དེ་སྔ་ལོ་རྒྱུས་ནས་ཡོད་པ་ཞིག་ཡིན་སྟབས། དེར་རྒྱ་གཞུང་གིས་གློ་བུར་དུ་འགྱུར་བ་གཏོང་ཐབས་མེད་སྐོར་གསུངས་པ་དང་འབྲེལ། གནད་དོན་དེའི་དབང་གིས་རྒྱ་གར་གཞུང་གི་ངོས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་པར་ངོས་འཛིན་ཞུ་བཞིན་མེད་ཀྱང་། རྒྱ་གར་གཞུང་གི་ཕྱག་ལས་གནང་ཕྱོགས་ལ་གུ་ཡངས་དང་མངོན་གསལ་ཆགས་པར་ངོས་འཛིན་གྱི་ཡོད་ཅེས་སོགས་གསུངས་སོང། དེའི་ཁྲོད་རྒྱ་གར་གྱི་ཁྱད་མཁས་མི་སྣ་དང་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་རྒྱ་གཞུང་གིས་༸གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་རྒྱ་གར་གཞུང་ལ་སྐྱོན་བརྗོད་བྱེད་བཞིན་པ་ཁག་ལ་དོགས་ཟོན་རྩ་བ་ནས་མ་གནང་པར་རྒྱབ་ཏུ་བསྐྱུར་དགོས་སྐོར་གསུངས་འདུག དེ་བཞིན་ཁ་སང་རྒྱ་གར་གྱི་བདེ་སྲུང་ཁྱད་མཁས་མི་སྣ་དང་དམག་དཔོན་ཁག་གིས་རྒྱ་གར་གྱི་ ANI གསར་ཁང་གི་ཆེད་འདོན་དྲི་བར་ལན་འདེབས་གནང་པར་རྒྱ་གར་གྱི་རུ་དཔོན་སྐུ་ཞབས་ Praful Bakshi ལགས་ཀྱིས་ང་ཚོའི་ངོས་ནས་ཨ་རུ་ནཱ་ཅལ་དེ་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་པ་དེ་སྔ་ནས་ཡོངས་བསྒྲགས་གནང་ཟིན་ཡོད་ཀྱང་། རྒྱ་གཞུང་གིས་མུ་མཐུད་གནད་དོན་དེའི་ཐོག་རྩོད་གླེང་བྱེད་བཞིན་པ་དེར་རྒྱ་གར་གཞུང་གིས་ལན་འདེབས་བྱ་རྒྱུ་མེད་པ་མ་ཟད། རྒྱ་གཞུང་ལ་འཇིགས་སྣང་མ་གནང་པར་དངོས་དོན་གང་ཡིན་པ་དེ་སྤོབས་པ་ཆེན་པོས་གསུང་དགོས་གལ་ཡིན་པ་མངོན་གསལ་གནང་འདུག ལྷག་པར་དུ་བདེ་སྲུང་ཁྱད་མཁས་མི་སྣ་སྐུ་ཞབས་ Qamar Agha ལགས་ཀྱིས་རྒྱ་དཀར་ནག་གཉིས་དབར་གྲོས་མོལ་གནང་ཐོག་རྒྱ་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱ་གར་གྱི་ཆེ་བསྟོད་དམིགས་བསལ་སྐུ་མགྲོན་ཡིན་པ་དང་མགོན་པོ་༸གང་ཉིད་མཆོག་རྒྱ་གར་གྱི་ས་གནས་གང་དུ་ཆིབས་བསྒྱུར་མཛད་ཀྱང་༸གང་ཉིད་མཆོག་ལ་ཆོག་མཆན་ཡོད་པ་ཤེས་རྟོགས་ཐུབ་པ་བཟོ་དགོས་གལ་ཡིན་པའི་དགོངས་འཆར་ཕུལ་འདུག གཞི་རྩའི་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་ངོས་ནས་རྒྱ་གཞུང་ལ་༸གོང་ས་མཆོག་གི་ཆིབས་བསྒྱུར་སྐོར་དོན་མེད་ཀྱི་རྩོད་གཞི་རིགས་བཟོ་རྒྱུ་མེད་པ་ནན་བརྗོད་གནང་ཡོད། དེ་དེ་བཞིན་གཟའ་འཁོར་འདིའི་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiran Rijiju མཆོག་གིས་ཀྱང་རྒྱ་གར་གྱིས་རྒྱ་ནག་གི་ནང་སྲིད་ལ་དུས་ནམ་ཡང་ཐེ་བྱུས་གནང་མེད་པ་ཟད། རྒྱ་ནག་གཅིག་གི་སྲིད་བྱུས་ལ་གུས་བརྩི་གནང་གི་ཡོད་པ་ལྟར་རྒྱ་ནག་གི་ངོས་ནས་དེ་མཚུངས་སུ་རྒྱ་གར་གྱི་ནང་སྲིད་གནད་དོན་ལ་ཐེ་བྱུས་མེད་པ་དང་༸གོང་ས་ཏཱ་ལའི་བླ་མའི་ཆིབས་བསྒྱུར་ལ་ངོ་རྒོལ་གནང་དགོས་དོན་མེད་ཅེས་ལན་འདེབས་ཁ་གསལ་ཞིག་གནང་ཡོད་པ་རེད། ལྷག་དོན་ཁོང་གིས་མགོན་པོ་༸གང་ཉིད་མཆོག་ད་ལན་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་བསྒྱུར་མཛད་པ་དེ་ནི་ཆོས་ཕྱོགས་ཀྱི་མཛད་འཆར་ཁོ་ན་ཡིན་པ་ལས་ཆབ་སྲིད་ཀྱི་ལྟ་ཕྱོགས་འཛིན་ན་འགྲིག་གི་མ་རེད་ཅེས་ནན་བརྗོད་གནང་ཡོད།

༸གོང་ས་མཆོག་གིས་ནང་པ་བྱབ་ཆུང་ཞིག་བྱས་པ་ལས་འགྲོ་བ་མི་བཟང་པོ་ཞིག་བྱེད་ན་ཕན་ཐོགས་ཆེ་བ་ཡོད་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབུམ་སྡེ་ལར་བཀའ་སློབ་སྩལ་སྐབས་ནང་པ་བྱབ་ཆུང་ཞིག་བྱས་པ་ལས་ཆོས་དད་མེད་པའི་འགྲོ་བ་མི་བཟང་པོ་ཞིག་བྱེད་ན་ཕན་ཐོགས་ཆེ་བ་ཡོད་ཅེས་བཀའ་བསྩལ་མཛད་སོང་། ཁ་སང་ཟླ་ ༤ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབུམ་སྡེ་ལ་ནས་སྡེ་ར་ཁུལ་དུ་ཆིབས་བསྒྱུར་མ་མཛད་གོང་སྟེ་ཉིན་རྒྱབ་འབུམ་སྡེ་ལའི་རྫོང་སྡེ་ལས་ཁུངས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་༸གང་ཉིད་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། རྒྱ་གར་གྱི་གཞུང་འཛིན་ BJP ཆབ་སྲིད་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ Sudanshu Mittal མཆོག་གིས་དབུས་པའི་རྫོང་གི་མཐོ་རིམ་མི་སྣ་དང་གཞུང་འབྲེལ་གྱི་ལས་རིགས་འདྲ་མིན་ཐོག་ཕྱག་ལས་གནང་བཞིན་པའི་མི་སྣ་ ༣༠༠ སྐོར་ཞིག་ལ་ཟུར་དུ་བཀའ་སློབ་དང་བཀའ་འདྲི་ཞུ་རྒྱུའི་ལས་རིམ་ཞིག་ཚོགས་ཡོད། སྐབས་དེར་༸གོང་ས་མཆོག་གིས་རྣམ་ཀུན་ལྟར་བཀའ་སློབ་ཐོག་ཆེད་བཅར་ཞུ་མཁན་རྣམས་ལ་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་སྐོར་ལ་ངོ་སྤྲོད་མཛད་པ་དང་འབྲེལ། བོད་ཀྱི་སྐད་ཡིག་ལྟ་བུ་ནི་ད་ལྟའི་ཆར་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཆ་ཚང་བ་ཞིག་འགྲེལ་བཤད་ཐུབ་མཁན་སྐད་ཡིག་ཡག་ཤོས་ཤིག་ཆགས་ཡོད་པ་མ་ཟད། དེ་ལྟ་བུའི་སྐད་ཡིག་འདི་ནི་ཧི་མཱ་ལ་ཡ་ཁུལ་གྱི་ནུབ་ལ་དྭགས་ནས་ཤར་མོན་རྟ་དབང་གཙོ་བོར་འགྱུར་པའི་བོད་མི་རིགས་ཀྱི་རིག་གཞུང་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་མང་དག་ཞིག་ལ་གནད་ཆེ་ཆགས་ཡོད། དེར་བརྟེན་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ནི་བོད་མི་ས་ཡ་དྲུག་གི་འོས་འགན་ཁོ་ན་མིན་པར་འདི་ནི་འཛམ་གླིང་སྤྱི་ལ་ཞབས་འདེགས་བསྒྲུབ་ཐུབ་པ་ཞིག་ཡོད་སྟབས། དེ་ལྟ་བུའི་སྐད་ཡིག་དང་རིག་གཞུང་དེ་སྲུང་སྐྱོབ་བྱ་རྒྱུར་ཚང་མར་འགན་ཡོད་ཅེས་བཀའ་བསྩལ་སོང་བ་དང་། ཁྱད་པར་དུ་མོན་པའི་མི་རིགས་ཚོའི་ངོས་ནས་ཀྱང་དཔལ་ན་ལེནྡྲའི་ལྟ་གྲུབ་གཏིང་ཟབ་ཡོད་པ་འདིའི་ཐོག་དོ་སྣང་བྱེད་དགོས་ཞེས་བཀའ་ནན་མཛད་སོང་། སྐབས་དེར་མགོན་པོ་མཆོག་གི་སྐར་མ་ཉི་ཤུ་ལྷག་གི་བཀའ་སློབ་བསྩལ་གྲུབ་རྗེས་བཀའ་འདྲི་དགོངས་བསྐོར་ཞུ་རྒྱུའི་ལས་རིམ་ཞིག་ཚོགས་ཡོད་པ་རེད། སྐབས་དེར་ཚོགས་བཅར་བ་གཅིག་གིས་དེང་སྐབས་ཆོས་ལུགས་འདྲ་མིན་གྱི་མིང་ཐོག་ནས་སྤྱི་ཚོགས་ཁྲོད་དཀའ་ངལ་མང་དག་ཞིག་སྐྲུན་གྱི་ཡོད་པར་བརྟེན། མགོན་པོ་༸གང་ཉིད་མཆོག་གི་ངོས་ནས་ཆོས་མ་ཡིན་པར་འགྲོ་བ་མི་སྤྱིའི་ལ་ཕན་ཐོགས་ཡོད་པ་གང་ཞིག་གཟིགས་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་དུ་ཉེ་སྔོན་ཡི་ཤུ་བླ་ཆེན་པོཔ་མཆོག་གིས་ཡི་ཤུའི་ཆོས་པ་བྱབ་ཆུང་ཞིག་བྱས་པ་ལས་འགྲོ་བ་མིའི་བཟང་པོ་ཞིག་བྱེད་ན་ཡག་གི་ཡོད་ཅེས་གསུངས་པ་ལུང་འདྲེན་དང་འབྲེལ་ཏེ་ང་ཚོའི་ནང་པ་ཚོ་ཡིན་ནའང་ནང་པའི་ཆོས་པ་བྱང་ཆུབ་ཞིག་བྱས་པ་ལ་ཆོས་དད་མེད་པའི་འགྲོ་བ་མིའི་བཟང་པོ་ཞིག་བྱེད་ན་ཕན་ཐོགས་ཆེ་བ་ཡོད་ཅེས་བཀའ་བསྩལ་སོང་། ལྷག་དོན་དེང་གི་འཛམ་གླིང་ཐོག་ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་གསོད་རེས་བྱས་པ་གཙོས་ཐབས་སྡུག་གི་གནས་ཚུལ་མང་དག་ཞིག་འབྱུང་བཞིན་པར་བརྟེན། ང་ཚོའི་ངོས་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་ཡོང་ཐབས་ཐོག་དམིགས་བསལ་དོ་སྣང་དང་ཤུགས་སྣོན་བསྐྱོན་དགོས་ཞེས་བཀའ་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་ཡང་སྤྱི་ཚོགས་ཁྲོད་ལ་ཁ་ཆེ་དང་ནང་པའི་ཆོས་ཀྱི་མིང་ཐོག་ནས་མི་ལ་ལས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བར་དེ་ནི་ཁ་ཆེའི་དྲག་སྤྱོད་པ་དང་ནང་པའི་དྲག་སྤྱོད་པ་ཞེས་ཆོས་ལུགས་སྤྱི་མིང་ཐོག་འགྲེལ་བརྗོད་གནང་ན་དེ་ནི་ནོར་བ་དང་། གང་ཟག་གང་ཞིག་གིས་ཁ་ཆེ་དང་ནང་པའི་མིང་ཐོག་ནས་བྱ་སྤྱོད་དེ་ལྟར་སྤེལ་ཚེ་དེ་ནི་ནང་པ་དང་ཁ་ཆེ་གང་ཡང་མ་རེད་ཅེས་བཀའ་ནན་མཛད་སོང་།

རེས་གཟའ་ལྷག་པ། ༢༠༡༧།༠༤།༠༥

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་སངས་རྒྱས་པའི་བསྟན་པ་ཡོངས་རྫོགས་ཤེས་པའི་ཐོག་ནས་ཉམས་ལེན་བྱ་དགོས་པ་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་རྒྱ་གཞུང་ནས་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་གི་ཁེ་དབང་སྤྲོད་དགོས་པ་བཀའ་བསྩལ་འདུག གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ལས་གཞི་དེ་གཙོ་བོ་མི་མང་མཉམ་ཞུགས་ཚད་དང་ལྡན་པ་ཡོང་ཐུབ་མིན་ལ་རག་ལུས་ཡོད་སྐོར་གསུངས་སོང་། ཨ་རིའི་གྲོས་ཚོགས་ནང་རྒྱ་གཞུང་ནས་ཨ་རི་བ་ཚོར་བོད་ནང་རང་དབང་ངང་བསྐྱོད་ཆོག་པའི་ཁྲིམས་འཆར་བཏོན་འདུག ༸དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆོས་འབྲེལ་བསྩལ་འཆར། Wednesday 05/04/2017 Dalai Lama gives religious teaching in Bomdila Dalai Lama calls for genuine autonomy, protection of Tibet’s environment Building smart Tibetan settlement, needs assessment training underway Bipartisan bill on Tibet introduced in US Congress ahead of Xi’s visit

རྒྱ་གཞུང་གིས་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་པ་དང་བོད་ཀྱི་ཁོར་ཡུག་ཀྱང་སྲུང་སྐྱོབ་བྱེད་དགོས།

དེ་རིང་སྔ་དྲོ་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་འབུམ་སྡེ་ལ་ཁུལ་དུ་ཆོས་འབྲེལ་སྐྱོང་བཞིན་སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གིས་བོད་མོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་པ་མ་ཟད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་ལས་འགན་ཡང་ཡོད་ཅེས་བཀའ་བསྩལ་གནང་འདུག དེ་ཡང་དེ་རིང་ཟླ་ ༤ ཚེས་ ༥ ཉིན་འབུམ་སྡེ་ལར་བཀའ་ཆོས་ལེགས་གྲུབ་བྱུང་རྗེས་༸གོང་ས་མཆོག་ཕྱིར་ལོག་ཕེབས་པ་དང་བསྟུན། ད་རེས་ཀྱི་ཆིབས་བསྒྱུར་དང་འབྲེལ་ཏེ་ཁུལ་འདིར་རྒྱ་གར་གྱི་གསར་འགོད་པ་མང་དག་ཞིག་འབྱོར་ཡོད་པ་རྣམས་ཀྱིས་རྒྱ་གཞུང་གིས་མགོན་པོ་༸གང་ཉིད་མཆོག་གི་ད་རེས་ཀྱི་ཆིབས་བསྒྱུར་འདིའི་ཐོག་ལ་བསམ་ཚུལ་སྣ་མང་ཞིག་ཆེད་བཏོན་བྱེད་བཞིན་ཡོད་པས་༸གང་ཉིད་མཆོག་ནས་དེའི་ཐོག་ལ་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་དཔལ་ན་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གྱི་ནང་པའི་རྒྱལ་ཁབ་ཅིག་རེད། དེང་སྐབས་རྒྱ་ནག་ནང་ལ་ནང་པའི་མི་འབོར་ས་ཡ་ ༤༠༠ ལྷག་ཡོད་པ་དེས་འཛམ་བུ་གླིང་གི་ནང་པའི་མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་རེད། ལྷག་པར་དུ་རྒྱ་ནག་གི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ Liu Xiaobo ཡིས་དབུས་པའི་མཁས་པ་མང་པོ་ཞིག་ནས་ང་ཚོའི་གནད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་པ་རེད། གསལ་པོ་ཤེས་དགོས་པ་ཞིག་ལ་དང་པོ་དེར་ང་ཚོས་རང་བཙན་འཐབ་རྩོད་བྱེད་ཀྱི་ཡོད་མ་རེད། ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཉམ་དུ་སྡོད་རྒྱུའི་གྲ་སྒྲིག་ཡོད། ངོས་རང་སྒེར་ལ་ཆ་མཚོན་ན་ཡུ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞི་ལྟ་བུར་བསྔགས་བརྗོད་བྱེད་མཁན་ཞིག་ཡིན། སྤྱིར་བཏང་རྒྱལ་ཁབ་ཅིག་ལ་ཆ་མཚོན་ན་རང་བཙན་དེ་གལ་ཆེན་པོ་རེད། འོན་ཀྱང་དེ་ནི་གལ་ཆེ་ཤོས་ཤིག་མ་རེད། གལ་ཆེ་ཤོས་དེ་ཐུན་མོང་གི་དགོས་མཁོ་བསྒྲུབ་ཐུབ་པ་བྱ་རྒྱུ་དེ་རེད། དེ་འདྲ་ཡིན་དུས་ང་ཚོ་བོད་ལ་ཆ་མཚོན་ན་དངོས་པོའི་མཐུན་རྐྱེན་གྱི་ཆ་ནས་ང་ཚོ་རྗེས་ལུས་ཡིན་གྱི་རེད། ཆོས་ཕྱོགས་ཀྱི་ཐོག་ནས་ང་ཚོ་ཚད་མཐོ་པོ་ཡར་རྒྱས་ཕྱིན་པ་ཞིག་ཡིན་སྟབས། དངོས་པོའི་ཡར་རྒྱས་ཀྱི་ཐོག་ནས་ང་ཚོ་རྒྱ་ནག་དང་ཁ་མ་བྲལ་བར་མཉམ་དུ་བསྡད་ན་ཁེ་ཕན་ཆེ་བ་ཡོད་པ་དང། དེ་ཡང་རྒྱ་ནག་གཞུང་གི་འདོད་པར་བསྟུན་དགོས་པ་ཞིག་ཆགས་ཡོད། དེ་འདྲ་ཞིག་བྱུང་ན་ཕྱོགས་གཉིས་ཀར་ཁེ་ཕན་ཡོང་རྒྱུ་ཡིན་པ་མ་ཟད། དེ་དང་དུས་མཚུངས་རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་རང་འབྱུང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེའང་གནད་ཆེ་ཞིག་རེད་ཅེས་བཀའ་ནན་བསྩལ་གནང་ཡོད། མགོན་པོ་༸གང་ཉིན་མཆོག་ལ་ད་དུང་གསར་འགོད་པ་ཚོས་ཐེངས་འདིའི་རྟ་དབང་ཁུལ་གྱི་ཆིབས་བསྒྱུར་ཐོག་ལ་ཐུགས་ཚོར་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་རང་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་ལམ་ཁ་འདི་བརྒྱུད་ནས་ཡོང་པ་རེད། ལྷག་དོན་ད་རེས་ཀྱི་སྐོར་བསྐྱོད་འདིའི་སྐབས་ Assam Rifle ཡི་སྐབས་དེའི་དམག་མི་རྙིང་པ་ཐུགས་འཕྲད་བྱུང་བ་དེས་སེམས་ལ་དགའ་ཚོར་ཆེན་པོ་ཞིག་སྐྱེས་བྱུང་། ཁྱད་པར་དུ་ས་གནས་འདི་ནི་ངོས་རང་ལ་རང་དབང་གི་ཚོར་བ་དང་པོ་བྱུང་སའི་ས་གནས་ཤིག་ཆགས་ཡོད་པ་བཅས་ལ་བརྟེན། ད་རེས་ས་གནས་འདིར་བསྐྱར་དུ་འབྱོར་བ་དེས་སྔོན་མའི་བྱུང་བ་ཁག་ཡིད་ལ་ལྷང་ལྷང་དྲན་པས་སེམས་ལ་དམིགས་བསལ་གྱི་དགའ་སྣང་ཞིག་ཡོང་གི་འདུག་ཅེས་སོགས་བཀའ་བསྩལ་མཛད་འདུག ཐེངས་འདིའི་༸གོང་ས་མཆོག་གི་ཆིབས་བསྒྱུར་ཐད་རྒྱ་ནག་གཞུང་གིས་སྒོ་གང་ས་ནས་རྒྱ་གར་ལ་སྐྱོན་བརྗོད་བྱེད་བཞིན་པའི་ཁྲོད། དེ་རིང་ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ས་གནས་ཀྱི་གསར་འགོད་པ་ཚོའི་དྲི་བར་ལན་འདེབས་གནང་སྐབས། ཕྱི་ལོ་ ༢༠༠༩ ལོའི་རྗེས་ད་རེས་༸གོང་ས་མཆོག་མངའ་སྡེ་དེའི་ནང་གདན་འདྲེན་ཞུ་རྒྱུའི་གོ་སྐབས་བྱུང་བ་འདི་ནི་ཧ་ཅང་སྐལ་པ་བཟང་པོ་ཡིན་པ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་མངའ་སྡེ་འདི་གཅིག་པོ་ཙམ་མིན་པར། རྒྱ་གར་རྒྱལ་ཡོངས་དང་འཛམ་གླིང་འདིའི་ནང་གི་མི་མང་ཕོན་ཆེན་པོ་ཞིག་གིས་དད་གུས་ཤུགས་ཆེ་ཞུ་བཞིན་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པར་འགྲེལ་བརྗོད་གནང་པ་མ་ཟད། རྒྱ་ནག་གཞུང་གིས་བཟོས་པའི་རྩོད་རྙོག་ཐོག་ངས་ཐད་ཀར་ཞུས་པ་ཡིན་ན། ཨ་རུ་ནཱ་ཅལ་དང་བོད་གཉིས་དབར་མ་གཏོགས་ཨ་རུ་ནཱ་ཅལ་དང་རྒྱ་ནག་དབར་ས་མཚམས་ཞེས་པ་རྩ་བ་ནས་ཡོད་མ་རེད། དེས་ན་རྒྱ་ནག་གཞུང་ནས་ཨ་རུ་ནཱ་ཅལ་དང་ལྷག་པར་རྒྱ་གར་གཞུང་གི་གནད་དོན་ལ་ཐེ་གཏོགས་བྱེད་དགོས་དོན་མེད་པ་རེད་ཅེས་གསུངས་འདུག ཡང་དེའི་བར་ན་ཁུལ་འདིར་ཆེད་མངགས་བཅར་བའི་རྒྱ་གར་གྱི་གཞུང་འཛིན་ BJP ཆབ་སྲིད་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ Sudanshu Mittal ལགས་ནས་ཀྱང་ངའི་ངོས་ནས་༸གོང་ས་མཆོག་གི་ཐེངས་འདིའི་ཆིབས་བསྒྱུར་འདི་ནི་ཆོས་ཕྱོགས་མ་གཏོགས་ཆབ་སྲིད་དང་འབྲེལ་བ་རྩ་བ་ནས་མཐོང་གི་མིན་འདུག རྒྱ་ནག་གཞུང་གིས་གནད་དོན་དེའི་ཐོག་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པ་དེ་ནི་བློ་ཕམ་པོ་ཞིག་རེད་ཅེས་གསུང་པ་མ་ཟད། ༸གོང་ས་མཆོག་གི་རྗེས་འབྲང་པ་ཚོས་༸གང་ཉིད་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཞུ་སྟངས་ལ་གཞིགས་ན། ༸གོང་ས་མཆོག་གི་ཆིབས་བསྒྱུར་དེ་ཆོས་ཕྱོགས་ཁོ་ན་ཡིན་པ་གསལ་པོ་རེད། བཟང་ཕྱོགས་ཀྱི་ཆིབས་བསྒྱུར་དེར་ཚང་མས་དགའ་བསུ་ཞུ་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད།

གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ལས་གཞི་དེ་གཙོ་བོ་མི་མང་ནས་མཉམ་ཞུགས་ཚད་ལྡན་ཡོང་ཐུབ་མིན་ལ་རག་ལུས་ཡོད་ཅེས་གསུངས་པ།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་དུ་བྱང་ཕྱོགས་མངའ་སྡེ་བཞིའི་ནང་གི་ས་གནས་འགོ་འཛིན་དང་ལས་དྲུང་སྐུ་ཚབ་བསྡོམས་ ༡༧ ལ་གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ལས་གཞི་ཞེས་པ་དབུ་འཛུགས་གནང་སྟེ་སྔོན་འགྲོ་གོམ་པ་དང་འབྲེལ། འགོ་ཁྲིད་རྣམས་ལ་ལས་གཞི་འདིའི་ཐོག་མི་མང་ནས་མཉམ་ཞུགས་དགོས་གལ་ཡིན་པའི་ཉིན་བཞིའི་ཟབ་སྦྱོང་ཞིག་གནང་སོང་། རྩ་བའི་གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ལས་གཞི་འདི་ནི་ཉེ་ཆར་ཨ་རིའི་ USAID ཚན་པས་རོགས་དངུལ་ཨ་སྒོར་ས་ཡ་ ༢༣ གནང་ཡོད་པ་དང་འབྲེལ་བ་ཆགས་ཀྱི་ཡོད་པ་དང་དེ་ཡང་གཙོ་བོ་ལས་གཞི་འདིའི་བརྒྱུད་སྤྱི་ཚོགས་རང་ཁ་རང་གསོ་བྱེད་ནས་འཕྲལ་ཕུགས་ཀྱི་དཀའ་ངལ་སེལ་ཆེད་དུ་ཆེད་དམིགས་གནང་པ་ཞིག་རེད། དེ་རིང་ཟབ་སྦྱོང་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་ལས་གཞི་འདི་དང་འབྲེལ་ཡོད་བོད་མིའི་སྒྲིག་འཛུགས་འཆར་འགོད་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ཌོ་ཊར་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ལས་གཞི་ཞེས་པ་ངོ་སྤྲོད་གནང་པ་དང་ཆབས་ཅིག ལས་གཞི་དེ་གཙོ་བོ་མི་མང་ནས་མཉམ་ཞུགས་ཚད་དང་ལྡན་པ་ཡོང་ཐུབ་མིན་ལ་རག་ལུས་ཡོད་སྐོར་གསུངས་སོང་། ཁྱད་པར་དུ་ཁོང་གིས་ཐེངས་འདིའི་ཉིན་བཞིའི་ཟབ་སྦྱོང་ཐོག་ནས་མི་མང་ཚོའི་ནང་ནས་མཉམ་ཞུགས་ཡོང་ཐབས་ཀྱི་ཐབས་ལམ་སྐོར་ལ་ཟབ་ཁྲིད་སྦྱོང་བརྡར་ཕུལ་རྒྱུ་ཡིན་སྐོར་ལ་གསུངས་ཡོད། སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་ཀྱང་ལས་གཞི་འདིའི་དགོས་དམིགས་སྐོར་ལ་གསུངས་པ་དང་། ལྷག་པར་ལས་གཞིའི་རིམ་པ་གཉིས་པ་དང་གསུམ་པའི་སྐབས་སུ་སྤྱི་ཚོགས་སྤྱི་ལ་སྨན་པའི་ལས་འཆར་ཐོག་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རྒྱུའི་ལས་རིམ་བང་སྒྲིག་ཡོད་པ་ལྟར། མང་ཚོགས་ནས་ལས་འཆར་འདེམས་སྒྲུག་བརྒྱུད་ལོ་དང་པོར་གཞིས་ཆགས་བཞི་གདམ་རྒྱུ་ཡིན་པ་གསུངས་སོང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ད་རེས་དབུས་སྣེ་ལེན་ཁང་དུ་བྱང་ཕྱོགས་མངའ་ཁུལ་ས་གནས་འགོ་འཛིན་དང་སྐུ་ཚབ་རྣམ་པར་སྦྱོང་བརྡར་གནང་རྗེས། རིམ་པས་ས་ལུ་གྷ་རཱར་ཟླ་བ་འདི་ཚེས་ ༢༤ ནས་ ༢༧ བར་ལ་བྱང་ཤར་མངའ་ཁུལ་གྱི་ས་གནས་འགོ་འཛིན་རྣམ་པར་ཟབ་སྦྱོང་གཅིག་མཚུངས་གནང་གཏན་འཁེལ་འདུག་པ་དང་། དེ་མཚུངས་རྒྱ་གར་དབུས་དང་ལྷོ་ཕྱོགས་མངའ་ཁུལ་གྱི་ས་གནས་འགོ་འཛིན་རྣམས་ལ་སྦེལ་ཀོབ་གཞིས་ཆགས་སུ་ཕྱི་ཟླ་ ༥ ཚེས་ ༢ དང་ ༣ བཅས་སུ་འབུལ་གཏན་འཁེལ་འདུག

༸གོང་ས་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་ཤེས་པའི་ཐོག་ནས་ཉམས་ལེན་བྱེད་དགོས་ཞེས་གསུངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་འབུམ་སྡེ་ལ་གཙོ་བོར་གྱུར་པའི་ཉེ་འཁོར་གྱི་དད་ལྡན་ཆོས་ཞུ་བ་གཅིག་ཁྲི་ལྷག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་བཀྲིན་བསྩལ་བ་དང་འབྲེལ། ནུབ་ལ་རྒལ་ནས་ཤར་མོན་རྟ་དབང་བར་གྱི་ནང་པའི་དགོན་སྡེ་ཁག་ཏུ་བསླབ་པ་སློབ་གཉེར་གནང་བཞིན་པ་ཚོས་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་ཤེས་པའི་ཐོག་ནས་ཉམས་ལེན་བྱེད་དགོས་ཞེས་བཀའ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཨ་སམ་གྱི་གྷོ་ཧ་ཊིའི་གྲོང་ཁྱེར་ནས་ཕེབས་ལམ་བརྒྱུད་ཁ་སང་ཕྱི་དྲོ་འབུམ་སྡེ་ལར་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་ཅིང། དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གི་བཞུགས་གནས་ཕོ་བྲང་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་དབུས་པའི་ས་གནས་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཐོག་གསུང་ཆོས་གནང་ཡུལ་གྱི་སངས་རྒྱས་སྐྱེད་ཚལ་དུ་ཞུ་བ་ཚོར་བཀའ་ཆོས་བཀྲིན་བསྩལ་གནང་སོང་། ༸གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་བཀའ་ཆོས་ཀྱི་དངོས་གཞི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་མ་བསྩལ་གོང་དུ་སྔོན་འགྲོ་ནང་ཆོས་ངོ་སྤྲོད་བསྩལ་སྐབས་མགོན་པོ་༸གང་ཉིད་མཆོག་གིས་ནུབ་ལ་དྭགས་ནས་ཤར་མོན་རྟ་དབང་བར་གྱི་ནང་པའི་དགོན་སྡེ་ཆེ་ཆུང་ཁག་གིས་སངས་རྒྱས་པའི་བསྟན་པ་ཡོངས་རྫོགས་ཤེས་པའི་ཐོག་ནས་ཉམས་ལེན་བྱེད་དགོས་པ་དང། དེང་སྐབས་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་ལ་མི་གསོད་ཁྲག་སྦྱོར་རིགས་ཀྱི་དཀའ་ངལ་མང་པོ་འཕྲད་བཞིན་པ་དེ་ནི་གཙོ་བོ་བྱམས་བརྩེའི་བསླབ་བྱ་དང་དེའི་གོ་རྟོགས་ཉུང་དྲག་པའི་དབང་གིས་ཡིན་སྟབས། བྱམས་བརྩེ་ཟེར་བ་དེ་ནི་ཆོས་དད་ཡོད་མེད་ལ་ལྟོས་མེད་འགྲོ་བ་མི་ཚང་མར་དགོས་པ་ཞིག་རེད་ཅེས་བཀའ་སྩལ་བ་དང་འདི་བཞིན་ཚང་མས་བྱམས་བརྩེ་གོང་འཕེལ་གྱི་ཤུགས་སྣོན་བསྐྱོན་དགོས་ཞེས་ནན་སྐུལ་མཛད་ཡོད།

Latest news