Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: November, 2017

རེས་གཟའ་མིག་དམར། ༢༠༡༧།༡༡།༢༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ནང་ཆོས་ངོ་འཕྲོད་པའི་ཐོག་ནས་བདག་པོ་རྒྱག་དགོས་པའི་ལམ་སྟོན་མཛད་འདུག ༸གོང་ས་མཆོག་གིས་ཨོ་ཌི་ཤའི་སྤྱི་ཁྱབ་བློན་མཆོག་དང་མཇལ་འཕྲད་གནང་འདུག སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ནས་སུད་སི་གྲོས་ཚོགས་འཐུས་མི་ལ་བོད་དོན་སྙན་གསན་ཞུས་པ། ཡུ་རོབ་དང་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པའི་གླེང་སྟེགས་ཐོག་བོད་དོན་གླེང་སློང་། ཁོར་ཡུག་གཙང་མ་ཉར་མཁན་ལ་རྗེས་སུ་ཡིད་རང་ཞུས་ཏེ་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་སོང་། Tuesday 21/11/2017 Dalai Lama speaks to Tibetans in Odisha, Dalai Lama meets with Odisha CM, honored with 2017 KISS Humanitarian Award TPiE delegation meets with Swiss Parliamentarians EU Parliamentarians raise Tibet at EU-China Tourism Year Debate Flash mob campaign held to create environment awareness

༸གོང་ས་མཆོག་གིས་བོད་མི་ཚོས་ནང་པའི་ཆོས་ངོ་མ་དེ་ངོ་ཤེས་པ་བྱས་ནས་བདག་པོ་རྒྱག་དགོས་པར་བཀའ་བསྩལ་འདུག

༸གོང་ས་མཆོག་ནས་དེ་རིང་ཉིན་རྒྱབ་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་མང་ཚོགས་རྣམས་ལ་ནང་པའི་ཆོས་ངོ་མ་དེ་ངོ་ཤེས་པ་བྱས་ནས་བདག་པོ་རྒྱག་དགོས་གལ་ཡིན་པར་ལམ་སྟོན་བཀའ་སློབ་བསྩལ་འདུག དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་སྔ་དྲོ་  Kalinga Institute of Social Sciences བསྟི་གནས་ཁང་གིས་མགོན་པོ་མཆོག་ལ་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཟེངས་རྟགས་ཐེངས་ ༡༠ དེ་འབུལ་བཞེས་ཀྱི་མཛད་རིམ་ཁག་ལེགས་པར་གྲུབ་རྗེས་བསྟི་གནས་ཁང་གི་ཚོགས་ཁང་དུ་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་སྒར་མང་ཚོགས་རྣམས་ལ་བླང་དོར་བཀའ་སློབ་སྩལ་སྐབས་འཛམ་གླིང་འདི་མིའི་ལུང་པ་ཞིག་ཆགས་ཏེ་མི་ཕན་ཚུན་གསོད་རེས་དང་ཐུབ་ཚོད་བཏང་ནས་གནས་རྒྱུ་མིན་པར་མི་ཕན་ཚུན་དབར་བརྩེ་བ་དང་རོགས་ཕན་གནང་པའི་འཛམ་གླིང་ཞིག་བསྐྲུན་དགོས་གལ་ཡིན་པ་མ་ཟད། ང་ཚོར་དེ་ལྟར་བྱ་རྒྱུའི་ནུས་པ་དང་ཆ་རྐྱེན་དགོས་ངེས་ཁག་ཚང་ཡོད་པ་ལྟར་འགྲོ་བ་མི་ཚོས་དེ་བཞིན་གནང་བའི་ཐུགས་རེ་མཛད་ཀྱི་ཡོད་པ་བཀའ་ནན་བསྩལ་འདུག ལྷག་དོན་ཐུགས་རེ་དེ་ལྟར་གནང་ཡུལ་ནི་འཛམ་གླིང་འདིའི་ཐོག་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ཡིན་པར་བཀའ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་ནས་བོད་མི་རྣམས་ས་གནས་གང་དུ་གནས་ཀྱང་བོད་བསྟན་སྲིད་ཀྱི་ལ་རྒྱ་འཁྱེར་ནས་ཧུར་ཐག་གནང་གི་ཡོད་པ་དང་། གཙོ་ཆེ་གཞིས་ལུས་རྒྱ་ཆེ་མི་མང་རྣམས་ཀྱིས་བོད་མི་རིགས་ལ་ཞེན་ཁོག་དང་། སྙིང་སྟོབས། ལྷག་བསམ་ཧ་ལས་པ་ཡོད་པ་དེ་བཙན་བྱོལ་ནང་དུ་གནས་པའི་བོད་མི་རྣམས་ནས་སྤོབས་པ་སྐྱེ་གཞི་ཆགས་ཡོད་པ་ལྟར་ཚང་མས་བོད་སྤྱིའི་བདེན་དོན་སླད་ཧུར་བརྩོན་གནང་དགོས་པ་བཀའ་སློབ་ནན་པོ་ཕེབས་འདུག བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་འདི་དེང་སྐབས་འཛམ་གླིང་འདིའི་ཐོག་སྙན་གྲགས་ཆེ་བའི་ཚན་རིག་པ་ཚོས་ཀྱང་གཅེས་ནོར་ལྟ་བུར་ངོས་འཛིན་གནང་མུས་ཡིན་པ་རེད། བོད་མི་རྣམས་ནས་རང་ཉིད་ཀྱི་ཆོས་དང་རིག་གཞུང་གཅེས་ཉར་གནང་གལ་ཡིན་པ་དང་། དེའང་ནང་པའི་ཆོས་ངོ་མ་དེ་ངོ་ཤེས་པ་བྱས་ནས་བདག་པོ་རྒྱག་དགོས་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་བསྩལ་གནང་འདུག དེ་རྗེས་༸གོང་ས་མཆོག་གིས་བོད་མི་རྣམས་ལ་བྱང་ཆུབ་སེམས་བསྐྱེད་ཀྱི་བཀའ་ཆོས་ཤིག་ཀྱང་བསྩལ་ཡོད་པ་རེད། མཛད་འཆར་ལྟར་ན། ཨོ་ཌི་ཤ་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་༸གོང་ས་མཆོག་རྒྱ་གར་བྱང་ཤར་ནུབ་བྷན་གྷལ་མངའ་སྡེའི་རྒྱལ་ས་ཀལ་ཀཱ་ཊ་རུ་ཆིབས་བསྒྱུར་གནང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་ཨོ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་མཆོག་དང་མཇལ་འཕྲད་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཨོ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་མཆོག་དང་མཇལ་འཕྲད་གནང་བ་དང་འབྲེལ། རྒྱ་གར་གྱི་གནའ་བོའི་རིག་གནས་ནི་དེང་གི་འཛམ་གླིང་ཐོག་ཧ་ཅང་གི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་ཅེས་བཀའ་བསྩལ་འདུག དེ་ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལིའི་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཁ་སང་རྒྱ་གར་ཤར་ཕྱོགས་མངའ་སྡེའི་ Odisha འིས་གྲོང་ཁྱེར་Bhubaneswar ནང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན་གནམ་ཐང་དུ་ཨོ་ཌི་ཤ་མངའ་སྡེའི་རིག་གཞུང་དང་ཡུལ་འཁོར་སྤྲོ་འཆམ་གྱི་བློན་ཆེན་སྐུ་ཞབས་ Ashok Panda མཆོག་དང་བློན་ཆེན་ Surya Naryana Patra མཆོག་སོགས་ནས་གཞུང་འབྲེལ་གྱི་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཐོག་མགོན་པོ་མཆོག་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་བཞུགས་གནས་སུ་ཕེབས་སྐྱེལ་ཞུས་འདུག དེ་བཞིན་སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Naveen Patnaik མཆོག་གིས་མགོན་པོ་མཆོག་ལ་ཕེབས་བསུ་སྣེ་དང་བཅས་བློན་ཆེན་མཆོག་གི་བཞུགས་གནས་སུ་དབུ་ཁྲིད་རྣམ་གཉིས་དབར་མཇལ་མོལ་གནང་ཡོད་པ་དང་དེ་རྗེས་༸གང་ཉིད་མཆོག་གི་ཐེངས་འདིའི་ཆིབས་བསྒྱུར་དང་འབྲེལ་བའི་གསར་འགོད་པའི་བཅར་འདྲི་ཁག་ལ་བཀའ་ལན་སྩལ་བའི་ཁྲོད་ཨོ་ཌི་ཤ་མངའ་སྡེའི་ནི་གནའ་བོའི་དུས་ནས་བོད་དང་འབྲེལ་བ་ཡོད་པའི་ས་ཁུལ་ཞིག་ཡིན་པ་དང། ད་རེས་སླར་༸གང་ཉིད་མཆོག་ས་གནས་སུ་ཆིབས་བསྒྱུར་མཛད་ཐུབ་པ་ནི་སྐལ་བ་བཟང་པོ་བྱུང་ཞེས་བཀའ་བསྩལ་བ་མ་ཟད། ལྷག་པར་དུ་མགོན་པོ་མཆོག་གིས་འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་འཛམ་གླིང་ནང་གི་ཤེས་ཡོན་ཅན་དང་ཚན་རིག་པ་ཚོ་དང་མཇལ་འཕྲད་གནང་བའི་སྐུ་མྱོང་ཁྲོད། བོད་མི་ཚོས་ད་བར་གཅེས་ཉར་བྱས་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་ནི་གནའ་བོའི་རིག་གཞུང་ལྟ་བུ་ཞིག་མ་ཡིན་པར་དེང་གི་འཛམ་གླིང་ཐོག་ཧ་ཅང་གི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་ཅེས་བཀའ་བསྩལ་འདུག ད་དུང་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་ཐོག་ཡིད་སྐྱོ་དགོས་པ་དང་བློ་ཡུལ་ལས་འདས་པའི་ཐབས་སྡུག་གི་ངལ་བ་དུ་མ་འཕྲད་བཞིན་ཡོད་པ་དེ་དག་ནི་དོན་དངོས་ཀྱི་དེང་གི་འཛམ་ གླིང་གི་རྣམ་པ་ཞིག་ཡིན་པ་དང། དེ་ལྟ་བུའི་འཁྲུགས་འཛིངས་དང་མི་གསོད་རེས་ཀྱི་རྣམ་པ་འདི་ནི་འགྲོ་བ་མིའི་ལྷན་སྐྱེས་ཀྱིས་བཟོས་པ་ཞིག་ཡིན་མིན་དྲི་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང། ངལ་བ་དེ་དག་འགྲོ་བ་མིའི་གཞི་རྩའི་རང་བཞིན་ལས་བྱུང་བ་ཞིག་ཡིན་ཚེ་དེར་འགྱུར་བ་གང་ཡང་གཏང་རྒྱུ་མེད་པ་དེ་ལྟར་ཡང་། ཚན་རིག་པ་ཚོས་མིའི་རང་བཞིན་དེ་བྱམས་པ་དང་སྙིང་རྗེའི་རང་བཞིན་ཡིན་པ་ར་སྤྲོད་བྱས་ཡོད་ཅེས་བཀའ་བསྩལ་འདུག གཞན་ཡང་༸གོང་ས་མཆོག་གིས་ལུས་ཁམས་བདེ་ཐང་ནི་སྨན་གཅིག་པོར་བརྟེན་ནས་ཡོང་རྒྱུ་ཞིག་མིན་པར་གཙོ་བོ་སེམས་ནང་ཞི་བདེ་དགོས་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་བསྩལ་བ་དང་ཆབས་ཅིག་ གསར་འགོད་འདུ་འཛོམས་ཐོག་སྐུ་ཞབས་ Naveen Patnaik མཆོག་ཨོ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཡུན་རིང་ཤོས་གནང་མཁན་ཡིན་པར་བསྔགས་བརྗོད་མཛད་པ་དང་མངའ་སྡེའི་ནང་གནས་སྡོད་བོད་མིའི་ཐོག་ད་བར་མཐུན་འགྱུར་རོགས་རམ་གང་ལེགས་གནང་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་གནང་འདུག

༸གོང་ས་མཆོག་དང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་མཇལ་འཕྲད་གནང་འདུག

ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Derryn Hinch ལགས་དང་སྐུ་ཞབས་ Kevin Andrews ལགས་རྣམ་གཉིས་ཀྱིས་སྣེ་ཁྲིད་པའི་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་ཁ་སང་ཚེས་ ༢༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Taj Mahal གསོལ་མགྲོན་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེར་ཁོང་རྣམས་ལ་ཉེ་ལམ་སྲིད་འཛིན་ཌོ་ནལ་ཊམ་མཆོག་གི་དབུ་ཁྲིད་འོག་ཨ་མི་རི་ཀའི་གཞུང་ནས་པེ་རི་སིར་བཞག་པའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་གནང་པ་དེར་མགོན་པོ་༸གང་ཉིད་མཆོག་ནས་ཆེས་ཐུགས་འཚབས་གནང་བཞིན་ཡོད་པ་བཀའ་སྩལ་དང་འབྲེལ། འཛམ་གླིང་འདིའི་ཐོག་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ནས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཏེ་གོ་ལའི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པར་བཀའ་ནན་བསྩལ་གནང་འདུག ༸གོང་ས་མཆོག་ནས་སྐབས་དེར་ད་དུང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་རྣམས་ནས་གྲོས་མོལ་གྱི་ལམ་ནས་རྩོད་རྙོག་སེལ་རྒྱུའི་ཐབས་ལམ་གོང་འཕེལ་གནང་དགོས་པ་ལམ་སྟོན་མཛད་པ་མ་ཟད། ༸གོང་ས་མཆོག་གིས་༸གང་ཉིད་མཆོག་ནས་ཕྱི་ལོ་ ༢༠༡༡ ལོར་རྒན་ཡོལ་ཆ་ཚང་གནང་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ཏཱ་ལའི་བླ་མས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་རྒྱུའི་ལམ་སྲོལ་དེ་དགའ་སྤོབས་ཆེན་པོ་དང་བཅས་མཇུག་སྒྲིལ་མཛད་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་གནས་སྟངས་འཕོ་འགྱུར་ཇི་ལྟར་འགྲོ་ཡོད་པ་ངོ་སྤྲོད་མཛད་འདུག རྩ་བའི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེའི་ནང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Derryn Hinch ལགས་དང་ཨོ་སི་ཊོ་ལི་ཡའི་བདེ་སྲུང་བློན་ཆེན་ཟུར་པ་གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Kevin Andrews ལགས། དེ་བཞིན་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Kimberly Kitching ལགས་དང་ Meryl Swanson བཅས་བཞི་ཡོད་པ་དང་། ཁོང་རྣམས་དང་ལྷན་ཨོ་སི་ཊོ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་ཀྱང་ཕེབས་འདུག སྐུ་ཚབ་ཚོགས་ཆུང་དེ་ཁ་སང་ཉིན་རྒྱབ་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་ཡོད་པ་དང་། ཉིན་བཞིའི་རིང་གི་འཚམས་གཟིགས་སྐབས་ཁོང་རྣམས་ནས་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཐུག་འཕྲད་གནང་རྒྱུ་གཙོས་བཙན་བྱོལ་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ལ་གཟིགས་སྐོར་གནང་རྒྱུ་ཡིན་པ་རེད། ཕྱི་ཚེས་ ༢༣ ཉིན་སྔ་དྲོ་ཚོུད་ ༩༌༣༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གནང་འཆར་ཡོད་པ་རེད་འདུག

རེས་གཟའ་ཟླ་བ། ༢༠༡༧།༡༡།༢༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་རྒྱ་གར་Smile སྤྱི་ཚོགས་ཞབས་ཞུ་ཚོགས་པར་སྒོར་འབུམ་༡༢༥ གསོལ་རས་བསྩལ་འདུག སྲིད་སྐྱོང་མཆོག་གིས་བོད་དེ་རྒྱ་དཀར་ནག་གཉིས་དབར་བར་གནས་རྒྱལ་ཁབ་ཏུ་སླར་གསོ་ཐུབ་ཚེ་རྒྱ་གར་ལ་ཁེ་ཕན་ཡོད་པ་གསུངས་འདུག བོད་མི་ཚོས་རྒྱ་ནག་གི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ངོ་རྒོལ་བྱས་འདུག འཇམ་དབྱངས་སྐྱིད་ལགས་ཀྱི་བྲིས་པའི་དཔེ་དེབ་རྒྱ་གཞུང་གིས་གཞུང་བཞེས་བཏང་བར་སྐྱོན་བརྗོད། Monday 20/11/2017 Dalai Lama donates INR 125 Lakh towards Smile Foundation Restoring Tibet as Sino-Tibet buffer zone in India’s best interest: Sikyong at Halifax Tibetan feminist protests confiscation of books and relentless harassment by Chinese authorities Tibet Flag display causes China U-20 side to walk out of match in Germany

༸གོང་ས་མཆོག་གིས་རྒྱ་གར་གཞུང་འབྲེལ་མིན་པའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པར་ཧིན་སྒོར་འབུམ་ ༡༢༥ གསོལ་བསྩལ་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་  Smile Foundation ཞེས་པའི་རྒྱ་གར་གྱི་ཐེབས་རྩ་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཁ་སང་སྔ་དྲོ་ མགོན་པོ་༸གང་ཉིད་མཆོག་གིས་རྒྱལ་ས་ལྡི་ལིའི  NSUI  ཚོགས་ཁང་དུ་ཐེབས་རྩ་ཁང་དེའི་དགེ་ལས་དང་སློབ་གྲྭ་ཁག་བཅུའི་སློབ་གཉེར་བ་བཅས་མི་གྲངས་ ༣༠༠ ལྷག་ལ་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་དང་བྱམས་སྙིང་རྗེའི་བརྗོད་གཞི་ཐོག་བཀའ་སློབ་བཀྲིན་བསྩལ་གནང་བ་དང་། ཉམ་ཐག་མི་མང་དང་ཐོབ་ཐང་འདྲ་མཉམ་མེད་པའི་ན་གཞོན་དང་བུ་མེད་བཅས་ཀྱི་ཤེས་ཡོན་གོང་འཕེལ་ཐོག་ཕྱག་ལས་གནང་མཁན་  Smile Foundation ཐེབས་རྩར་ཞལ་འདེབས་ཧིན་སྒོར་འབུམ་ ༡༢༥ གསོལ་སྩལ་མཛད་ཅིང་ལོ་རེར་ཧིན་སྒོར་འབུམ་ ༢༥ བཅས་ཁྱོན་ལོ་ལྔའི་བར་མུ་མཐུད་གསོལ་སྩལ་མཛད་རྒྱུ་རེད་འདུག མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐོག་མར་ངོས་རང་དེ་རིང་ཉམ་ཐག་མི་མང་ལ་རོགས་སྐྱོར་བྱེད་མཁན་གྱི་མི་སྣ་དང་ཐུག་འཕྲད་བྱ་རྒྱུ་བྱུང་བ་འདི་གཟི་བརྗིད་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅེས་བཀའ་གནང་སྟེ། ༸གང་ཉིད་མཆོག་ལ་དམིགས་བསལ་གྱི་བྱིན་རླབས་གང་ཡང་གནང་རྒྱུ་མེད་ཀྱང་། རྒྱུན་དུ་སྤྱི་ཚོགས་ནང་དཔལ་འབྱོར་སོགས་ཕྱོགས་གང་སྤྱིའི་གནས་སྟངས་ཡག་པ་ཚོས་ཉམ་ཐག་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། དེ་བཞིན་གཞོན་སྐྱེས་དང་ཚོགས་པ་འདྲ་མིན་དེ་དག་ལ་ཐོབ་ཐང་འདྲ་མཉམ་རག་ཕྱིར་ཤེས་ཡོན་གྱི་གོ་སྐབས་བསྐྲུན་ཐབས་བྱེད་དགོས་པའི་འབོད་སྐུལ་གནང་གི་ཡོད་པ་བཀའ་བསྩལ་མཛད་སོང་། དཔེར་ན་རྒྱ་གར་ལ་ཆ་མཚོན་ན་སྤྱིར་བཏང་རང་བཙན་ཐོབ་རྗེས་ཤེས་ཡོན་ཐོག་གྲུབ་འབྲས་གང་ཙམ་ཞིག་བྱུང་ཡོད་ནའང་སྤྱི་ཚོགས་ནང་ད་དུང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་རེད། མི་མང་ཉག་ཐག་དེ་དག་རྟག་ཏུ་རྗེས་སུ་ལུས་ཀྱི་ཡོད་པ་དེ་ནི་བློ་ཕམ་དགོས་པའི་གནས་སྟངས་ཤིག་དང་། ལྷག་དོན་སྤྱི་ཚོགས་རང་གི་ངོས་ནས་མི་མང་སྐྱོ་བ་ཚོར་ལྟ་སྟངས་ཞན་པས་ཉམ་ཐག་དེ་དག་ལ་རང་བཞིན་གྱི་ཡིད་ཆེས་དང་གདེང་ཚོད་བརླག་བའི་གནས་སྟངས་ཆགས་ཀྱི་ཡོད་པ་བཀའ་བསྩལ་ཡོད་པ་རེད། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་རིགས་དམའ་བར་ངོས་འཛིན་བཞིན་པའི་མི་རིགས་ཚོར་༸གང་ཉིད་མཆོག་ནས་རྣམ་ཀུན་མཇལ་འཕྲད་ནམ་བྱུང་སྐབས་འགྲོ་བ་མི་གཅིག་འགྱུར་ཡིན་པའི་འདུ་ཤེས་དེ་དྲན་དགོས་སྐོར་ལམ་སྟོན་མཛད་ཀྱི་ཡོད་པ་བཀའ་བསྩལ་དང་ཆབས་ཅིག རང་ཉིད་སོ་སོར་ནམ་ཞིག་གདེང་སྤོབས་དམིགས་བསལ་བ་ཞིག་ཡོང་གི་རེད། གདེང་ཚོད་དང་སྤོབས་པ་དེ་སླེབས་རྗེས་ལས་དོན་གང་ཞིག་གཉེར་ཡང་དེ་ལྟར་བྱེད་ཐུབ་པའི་ནུས་པ་ཁྱད་པར་བ་་ཞིག་ཡོང་ངེས་ཡིན་པར་ལམ་སྟོན་བཀའ་སློབ་རྒྱ་ཆེ་མཛད་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་ནང་མི་རིགས་དཀར་ནག་དབར་གྱི་དབྱེ་འབྱེད་དང་འཛམ་གླིང་ཤར་ནུབ་བར་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་དེ་དག་གཅིག་མཚུངས་ཤིག་ཡོང་དཀའ་བ་ཡིན་ཀྱང་། ཕྱོགས་གཉིས་ཀྱི་ངོས་ནས་དབྱེ་འབྱེད་དང་མཐོང་ཆུང་ཁྱད་གསོད་སོགས་བྱེད་མཚམས་བཞག་ནས་གཅིག་ཕན་གཅིག་གྲོགས་གང་ཐུབ་བྱེད་དགོས་པར་ནན་བསྐུལ་གནང་སོང་། ༸གོང་ས་མཆོག་གིས་ Smile Foundation  ཐེབས་རྩའི་ལས་དོན་ཁག་ལ་ཡི་རང་བསྔགས་བརྗོད་གནང་པ་དང་སྦྲགས། གང་ཉིད་མཆོག་གི་ཏཱ་ལའི་བླ་མའི་ཐེབས་རྩ་ནས་ཞལ་འདེབས་ཧིན་སྒོར་འབུམ་ ༡༢༥ གསོལ་སྩལ་མཛད་ཅིང་ལོ་རེར་ཧིན་སྒོར་འབུམ་ ༢༥ བཅས་ཁྱོན་ལོ་ལྔའི་བར་མུ་མཐུད་གསོལ་སྩལ་མཛད་རྒྱུར་ཞལ་བཞེས་གནང་ཡོད་པ་རེད། གཞི་རྩའི་ Smile Foundation ཐེབས་རྩ་ནི་རྒྱ་གར་རྒྱལ་ཡོངས་སུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཐེབས་རྩ་ཞིག་ཡིན་པ་དང་། ཐེབས་རྩ་དེས་རྒྱ་གར་རྒྱལ་ཡོངས་སུ་མི་མང་ཉམ་ཐག་གི་ཕྲུ་གུར་ཤེས་ཡོན་དང་བེུད་ཀྱི་ནུས་སྟོབས་འཕེལ་རྒྱས། འཕྲོན་བསྟེན་སོགས་ཀྱི་མཐུན་རྐྱེན་སྐྲུན་གྱི་ཡོད་པ་དང་། དེ་བཞིན་ལོ་རེའི་ནང་རྒྱ་གར་གྱི་ཉམ་ཐག་མི་མང་འབུམ་ ༤༠༠ ཙམ་ལ་མཐུན་འགྱུར་གནང་གི་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱལ་ས་ལྡི་ནང་གི་མཛད་འཆར་ལེགས་གྲུབ་རྗེས་དེ་རིང་༸གོང་ས་མཆོག་ཚེས་ ༢༠ ཉིན་ཨོ་ཌི་ས་མངའ་སྡེའི་རྒྱལ་ས་བྷུབ་ནེཤྭར་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་། སང་ཚེས་ ༢༡ ཉིན་ཨོ་ཌི་ས་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཀ་ལིངྒ་སྤྱི་ཚོགས་ཚན་རིག་བསྟི་གནས་ཁང་དུ་སློབ་ཁང་དེའི་གདོད་མའི་མི་རིགས་ཀྱི་སློབ་ཕྲུག་གྲངས་ ༢༧༠༠༠ ལྷག་ལ་བཀའ་སློབ་སྩལ་རྒྱུ་ཡིན་པ་དང་། དེ་བཞིན་ Kalinga Institute of Social Sciencesབསྟི་གནས་ཁང་གིས་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཟེངས་རྟགས་ཐེངས་ ༡༠ 10th KISS Humanitarian Award ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུ་རྒྱུ་རེད་འདུག

བོད་དེ་རྒྱ་དཀར་ནག་གཉིས་དབར་གྱི་བར་གནས་རྒྱལ་ཁབ་ཏུ་སླར་གསོ་ཐུབ་ཚེ་རྒྱ་གར་ལ་ཁེ་ཕན་ཆེ་བ་ཡོད་སྐོར་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་སང་ཕྱི་ཚེས་༡༩ཉིན་Canadaའི་Halifax རྒྱལ་སྤྱིའི་གླེང་སྟེགས་ཐེངས་དགུ་པའི་སྟེང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་པའི་ཁྲོད། བོད་དེ་རྒྱ་གར་དང་རྒྱ་ནག་གཉིས་དབར་གྱི་བར་གནས་རྒྱལ་ཁབ་ཅིག་ཏུ་སླར་གསོ་བྱུང་ཚེ་དེས་རྒྱ་གར་ལ་ཁེ་ཕན་ཆེ་བ་གཟིགས་ཀྱི་ཡོད་པ་གསུངས་འདུག རྩ་བའི་ Canada, Halifaxགྲོང་ཁྱེར་ནང་ཚོགས་པའི་ Halifax International Security forum ཞེས་པའི་གླེང་སྟེགས་དེ་ནི་གོ་ལའི ་བདེ་འཇགས་དང་བརྟན་ལྷིང་ཐོག་རྒྱལ་སྤྱིའི་རང་བཞིན་གྱི་ནུས་པ་ཇེ་མཐོར་སྤེལ་རྒྱུར་དམིགས་པས་ཆེ་མཐོང་དང་གདེང་འཇོག་ཆེན་པོ་ཡོད་པའི་གླེང་སྟེགས་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་དང་། ཐེངས་འདིའི་ཚོགས་འདུ་དེ་བཞིན་Canadaའི་བདེ་སྲུང་བློན་ཆེན་སྐུ་ཞབས་ Harjit Sajjan མཆོག་གིས་སྣེ་ཁྲིད་འོག་Canada གཞུང་གི་གོ་སྒྲིག་གནང་པ་ཞིག་ཡིན་པ་དང་། ཚོགས་འདུ་སྐབས་འཛམ་གླིང་རྒྱལ་ཁབ་༨༠ནས་གཞུང་དང་གཞུང་འབྲེལ་མིན་པའི་གནད་ཡོད་མི་སྣ་དང་མཁས་པ་༣༠༠ལྷག་བཅར་ཡོད་པ་རེད་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་པའི་ཁྲོད་བོད་འདི་ནི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་ཆུ་འགོ་དང་རྒྱ་གར་དང་ཀི་ལོ་མི་ཊར་༣༥༠༠ཙམ་གྱི་ས་མཚམས་ས་འབྲེལ་ཆགས་ཀྱི་ཡོད་པ་སོགས་བོད་ནི་རྒྱ་དཀར་ནག་གཉིས་དབར་ལ་གནད་དོན་གཙོ་བོ་ཆེ་ཤོས་གཅིག་དང་། ཇི་སྲིད་བོད་ཀྱི་གནད་དོན་དེ་མ་སེལ་བར་དུ་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་དེ་གཉིས་པོའི་བརྟན་ལྷིང་ལ་འགོག་རྐྱེན་དང་དྭངངས་འཚབ་ཀྱི་ཁོར་ཡུག་མུ་མཐུད་གནས་རྒྱུ་ཡིན་པ་གསུངས་འདུག ལྷག་པར་དུ་སྲིད་སྐྱོང་མཆོག་གིས་རྒྱ་གར་དང་བོད་གཉིས་ས་འབྲེལ་དང་ས་མཚམས་ཆགས་ཡོད་པ་མ་གཏོགས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ནམ་ཡང་ས་མཚམས་ཆགས་མེད་རེད་ཅེས་གསུངས་གནང་སྟེ། བོད་དེ་རྒྱ་དཀར་ནག་གཉིས་དབར་གྱི་བར་གནས་རྒྱལ་ཁབ་ཅིག་ཏུ་སླར་གསོ་ཐུབ་ཚེ་རྒྱ་གར་ལ་ཁེ་ཕན་ཆེ་བ་ཡོད་སྐོར་གསུངས་འདུག གཞན་ཡང་སྲིད་སྐྱོང་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་གིས་གོ་ལ་སྤྱིའིི་གནམ་གཤིས་འགྱུར་ལྡོག་ཁྱད་པར་ཡོང་གི་ཡོད་སྟབས་བོད་ནང་གཏེར་ཁ་བསྔོག་འདོན་སོགས་མཚམས་འཇོག་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་གལ་ཡིན་པ་བཅས་སོགས་གསུངས་འདུག གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ད་རེས་Denmark དང་Norway Swedenདང་དབྱིན་ཡུལ། དེ་བཞིན་ canada བཅས་རྒྱལ་ཁབ་ལྔ་ནང་དུ་གཞུང་འབྲེལ་ཕྱོགས་ཕེབས་དང་བསྟུན། canadaའི་Halifax རྒྱལ་སྤྱིའི་གླེང་སྟེགས་ཐོག་ཕེབས་པ་ཐེངས་བཞི་པ་ཆགས་ཀྱི་འདུག དུས་མཚུངས་ཁ་སང་སྲིད་སྐྱོང་བློ་བཟང་བཟང་སེང་གེ་མཆོག་གིས་དབུ་བཞུགས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ལྷན་བཞུགས་ Canada’འི་གྲོང་ཁྱེར་Toronto ནང་དུ་ས་གནས་བོད་རིགས་ཚོར་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་པའི་ཁྲོད། ས་གནས་བོད་མི་ཞིག་གིས་ཉེ་ཆར་ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་ཅན་ལས་དོན་ཚན་བརྒྱད་པ་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་ལ་དྲི་བ་ཕུལ་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གནད་དོན་ངོ་མ་གང་ཡིན་གསལ་བཤད་གནང་འདུག གཞན་ཡང་སྲིད་སྐྱོང་མཆོག་ནས་ད་རེས་ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་ཐོག་ནས་མང་ཚོགས་ཁྲོད་ཁག་ཅིག་གིས་ཐག་གཅོད་འདི་ནི་སྲིད་སྐྱོང་མཆོག་གིས་དེ་སྔའི་འོས་བསྡུའི་སྐབས་ཀྱི་དགྲ་ལེན་དང་དགའ་མིན་དགའ་མདོག་སོགས་རེད་ཅེས་གསུངས་ཡོད་སྟབས། སྲིད་སྐྱོང་མཆོག་གིས་འོས་བསྡུའི་རྗེས་སུ་ཁོང་གིས་སུ་གཅིག་ལ་བཀའ་མོལ་མ་ཞུས་པར་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་མཆོག་Brussels དོན་གཅོད་དང་དེའི་རྗེས་སུ་ཨ་རིའི་དོན་གཅོད་དུ་བསྐོ་གཞག་གནང་ཡོད་པ་སོགས་དགོངས་པ་ཆེ་བཞེས་གནང་པ་ལས་ཚོགས་གཙོ་ཟུར་པ་མཆོག་ལ་འཁོན་ལེན་དང་དགྲ་ལེན་རྩ་བ་ནས་གནང་མེད་པ་སྒྲུབ་བྱེད་ཁ་གསལ་གསུངས་འདུག ད་དུང་སྐབས་དེར་སྲིད་སྐྱོང་མཆོག་གིས་དོན་གཅོད་སྤེན་པ་ཚེ་རིང་མཆོག་ལ་དེ་ལྟར་གནང་རུང་ཁོང་གིས་བེུད་བཀའ་བློན་གཅིག་ལ་ད་ལྟའི་དོན་གཅོད་ལས་ཐོག་ནས་སྲིད་སྐྱོང་བློ་བཟང་སེང་གེ་དང་མཉམ་དུ་ལས་ཀ་བྱེད་ན་རང་གི་མདུན་ལམ་ལ་དོ་ཕོག་འགྲོ་ངེས་ཡོད་པ་སོགས་ཀྱི་ཀུན་སློང་དེ་ལྟར་བཅངས་ཡོད་པ་སོགས་བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་ཅན་ལས་གཙོ་གནད་ཁག་ཅིག་སྐོར་ལ་གསལ་བཤད་ཞིབ་གསལ་བཅས་གནང་འདུག

འཇམ་དབྱངས་སྐྱིད་ལགས་ཀྱི་དཔེ་དེབ་རྒྱ་གཞུང་གིས་གཞུང་བཞེས་བཏང་བར་ཁོང་གིས་སྐྱོན་བརྗོད་གནང་འདུག

བོད་རིགས་བེུད་རྩོམ་པ་པོ་འཇམ་དབྱངས་སྐྱིད་ལགས་ཀྱིས་ཉེ་ཆར་ལོ་འདིའི་ཕྱི་ཟླ་ ༩ ནང་ཁོང་དང་ཁོང་གི་བཟའ་ཟླ་ལྷ་མོ་སྐྱབས་ལགས་རྣམ་གཉིས་ཀྱིས་བྲིས་པའི་དཔེ་དེབ་ཁག་ཅིག་རྒྱ་གཞུང་མི་སྣས་གཞུང་བཞེས་བཏང་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱུ་གཞུང་གིས་ཁོང་གི་དཔེ་དེབ་གཞུང་བཞེས་བཏང་བ་ཙམ་མིན་པར་རྟག་ཏུ་བསུན་གཙེར་དབང་ཤོད་བྱེད་དོན་གང་ཡིན་ཞེས་སྐྱོན་བརྗོད་གནང་འདུག དེ་ཡང་ཁ་ཉིན་ཕྱི་ཚེས་ ༡༨ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་གནས་ཐོག་གནས་ཚུལ་ཞིག་སྤེལ་བར་བོད་ནང་གི་བོད་རིགས་བེུད་རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་སྐྱིད་ལགས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༡༧ དང་དེ་སྔོན་ཕྱི་ཟླ་ ༩ པའི་ཚེས་ ༣༠ སོ་སོར་སྤྱི་ཚོགས་དྲ་བའི་བརྒྱུད་ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་དང་དེ་སྔོན་ཕྱི་ཟླ་ ༩ པའི་ཟླ་མགོར་ཟི་ལིང་གྲོང་ཁྱེར་གྱི་དེབ་ཁང་ཞིག་ཏུ་རྒྱ་གཞུང་གི་ལས་བྱེད་པ་ ༡༠ ཙམ་སླེབས་ནས་འཇམ་དབྱངས་སྐྱིད་ལགས་ཀྱིས་བྲིས་པའི་ཐོབ་ཐང་དང་བདེ་ཐང་ཞེས་པའི་དཔེ་དེབ་དང། དེ་བཞིན་ཁོང་མོའི་བཟའ་ཟླ་ལྷ་མོ་སྐྱབས་ལགས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་ཕབ་བསྒྱུར་གནང་བའི་དབང་ཆར་ཚད་འཛིན་དང་ཐོབ་ཐང་སྲུང་སྐྱོབ་ཞེས་པའི་དཔེ་དེབ་གྲངས་ ༡༠༤༠ ཙམ་གཞུང་བཞེས་བཏང་ཡོད་སྐོར་གསུངས་འདུག འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་ལྷ་སའི་དེབ་ཁང་ཞིག་ཏུ་མི་ཞིག་གིས་དེབ་ཉོ་མཁན་ཡིན་ཁུལ་གྱིས་གོང་དུ་བརྗོད་པའི་དཔེ་དེབ་གཉིས་ཀྱི་དཔེ་དེབ་གྲངས་ ༡༠༠ རེ་མངག་བཞིན་རྩོམ་པ་པོ་ཁོང་གི་དེབ་ཁང་ལ་དེབ་གྲངས་ ༢༠༠ སྐྱེལ་ཟིན་ནས་ཉིན་ཤས་སོང་རྗེས་རྒྱ་གཞུང་མི་སྣ་སླེབས་ནས་དཔེ་དེབ་ ༢༠༠ དེ་དག་དང་དེ་བཞིན་འཇམ་དབྱངས་སྐྱིད་ལགས་ཀྱིས་བྲིས་པའི་དཔེ་དེབ་གཞན་ཞིག་ཀྱང་སྐབས་དེར་གཞུང་བཞེས་བཏང་ཡོད་པ་མ་ཟད། ལྷ་སའི་དེབ་ཁང་ཁག་གི་ནང་དུ་འཇམ་དབྱངས་སྐྱིད་ལགས་ཀྱི་མྱུག་མིང་སྨིན་དྲུག་དང་ཁོང་གི་བཟའ་ཟླ་ལྷ་མོ་སྐྱབས་ལགས་ཀྱི་མྱུག་མིང་བྱང་སྐར་གཉིས་བྲིས་པའི་དཔེ་དེབ་གཉིས་པོ་དམིགས་བཀར་གྱིས་སྔོག་བཤེར་བྱེད་མུས་ཡིན་པ་སོགས་ལུང་འདྲེན་གནང་འདུག འཇམ་དབྱངས་སྐྱིད་ལགས་ཀྱིས་ཁོང་མོ་ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གི་བཙོན་ཁང་ནས་གློད་ཀྲོལ་ཐོབ་པ་ནས་བཟུང་ད་བར་ལོ་ ༡༠ ཕྱིན་ཟིན་ཡང་རྒྱ་གཞུང་གིས་ཁོང་བཟའ་ཟླ་གཉིས་དང་། ནང་མི་རྣམས་ལ་རྫོགས་རྒྱུ་མེད་པའི་བསུན་གཙེར་བཟོ་བཞིན་རྐྱེན་ཁོང་གི་སེམས་ཁམས་དང་ཚོར་བ། ནང་མི་བུ་ཕྲུག་ཡོངས་ལ་བརྡབ་གསིག་ཆེན་པོ་གཏོང་བཞིན་ཡོད་པ་མ་ཟད། བཙོན་བྲོས་བཙོན་པ་ལྟ་བུའི་མི་ཚེ་སྐྱེལ་དགོས་དོན་ཅི་ཡིན་ནམ་ཞེས་དྲི་བ་གནང་འདུག འཇམ་དབྱངས་སྐྱིད་ལགས་ཀྱིས་ད་དུང་དཔེ་དེབ་དེ་དག་རྒྱ་ཡིག་ནང་ཐོནརྗེས་སུ་ཁོང་བཟའ་ཚང་གཉིས་ཀྱིས་བོད་ཡིག་ནང་ཚུར་ཡིག་བསྒྱུར་གནང་བ་དེ་འདྲ་ཡིན་སྟབས། དེར་བཀག་འགོག་བྱེད་དགོས་དོན་མེད་པས་ རྒྱ་གཞུང་གི་བྱ་སྤྱོད་དེ་ནི་དཔེ་དེབ་ཀྱི་ནང་དོན་ལས་ལྷག་པའི་རྩོམ་པ་པོ་གང་ཟག་ལ་དམིགས་ནས་སྤེལ་བ་བའི་བྱུས་ངན་ལྟ་བུ་མངོན་རྒྱུ་ཡོད་པ་དང། རྩ་བའི་དཔེ་དེབ་གཞུང་བཞེས་བཏང་རྐྱེན་ཁོང་གཉིས་ལ་དངུལ་གྱི་གྱོང་གུན་ཆེན་པོ་ཐེབས་ཡོད་ཀྱང་། ཡིད་སྐྱོ་བ་ཞིག་ལ་དཔེ་དེབ་དེ་ལྟ་བུ་དཔར་བསྐྲུན་དང་ཚོང་རའི་ནང་སླེབས་པར་འགོག་རྐྱེན་འཕྲད་རྒྱུ་ཡིན་ཁར་ང་ཚོར་རྩོམ་གྱི་བརྒྱུད་ནས་རང་ཉིད་ཀྱི་ཚོར་བ་མངོན་གསལ་བྱེད་རྒྱུའི་རང་དབང་ཕྲན་བུ་ཞིག་ཡོད་པ་དེ་མེད་པ་འགྱུར་ཡོད་པ་སོགས་གསུངས་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འཇམ་དབྱངས་སྐྱིད་ཀྱི་གནད་དོན་དེ་འབྲེལ་ཁྱབ་སྤེལ་གནང་པ་དང་སྦྲགས། རྒྱ་ནག་གཞུང་ལ་འཇམ་དབྱངས་སྐྱིད་ལགས་དང་ཁོང་གི་ནང་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་དགོས་པ་དང་། ཁོང་ཚོར་དོན་དམ་གྱི་རང་དབང་སྤྲད་དེ་གསུན་གཙེར་དང་དབང་ཤོད་སོགས་བྱེད་མཚམས་བཞག་དགོས་པའི་དགོས་འདུན་བཏོན་འདུག  

རེས་གཟའ་ཉི་མ། ༢༠༡༧།༡༡།༡༩

ཉན་པ།: Listen ཕབ་ལེན། Download འདས་པའི་བདུན་གཅིག་ནང་གི་གལ་ཆེའི་གསར་འགྱུར་ཁག་ལ་བསྐྱར་ཞིབ། Sunday 19/11/2017 Week review

Latest news