Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: November, 2017

རེས་གཟའ་པ་སངས། ༢༠༡༧།༡༡།༢༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་༸གང་ཉིད་༸སྐུ་ཚེ་མཐའ་མའི་བར་དུ་རྒྱ་གར་ནང་ཎ་ལེནྜའི་རིག་གཞུང་གོང་འཕེལ་མཛད་རྒྱུ་ཡིན་པ་བཀའ་གནང་འདུག སྲིད་སྐྱོང་མཆོག་ནས་དབྱིན་ཡུལ་དཔོན་རིགས་ལ་བོད་དན་ཞུ་གཏུགས་གནང་འདུག རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོས་བ་ཀུ་ལ་རིན་པོ་ཆེར་རྗེས་དྲན་ཞུས་འདུག མེ་སོར་སློབ་ཕྲུག་མཐུན་ཚོགས་ནས་ནད་པར་རོགས་ཕན་སྒྲུབ་བཞིན་པ། བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཤ་མོ་ཚོང་ལས། Friday 24/11/2017 Till my last day, I am fully committed to promote ancient Indian knowledge: Dalai Lama Sikyong urges strong support from UK parliamentarians Lok Sabha Speaker pays tribute to Bakula Rinpoche Tibetan students in Mysore engage in social service towards local Tibetans Diaspora feature: Mushroom Cultivation

༸གོང་ས་མཆོག་གིས་༸གང་ཉིད་༸སྐུ་ཚེ་མཐའ་མའི་བར་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་གོང་འཕེལ་མཛད་རྒྱུའི་ཐུགས་བསྐྱེད་ཡོད་པ་བཀའ་བསྩལ་འདུག

རྒྱ་གར་རྒྱལ་ཡོངས་ཚོང་དོན་ལྷན་ཚོགས་སམ་ Indian chamber of commerce ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བཀའ་བཞེས་བཟང་པོ་སྨིན་སྩོལ་ཐོབ་སྟེ་ཁ་སང་༸གོང་ས་༸སྐྱབས་མགོན་པོ་མཆོག་གིས་རྒྱ་གར་ནུབ་བྷན་གྷལ་མངའ་སྡེའི་རྒྱལ་ས་ཀལ་ཀཱ་ཊར་ཚོགས་པ་དེའི་ཚོགས་མི་དང་སྐུ་མགྲོན་ཉིས་བརྒྱ་མན་ཙམ་ཞིག་ལ་མཇལ་ཁ་དང་ཁྱད་པར་དུ་མགོན་པོ་མཆོག་གིས་དེང་གི་སྤྱི་ཚོགས་དང་འཛམ་གླིང་ནང་དཔལ་ནཱ་ལེནྡྲ་ནས་བྱུང་བའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དགོས་མཁོ་ཅན་ཇི་ལྟར་ཆགས་ཡོད་པའི་སྐོར་ལམ་སྟོན་རྒྱ་ཆེ་བསྩལ་འདུག སྐབས་དེར་༸གོང་ས་མཆོག་གིས་ཐོག་མར་རྒྱ་གར་ཚོགས་བཅར་བ་ཀུན་ལ་རྒྱ་གར་དང་བོད་གཉིས་ནི་ལོ་རྒྱུས་ཐོག་ནས་བླ་སློབ་ཀྱི་ཐོུང་མིན་འབྲེལ་བ་ཡོད་སྐོར་བཀའ་གནང་སྟེ་༸གང་ཉིད་མཆོག་དེ་རིང་ Bengal དང་ཉིན་ཤས་གོང་དུ་ Odisha བཅས་སུ་ཆིབས་བསྒྱུར་མཛད་སྐབས་ཐུགས་ཚོར་དམིགས་བསལ་བ་ཞིག་བྱུང་ཡོད་པ་བཀའ་བསྩལ་བ་ལས་བྷན་གྷལ་ས་གནས་འདི་ནི་རྒྱ་གར་ཙམ་དུ་མ་ཟད་བོད་ལ་བཀྲིན་ཆེ་བའི་སློབ་དཔོན་ཆེན་པོ་མཁན་ཆེན་ཞི་བ་འཚོ་དང་ཇོ་བོ་རྗེ་ལྷ་རྗེ་དྷི་བམ་ཀ་ར་མཆོག་གི་འཁྲུངས་ཡུལ་ཡིན་པ་དང་། དེ་བཞིན་ Bihar ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་སྔོན་བྱོན་མཁས་པ་འགྲན་ཟླ་བྲལ་བའི་སྐྱེས་བུ་དམ་པའི་འཁྲུངས་ཡུལ་རྩ་ཆེ་ཞིག་ཆགས་ཡོད་སྐོར་ངོ་སྤྲོད་མཛད་འདུག ལྷག་པར་དུ་༸གང་ཉིད་མཆོག་གིས་དེ་གར་འདུས་པའི་རྒྱ་གར་ཤེས་ཡོན་ཅན་ཚོ་ལ་བོད་མི་རྣམས་ནས་སྔོན་ནཱ་ལེནྡྲའི་མཁས་པས་མཛད་པའི་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་ཀྱི་རིག་གཞུང་གཏིང་ཟབ་ཁག་ལ་སློབ་སྦྱོང་བྱས་ནས་ཤེས་བྱ་དེ་དག་ལོ་ངོ་སྟོང་ཕྲག་རིང་ལ་བདག་པོ་རྒྱག་གནང་ཡོད་སྟབས། བོད་མི་རྣམས་ནི་རྒྱ་གར་གྱི་སློབ་མ་ཙམ་མ་ཡིན་པར་སློབ་མ་ཡིད་ཆེས་བློས་འགེལ་ཆོག་པ་ཞིག་ཀྱང་ཆགས་ཀྱི་ཡོད་པ་བཀའ་གནང་པ་དང་།  སྒོས་སུ་ཚད་མ་རིག་པ་དང་སེམས་ཁམས་རིག་པ་སོགས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་ལ་དེ་རིང་སང་བློ་གཟུ་བོར་གནས་པའི་ཚན་རིག་པ་དང་ཤེས་ཡོན་ཅན་མང་པོའི་དོ་སྣང་དང་གདེང་འཇོག ཡིད་སྨོན་ཞུ་ས། ལྷག་དོན་དེང་གི་སྤྱི་ཚོགས་ནང་དངོས་སུ་ཁ་ཡོད་ལག་ཡོད་ཀྱི་འབྲེལ་བ་ཡོད་པའི་རིག་གཞུང་དང་ལྟ་གྲུབ་ཐོུང་མ་ཡིན་པ་ཞིག་ཏུ་གྱུར་ཡོད་པ་ལམ་སྟོན་མཛད་འདུག མགོན་པོ་མཆོག་ནས་ཀྱང་ད་བར་༸གང་ཉིད་མཆོག་སྤྱིར་འགྲོ་བ་མི་ཞིག་དང་ཆོས་པ་གཅིག དེ་བཞིན་བོད་མི་གཅིག་ཡིན་པའི་ཆ་ནས་༸སྐུའི་ཐུགས་བསྐྱེད་མཛད་འཁུར་གསུམ་ལ་དམ་དོན་གནང་བཞིན་ཡོད་ནའང་།  དེང་སང་མགོན་པོ་མཆོག་ནས་རྒྱ་གར་གྱི་ Secular འམ་རིས་མེད་ཀྱིས་ལྟ་གྲུབ་གཞིར་བཞག་རྒྱ་གར་ནང་དུ་རང་གི་གནའ་བོའི་དཔལ་ནཱ་ལེནྡྲའི་རིག་གཞུང་ཕྱུག་པོ་ཡོད་པ་དེར་སྨོན་ལམ་རྒྱབ་པ་མ་ཡིན་པར། གཙོ་བོ་ཤེས་ཡོན་གྱི་ལམ་ནས་གོང་འཕེལ་མཛད་རྒྱུའི་ཐུགས་བསྐྱེད་མཛད་འཁུར་བཞེས་ཡོད་པ་མ་ཟད། མཛད་འཁུར་དེ་ནི་༸གང་ཉིད་མཆོག་གི་༸སྐུ་ཚེ་མཐའ་མའི་བར་དུ་གནང་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག ཡང་སྒོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སང་འཛམ་གླིང་ནང་དུ་མིས་བཟོས་པའི་དཀའ་ངལ་ཇེ་སྙེད་ཅིག་གི་འོག་གོད་ཆག་དང་ཉམ་རྒུད་ཧ་ཅང་ཆེན་པོ་འབྱུང་བཞིན་པའི་མཚམས་འདིར། རྒྱ་གར་ཞེས་པའི་རྒྱལ་ཁབ་འདིས་འཛམ་གླིང་སྤྱི་ལ་རླབས་ཆེན་གྱི་ཕན་ཐོགས་བསྒྲུབ་རྒྱུའི་ཆ་རྐྱེན་དང་རེ་བ་ཆེན་པོ་གཟིགས་གནང་གི་ཡོད་པ་བཀའ་བསྩལ་ཏེ་དེ་གར་འདུས་པའི་རྒྱ་གར་བ་ཚོང་ལས་མི་སྣ་ཚོ་ལ་རང་གི་གནའ་བོའི་རིག་གཞུང་ཐོག་ལ་དོ་སྣང་དང་སློབ་སྦྱོང་གནང་གལ་ཡིན་པའི་ལམ་སྟོན་རྒྱ་ཆེ་བསྩལ་འདུག དེ་རིང་ཉིན་གུང་ཚོུད་ ༡༢༌༣༠ ཐོག་མགོན་པོ་མཆོག་ཐེངས་འདིའི་རྒྱ་གར་རྒྱལ་ས་ལྡི་ལི་དང་ཨོ་ཌོ་ཤ་མངའ་སྡེ། དེ་བཞིན་གྲོང་ཁྱེར་ཀལ་ཀཱ་ཊ་བཅས་སུ་བདུན་གཅིག་ཙམ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་རེད།

རེས་གཟའ་ཕུར་བུ། ༢༠༡༧།༡༡།༢༣

ཉན་པ།: Listen ཕབ་ལེན། Download བོད་པའི་ཁ་ཆེ་ཚོ་ལའང་བོད་མིའི་རང་དབང་རྩོད་ལེན་གྱི་འགན་གཅིག་མཚུངས་ཡོད་བཀའ་བསྩལ་འདུག སྲིད་སྐྱོང་མཆོག་ནས་ཨིན་ཡུལ་གཞུང་འབྲེལ་དཔོན་རིགས་དང་གྲོས་ཚོགས་འཐུས་མི་ཁག་ཅིག་མཇལ་འཕད་གནང་འདུག ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་ནས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐབས་ལམ་ཡང་དག་ཞིག་རེད་གསུངས་སོང་། མཚོ་སྔོན་ཁུལ་གྱི་ཚོང་པ་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། ཟུངས་ཁྲག་སྐོར། Thursday 23/11/2017 Tibetan Muslims have equal responsibility towards Tibet struggle: Dalai Lama Sikyong arrives in London, meets with UK Parliamentarians and Officials Middle way appropriate solution to resolve Sino-Tibet issue: Australian Parliamentary delegation China shutting down Tibetan businesses around Tso Ngonpo , Qinghai HEALTH FEATURE: Dr. Tenzin Tsewang on Blood Donation

༸གོང་ས་མཆོག་གིས་བོད་མི་ཁ་ཆེ་ཚོ་ལའང་བོད་མིའི་རང་དབང་རྩོད་ལེན་གྱི་འགན་གཅིག་མཚུངས་ཡོད་པ་བཀའ་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་ཐོག་གྲོང་ཁྱེར་ Kolkata ནང་གི་བོད་རིགས་ཁ་ཆེ་བ་གཙོས་པའི་ཁུལ་དེར་སློབ་སྦྱོང་གནང་བཞིན་པའི་བོད་ཕྲུག་ན་གཞོན་སྐོར་ཞིག་ལ་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་པ་དང་། ལྷག་པར་བོད་མི་ཁ་ཆེ་བ་ཚོ་ལའང་བོད་མིའི་རང་དབང་རྩོད་ལེན་གྱི་འགན་གཅིག་མཚུངས་ཡོད་པ་བཀའ་གནང་འདུག བོད་རིགས་ཚོ་ལ་མཇལ་ཁ་དང་བཀའ་སློབ་ཀྱི་མཛད་རིམ་དེ་ནི་མགོན་པོ་མཆོག་གི་བཞུགས་གནས་Oberoi གསོལ་མགྲོན་ཁང་དུ་གནང་འདུག་པ་དང་། སྐབས་དེར་གྲོང་ཁྱེར་ཀལ་ཀཱ་ཊ་དང་། དེ་བཞིན་རྒྱ་གར་བྱང་ཤར་ཀ་སྦུག རྡོ་རྗེ་གླིང་གཞན་ཡང་འབྲས་ལྗོངས་སོགས་ནས་བོད་རིགས་ཁ་ཆེ་བ་སོགས་སློབ་ཕྲུག་བརྒྱ་ལྷག་བཅར་ཡོད་པ་རེད་འདུག མགོན་པོ་མཆོག་གིས་སྐབས་དེར་ཐོག་མར་མང་ཚོགས་ལ་༸གང་ཉིད་མཆོག་ ༡༩༥༦ ལོར་གྲོང་ཁྱེར་ཀལ་ཀཱ་ཊར་ཐེངས་དང་པོ་ཕེབས་མྱོང་ཡོད་པའི་སྐོར་གསུངས་པ་དང་འབྲེལ། དེའི་ཚེ་དེའི་དུས་སུ་གྲོང་ཁྱེར་དེའི་ Hawra ཟམ་པ་དང་གཅན་གཟན་ཁང་སོགས་སྐད་གྲགས་ཡོད་པ་ཐོས་མྱོང་ཡོད་སྐོར་བཀའ་གནང་པ་དང་། ༡༩༥༩ རྗེས་སུ་བོད་མི་རྣམས་བཙན་བྱོལ་ཆགས་རྗེས་ཕྱོགས་གཅིག་ནས་བཙན་བྱོལ་བ་ཞིག་ཆགས་ཡོད་ནའང་། ཕྱོགས་གཞན་ཞིག་ནས་ང་ཚོ་བཙན་བྱོལ་དུ་སླེབས་ནས་བོད་མི་རིགས་ཀྱི་རིག་གཞུང་དང་སྙིང་སྟོབས་བསྟན་ཐུབ་ཡོད་པ་མ་ཟད། དེ་རིང་སང་ཉིན་དེ་སྔ་དང་མི་འདྲ་བ་རང་ཉིད་བོད་པ་ཡིན་ཟེར་ན་སྤོབས་པ་སྐྱེས་དགོས་ཡག་ཆགས་ཡོད་རེད་ཅེས་དང་བཀའ་གནང་འདུག སྐབས་དེར་ཚོགས་བཅར་བའི་ཁྲོད་བོད་རིགས་ཁ་ཆེ་བ་ཁག་ཅིག་ཡོད་པ་རྣམས་ལས་འཕྲོས་ནས་༸གོང་ས་མཆོག་གིས་དེ་སྔ་བོད་ནང་རྒྱལ་མཆོག་ལྔ་པ་ཆེན་པོའི་༸སྐུ་དུས་དུས་སུ་བོད་པའི་ཁ་ཆེ་བ་ཚོར་གཟིགས་པ་ཡངས་པོ་ཡོད་སྐོར་གྱི་ལོ་རྒྱུས་ངོ་སྤྲོད་གནང་པ་དང་། དེ་བཞིན་དུས་ཕྱིས་རྒྱ་གར་བྱང་ཕྱོགས་ Srinagar ནང་གི་བོད་རིགས་ཁ་ཆེ་བ་ཚོས་བོད་སྐད་ཧ་ཅང་ཡག་པོ་སྐྱོན་བཞིན་པ་ལ་བསྔགས་བརྗོད་ཀྱིས་མགོན་པོ་མཆོག་གིས་བོད་རིགས་ཁ་ཆེ་བ་ཚོས་ཀྱང་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སློབ་སྦྱོང་གནང་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་པ་དང་། སྒོས་སུ་བོད་རིགས་གཅིག་མཚུངས་ཤིག་ཡིན་སྟབས་བོད་མིའི་རང་དབང་གི་འགན་ཡང་གཅིག་མཚུངས་ཡོད་པ་བཀའ་སློབ་གནང་འདུག དེ་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་གར་འདུས་པའི་གཞོན་སྐྱེས་རྣམས་ཀུན་ལའང་བོད་ཡིག་གི་ཐོུང་མིན་པའི་སྐོར་དང་འབྲེལ། དུས་རབས་ ༢༡ པའི་ནང་བོད་ཡིག་མ་ཤེས་ན་ཧ་ལམ་ནང་ཆོས་སྤྱི་དང་ཁྱད་པར་ནཱ་ལེནྡྲའི་ཆོས་བརྒྱུད་ཐོག་སློབ་སྦྱོང་བྱེད་ཐུབ་ཡག་ཁག་པོ་གཟིགས་གནང་གི་ཡོད་པ་བཀའ་བསྩལ་འདུག མགོན་པོ་མཆོག་གིས་ང་ཚོ་བོད་མི་ཚོས་ལོ་ངོ་ལོ་ཕྲག་རིང་ནས་བདག་གཅེས་གནང་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ནི་ང་ཚོ་སྤོབས་སྐྱེས་དགོས་ཡག་ཅིག་དང་། བོད་མི་ཚོས་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་དགོས་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་བསྩལ་འདུག མཛད་འཆར་ལྟར་དེ་རིང་ཉིན་རྒྱབ་མགོན་པོ་མཆོག་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལོར་༸ཞབས་སོར་བདེ་བར་འཁོད་འདུག་པ་དང་། སང་ཉིན་༸གང་ཉིད་མཆོག་བཞུགས་སྒར་དུ་ཆིབས་སྒྱུར་བཀྲིན་བསྐྱང་གི་ཡོད་པ་རེད།

མཚོ་སྔོན་པོར་ཚོང་ལས་གཉེར་མཁན་བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་འདུག

དེའང་རྒྱ་གཞུང་གིས་དབྱེ་བའི་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན། མཚོ་སྔོན་པོར་བོད་མིའི་ཁྱིམ་ཚང་ ༤༠ ཐམ་པས་མཚོ་སྔོན་པོར་ཕྱོགས་མཐའ་ཁག་ནས་ཡོང་མཁན་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་དམིགས་ཏེ་མཚོ་སྔོན་པོའི་མཐའ་འཁོར་དུ་སྟབས་བདེའི་ཟ་ཁང་དང་ཚོང་ཁང་། མགྲོན་ཁང་སོགས་ཚོང་གཉེར་ནས་ཡོང་འབབ་གསོག་གི་ཡོད་པ་རེད་འདུག འོན་ཀྱང་ཉེ་དུས་ཟླ་བ་གཉིས་གསུམ་ལས་ཕྱིན་མེད་ཀྱང་ཕྱི་ཟླ་ ༨ ནང་རྒྱ་ནག་གཞུང་ཕྱོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ཏེ་བོད་མིའི་ཁྱིམ་ཚང་ ༤༠ ཡོད་པ་དེ་དག་གི་ཟ་ཁང་དང་ཚོང་ཁང་། མགྲོན་ཁང་བཅས་པ་བཙན་དབང་གིས་གཏོང་བཤིག་བཏང་པ་མ་ཟད། སླད་མར་ཚོང་ལས་ཡོངས་རྫོགས་གཉེར་མི་ཆོག་པའི་བཙན་བཀའ་བཏང་འདུག་སྟབས་ཁུལ་དེའི་བོད་མི་ཚོའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག

བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐབས་ལམ་ཡང་དག་ཞིག་རེད།

དེ་རིང་སྔ་དྲོ་ཚོུད་ ༩༌༣༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་ཨ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་གསུམ་ལས་གྲུབ་པའི་གྲོས་འཐུས་སྐུ་ཚབ་ཚོགས་ཆུང་ནས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐབས་ལམ་ཡང་དག་ཞིག་རེད་ཅེས་གསུངས་སོང་། སྐུ་ཚབ་ཚོགས་ཆུང་ཁྲོད་ཨོ་སི་ཊོ་ལི་ཡའི་ Justice འམ་དྲང་བདེན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Derryn Hinch ལགས་དང་གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Kevin Andrews ལགས། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕ་སྐུ་ Kimberly Kitching ལགས། དེ་བཞིན་ Meryl Swanson ལགས་བཅས་ཕེབས་ཡོད་པ་དང་། ཁོང་རྣམས་འདས་པའི་ཉིན་གྲངས་བཞིའི་རིང་ལ་བོད་མིའི་སྒྲིག་འཛུགས་གཙོས་པའི་གཞུང་དང་འཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ལ་གཟིགས་ཞིབ་གནང་ཡོད་པ་ལྟར། དེ་རིང་གསར་འགོད་ལྷན་ཚོགས་སྐབས་ཁོང་རྣམ་པས་རང་ཉིད་ཀྱི་མྱོང་འཚོར་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད། སྐབས་དེར་སྐུ་ཞབས་ Derryn Hinch ལགས་ཀྱིས་ང་ཚོས་ཐེངས་འདིའི་འཚམས་གཟིགས་ཁྲོད་བོད་མི་རྣམས་ནས་རང་ཉིད་ཀྱི་མཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་ཁག་མུ་མཐུད་སྲུང་སྐྱོབ་བྱེད་བཞིན་པ་དང་། བོད་རྒྱའི་བཀའ་རྙོག་སེལ་ཐབས་སུ་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་མང་དག་ཞིག་ནས་གོམ་པ་མདུན་སྤོས་གནང་བཞིན་པ་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པ་མ་ཟད། ལྷག་དོན་དེང་སྐབས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་སྟོབས་ཤུགས་སྔར་ལྷག་རྒྱ་སྐྱེད་འགྲོ་བཞིན་སྐབས་ཨ་རི་གཙོས་རྒྱལ་སྤྱིའི་འགོ་ཁྲིད་མང་པོ་ཞིག་ནས་མུ་མཐུད་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཞག་སྟེ་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་ཡོད་སྟབས། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐབས་ལམ་ཡང་དག་ཞིག་རེད་ཅེས་གསུངས་སོང་། དེ་བཞིན་སྐུ་ཞབས་ Kevin Andrews ལགས་ནས་ཁོང་རྣམས་ད་རེས་བཞུགས་སྒར་དུ་བཅར་དོན་གཙོ་བོ་ནི་ཨོ་སི་ཊོ་ལི་ཡའི་སྲིད་གཞུང་ནས་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་མངོན་གསལ་གནང་རྒྱུ་དང་། མའོངས་པར་སྲིད་བྱུས་དེའི་འོག་བོད་རྒྱ་གཉིས་ཞི་འགྲིག་ཡོང་ཐབས་སུ་འབད་རྩོན་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་མ་ཟད། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕ་སྐུ་ Kimberly Kitching ལགས་དང་ Meryl Swanson ལགས་རྣམ་གཉིས་ཀྱང་འཚམས་གཟིགས་གནང་པའི་མྱོང་འཚོར་དང་འབྲེལ། བོད་པའི་སློབ་གྲྭ་ཁག་གྱི་ཤེས་ཡོན་ལམ་ལུགས་ཁྲོད་སློབ་ཕྲུག་རྣམ་ལ་རང་ཉིད་ཀྱི་རིག་གཞུང་གཙོས་པའི་དེང་དུས་ཀྱི་ཤེས་ཡོན་ཐོག་སློབ་འཁྲིད་གནང་བཞིན་པར་ཡི་རང་བསྔགས་བརྗོད་ཡོད་པ་གསུངས་སོང་། ཁོང་རྣམས་ནས་གསར་འགོད་པའི་དྲི་བར་ལན་འདེབས་གནང་པར་ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་དབར་ལ་ཚོང་དོན་གྱི་འབྲེལ་བ་ཆེན་པོ་ཡོད་ཀྱང་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་སུ་འདྲ་ཞིག་གཞུང་འཛིན་ཆགས་ཀྱང་བོད་ཀྱི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་ངེས་ཡིན་པ་མ་ཟད་མ་འོངས་པར་རིམ་པས་ཁོང་རྣམས་ནས་བོད་ཕྲུག་གང་མང་ཞིག་ཁུལ་དེར་སློབ་སྦྱང་ཆེད་བསྐྱོད་ཐུབ་རྒྱུར་རེ་བ་ཡང་གནང་བཞིན་ཡོད་སོགས་གསུངས་ཡོད། གཞིན་རྩའི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་ཟླ་བ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Taj Mahal གསོལ་མགྲོན་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུ་རྒྱུ་བྱུང་ཡོད་པ་རེད།

རེས་གཟའ་ལྷག་པ། ༢༠༡༧།༡༡།༢༢

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་དེ་རིང་ནུས་སྦེང་གོལ་མངའ་སྡེ་ནང་དུ་༸ཞབས་སོར་བདེ་བར་འཁོད་འདུག ཨ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་༸གོང་ས་མཆོག་མཇལ་ཁ་ཞུས་འདུག སྲིད་སྐྱོང་མཆོག་ནས་ཁེ་ན་ཌའི་གྲོས་ཚོགས་མི་ཁག་ཅིག་དང་མཇལ་འཕྲད་གནང་པ། རྒྱ་གཞུང་གིས་བོད་ནང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ཚད་ལྡན་བྱེད་ཀྱི་མེད་པའི་སྐྱོན་བརྗོད། Smile ཐེབས་རྩ་ཁང་ལ་༸གོང་ས་མཆོག་གིས་སེམས་ཤུགས་འཕར་མ་ཞིག་གནང་སོང་ཞེས་གསུངས་འདུག གྲོང་ཁྱེར་མུམ་བའི་ནང་དུ་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་འདུག བཀའ་སློབ་ལེ་ཚན། ༸གོང་ས་མཆོག་གིས་ཨ་རི་རྒྱལ་སའི་ནང་གི་བོད་མི་ཚོར་བསྩལ་བའི་བཀའ་སློབ། Wednesday 22/11/2017 Dalai Lama arrives in Kolkata, will speak on Ancient Indian Knowledge to ICC Safety fears over Tibet railway raised amid concern over mega-projects Motivated to raise the bar even higher: Santanu Mishra on being endorsed by His Holiness Sikyong and Education Kalon meets with Canadian lawmakers 2nd Blood donation camp held at Men Tsee Khang today 6th Conference on Body, Mind and Life begins in Mumbai

Smile ཐེབས་རྩ་ཁང་ལ་༸གོང་ས་མཆོག་གིས་སེམས་ཤུགས་འཕར་མ་ཞིག་སྤྲད་སོང་ཞེས་གསུངས་འདུག

རྒྱ་གར་གྱི་སློབ་ཕྲུག་འབུམ་ཕྲག་མང་པོར་རོགས་རམ་གནང་བཞིན་པའི་ལྡི་ལིར་རྟེན་གཞི་བྱས་པའི་Smile ཐེབས་རྩ་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ Santanu Mishra ལགས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ད་རེས་ཐེབས་རྩ་ཁང་ལ་རྒྱབ་སྐྱོར་གནང་རྒྱུར་ཞལ་བཞེས་གནང་པ་དེས་ཁོང་སྒེར་ལ་སྤྱི་ཚོགས་བདེ་རྩའི་སླད་ཞབས་ཞུ་མུ་མཐུད་བསྒྲུབ་རྒྱུའི་སེམས་ཤུགས་འཕར་མ་ཞིག་བྱིན་སོང་ཞེས་གསུངས་འདུག དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིན་ཤས་གོང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གི་མཛད་འཆར་ཁྲོད་ཕྱི་ཚེས་ ༡༩ ཉིན་ Smile ཐེབས་རྩ་ཁང་གི་སློབ་ཁག་བཅུའི་དགེ་ལས་སློབ་མ་ལ་བླང་དོར་བཀའ་སློབ་དང་ཁྱད་པར་དུ་ཐེབས་རྩ་ཁང་དེའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ལ་བསྔགས་བརྗོད་ཀྱིས་ཧིན་སྒོར་འབུམ་ ༡༢༥ གསོལ་རས་བཀྲིན་བསྩལ་ཡོད་པ་ལྟར། ཁ་སང་ཐེབས་རྩ་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ Mishra ལགས་ཀྱིས་ Business wire བརྒྱུད་ལམ་སྟེང་༸གོང་ས་མཆོག་ལ་བཀྲིན་རྗེས་དྲན་དང་སྦྲགས། རྒྱལ་སྤྱིའི་ཐོག་ཆེས་མཐོང་དང་བརྩི་བཀུར་ཆེ་བའི་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་ང་ཚོའི་ཐེབས་རྩ་ཁང་གི་ལས་དོན་ལ་ཆེ་བསྟོད་ངོས་འཛིན་གནང་པ་དེ་ནི་དགའ་སྤོབས་སྐྱེས་དགོས་པ་ཞིག་པ་དང་། ལྷག་པར་དུ་ཁོང་སྒེར་ལྟ་བུར་མཚོན་ན་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་བརྒྱུད་སྤྱི་སྨན་ཞབས་ཞུ་སྔར་ལྷག་བསྒྲུབ་རྒྱུའི་སེམས་ཤུགས་འཕར་མ་ཞིག་བྱིན་ཡོད་པ་གསུངས་འདུག གཞི་རྩའི་ Smile ཞེས་པའི་ཐེབས་རྩ་ཁང་ནས་རྒྱ་གར་རྒྱལ་ཡོངས་ནང་གི་བྱིས་པ་དང་ན་གཞོན་སྐྱོ་བོ་དང་ཉམ་ཐག་རིགས་ལ་ཤེས་ཡོན་དང་འཕྲོད་བསྟེན། ནུས་སྟོབས་གོང་འཕེལ་སོགས་སྤྱི་ཚོགས་ཀྱི་ཁེ་དབང་འདྲ་མཉམ་ཐོག་ནས་ལོངས་སྤྱོད་ཐུབ་ཆེད་དུ་དམིགས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་པ་དང་། ཐེབས་རྩ་ཁང་དེ་ལ་ད་བར་ Asia Pacific Child Rights Award དང་Healthcare Leadership Award སོགས་རྒྱལ་ནང་དང་རྒྱལ་སྤྱིའི་གཟེངས་ཐོན་བྱ་དགའ་མང་དག་ཐོབ་མྱོང་ཡོད་པའི་རྒྱ་གར་གྱི་ཚོགས་པ་ཚགས་ཚུད་ཤོས་གྲས་སུ་སླེབས་ཀྱི་འདུག སྐུ་ཞབས་ Santanu Mishra ལགས་ཀྱིས་ Business wire བརྒྱུད་ལམ་སྟེང་ཁོང་གིས་༢༠༠༢ ལོར་ཚོགས་པ་དེ་འདྲ་ཞིག་བཙུགས་གནང་ཡོད་པ་དེ་ནི་གཙོ་བོ་ཆུང་དུས་སྐབས་རང་ཉིད་འཚར་ལོངས་བྱུང་ས་དེ་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་གྱི་ཁོར་ཡུག་ཅིག་ནང་ཆགས་ཀྱི་ཡོད་སྟབས་ཐོག་མའི་བསམ་བློ་དེ་ནས་བྱུང་ཡོད་པ་འགྲེལ་བརྗོད་གནང་འདུགཔ་དང་སྒོས་སུ་སྤྱི་ཚོགས་ནང་གི་ཉམ་ཐག་དང་སྐྱོ་བོའི་དཀའ་ངལ་དེ་སེལ་ཐབས་ཡག་ཤོས་དེ་འབྱོར་ལྡན་དང་གནས་སྟངས་ཡག་པ་ཚོས་དོན་དམ་གྱིས་འགན་འཁུར་གནང་དགོས་པར་གཟིགས་འདུག་ཅེས་སོགས་གསུངས་འདུག

བཞུགས་སྒར་དུ་དང་བླངས་ཟུངས་ཁྲག་ཞལ་འདེབས་ཀྱི་ལས་རིམ་ཚོགས་པ།

དེ་རིང་ཟླ་ ༡༡ ཚེས་ ༢༢ ཉིན་སྔ་དྲོ་བཞུགས་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་མཐོ་སློབ་དང་། བདེ་ལེགས་སྨ་ཁང་། དེ་བཞིན་དྷ་ཤོད་ཊན་ཌ་སྨན་ཁང་གསུམ་ཟུང་འབྲེལ་གྱིས་བོད་ཀྱི་སྨན་རྩིས་ཁང་མཐོ་སློབ་ཏུ་ཟུངས་ཁྲག་ཞལ་འདེབས་ཀྱི་ལས་རིམ་ཞིག་ཚོགས་སོང་། ལས་རིམ་ཀྱི་ཐོག་མར་ཆེད་བཅར་གནང་བའི་ཧི་མཱ་ཅལ་མངའ་སྡེའི་ཁྲག་ཞལ་འདེབས་ལྷན་ཁང་གི་ཚོགས་མི་དང་རྡ་ཤོད་ཊན་ཌ་སྨན་ཁང་གི་ཁྲག་སྨན་པ་ལྕམ་སྐུ་ Anjili Chavan ལགས་ནས་བོད་ཀྱི་སྨན་རྩིས་ཁང་མཐོ་སློབ་ཀྱི་སློབ་མ་དང་ཟུངས་ཁྲག་ཞལ་འདེབས་གནང་བར་ཡོང་མཁན་ས་གནས་བོད་མི་རྣམས་ལ་ཟུངས་ཁྲག་གི་གལ་གནད་དང་། ལྷག་དོན་སྨན་པ་དང་ཚན་རིག་མཁས་པ་མང་པོས་མིའི་ཟུངས་ཁྲག་ཐོག་དཔྱད་ཞིབ་གནང་སྐབས་དེ་ནི་མིའི་གཟུགས་པོའི་ནང་ནས་ཐོན་པའི་ཆེས་རྩ་ཆེ་ཤོས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་གསུངས་སོང་། རྩ་བའི་ཟུངས་ཁྲག་ཞེས་པ་དེ་མིའི་སྤྱི་ཚོགས་ནང་འབེལ་པོ་ཞེ་དྲག་ཡོད་ཀྱང་ལོ་ལྟར་མི་མང་པོ་ཞིག་ཟུངས་ཁྲག་དང་འབྲེལ་བའི་ནད་གཞིའི་འོག་འདས་གྲོངས་སུ་འགྱུར་བའི་གནས་སྟངས་འཕྲད་མུས་ཡིན་པ་རེད། མིའི་སྤྱི་ཚོགས་ཁྲོད་དུ་ཟུངས་ཁྲག་ཞལ་འདེབས་གནང་རྒྱུ་དང་དེའི་གོ་རྟོགས་དམན་པས་ངལ་བ་དེ་ལྟར་འཕྲད་ཀྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་ཡོད། གཞི་རྩའི་ཟུངས་ཁྲག་ཞལ་འདེབས་ཀྱི་ལས་རིམ་ཐེངས་དང་པོ་དེ་སྔར་ལོ་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ས་རཱ་མཐོ་སློབ་ཏུ་གནང་ཡོད་པ་དང་། དེའི་དགོས་དམིགས་ནི་དྷ་ཤོས་རྒྱ་གར་གཞུང་གི་ཊན་ཌ་སྨན་ཁང་དུ་སྨན་བཅོས་ཆེད་དགོས་ངེས་ནད་པ་རྣམས་གཤག་བཅོས་རིགས་གནང་སྐབས་ཟུངས་ཁྲག་འདང་ངེས་མེད་པ་ཚོར་བེད་སྤྱོད་གནང་རྒྱུ་རེད་འདུག

Latest news