Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: October, 2018

༸གོང་ས་མཆོག་གིས་བཞུགས་སྒར་དུ་དབུ་མ་འཇུག་པའི་ཆོས་འབྲེལ་དབུ་འཛུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་སྐུལ་བ་པོ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་གཙོས་པའི་ཕྱི་ནང་གི་མང་ཚོགས་ ༦༩༠༠ ལྷག་ཙམ་ལ་ཉིན་བཞིའི་རིང་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་ལས་སྔར་ལོའི་ཆོས་འབྲེལ་འཕྲོ་སྐྱོང་གི་བཀའ་ཆོས་དབུ་འཛུགས་བསྐྱངས་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ཐོག་མར་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོ། ཡོ་རོབ། ཨ་རི། དེ་བཞིན་ཝི་ཏི་ནམ་དང་ཀོ་རི་ཡ་སོགས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནས་ཕེབས་པའི་ཆོས་ཞུ་བ་ཚོར་དགའ་བསུའི་འཚམས་འདྲི་བསྩལ་བ་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་ཁྱེད་རང་ཚོའི་ངོས་ནས་ངོས་ཀྱིས་རྒྱུན་ལྡན་བཤད་པ་ལྟར་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་བྱེད་དགོས་ཞེས་ལམ་སྟོན་མཛད་སོང་།༸གོང་ས་མཆོག་གིས་བཀའ་ཆོས་དངོས་གཞི་དབུ་འཛུགས་མ་བསྐྱང་གོང་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་སྔོན་འགྲོ་ཆོས་འབྲེལ་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན་ཞེས་གསུངས་པ་ལྟར་འདིར་རྒྱ་ཆེ་ས་ནས་བསམ་བློ་གཏང་ཚེ་འཛམ་གླིང་ཐོག་གི་ཆོས་ལུགས་ཚང་མས་གཞན་ལ་གནོད་པ་མ་བྱེད་ཞེས་སེམས་རྒྱུད་འདུལ་ཐབས་སུ་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་པའི་དབར་ཐབས་ཚུལ་ཙམ་ལས་ཁྱད་མེད་ཅིང་བསླབ་བྱའི་སྙིང་པོ་གཅིག་མཚུངས་ཡིན་སྐོར་བཀའ་བསྩལ་སོང་།ད་དུང་༸གོང་ས་མཆོག་གིས་སངས་རྒྱས་ཀྱིས་འགྲོ་བའི་སྡུག་བསྔལ་ཕྱག་གིས་སེལ་མི་ནུས་པ་དང་དེའི་རྒྱུ་ལས་དང་ཉོན་མོངས་རྣམས་ཆུས་འཁྲུ་རྒྱུ་མེད་པ་སོགས་བསྟན་ནས་ཆོས་ཀྱི་གནས་ལུགས་གང་ཡིན་ཇི་བཞིན་བསྟན་ཐོག་སེམས་ཅན་ལ་ཕན་ཐོགས་མཛད་ཀྱི་ཡོད་པ་བཀའ་བསྩལ་བ་དང་སྦྲགས། རང་གི་སེམས་ནི་ཡོངས་སུ་འདུལ་ཞེས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་སེམས་འདུལ་ཚུལ་དེ་ནི་ཐུན་ཐོན་མ་ཡིན་པ་ཞིག་ཆགས་ཡོད་པར་བཀའ་བསྩལ་ཡོད།༸གོང་ས་མཆོག་གིས་དེ་རིང་བཀའ་ཆོས་ཉིན་དང་པོའི་ཐོག་གཙོ་བོ་སངས་རྒྱས་ཀྱིས་ཐོག་མར་བདེན་བཞི་ཆོས་འཁོར་བསྐོར་ཡོད་པ་དང་། ལྷག་དོན་བདེན་བཞིའི་རྒྱུ་འབྲས་དང་བཅས་པ་ཤེས་པའི་ཐོག་ནས་ཆོས་ཉམས་སུ་བླངས་དགོས་སྐོར་ལམ་སྟོན་རྒྱ་ཆེ་མཛད་སོང་། ཐེངས་འདིའི་དབུ་མ་འཇུག་པའི་གསུང་ཆོས་འདི་ནི་གཙོ་བོ་ཐེ་ཝན་ནང་ཡོད་པའི་བསྟན་འཛིན་བྱམས་ཆེན་ཆོས་ཚོགས་ནས་གསོལ་འདེབས་ཞུས་པ་ཞིག་ཡིན་པ་དང་། བཀའ་ཆོས་ཐོག་འཛམ་གླིང་རྒྱལ་ཁབ་མི་འདྲ་བ་ ༦༧ ནས་ཁྱོན་ཆོས་ཞུ་བ་ ༦༩༠༠ ལྷག་འདུ་འཛོམས་བྱུང་འདུག་པའི་ཁོངས་ནས་ཐེ་ཝན་ནས་ཆོས་ཞུ་བ་ཁྱོན་ ༩༠༠ དང་རྒྱ་ནག་སྐམ་ས་ཆེན་པོ་ནས་ཆོས་ཞུ་བ་ཁྱོན་ ༥༤ བཅས་ཆེད་བཅར་ཞུས་འདུགམགོན་པོ་༸གང་ཉིད་མཆོག་གིས་གསུང་ཆོས་བར་མཚམས་སུ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་བསྩལ་དོན་ལྟར་ཆོས་ཞུ་བ་ཞིག་གིས་༸གོང་ས་མཆོག་གིས་རྣམ་ཀུན་ནས་བཀའ་ཆོས་སྩལ་སྐབས་སུ་ཆོས་ཀྱི་བདག་མེད་དང་གང་ཟག་གི་བདག་མེད་གཉིས་ཡོད་པ་ལས་མགོན་པོ་མཆོག་གི་ཐུགས་རྒྱུད་ལ་ཐོག་མར་གང་ཟག་གི་བདག་མེད་འཁྲུངས་སྐོར་བཀའ་སྩལ་དོན་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་སོང་། རྩ་བའི་༸གོང་ས་མཆོག་ནས་དེ་རིང་ཟླ་ ༡༠ ཚེས་ ༣ ནས་ ༦ བར་ཉིན་གྲངས་བཞིའི་རིང་བཀའ་ཆོས་བཀའ་དྲིན་བསྩལ་གནང་གི་ཡོད་པ་དང་། བཀའ་ཆོས་དེའང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་རྒྱ་ Dalialama.com ཐོག་ལ་བོད་སྐད་དང་། དབྱིན་སྐད། རྒྱ་སྐད། ཝི་ཏི་ནམ། ཧིཾདི། ཉེ་ཧོང། ཨུ་རུ་སུ། སེ་པན་ནི་ཤི། འཇར་མན། པོར་ཆུགྷར་སི་བཅས་ཀྱི་སྐད་ཐོག་ཐད་སྲིང་གནང་གི་འདུག

སྒང་ཏོག་ཏུ་སང་ཉིན་ནས་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བདུན་པ་འཚོགས་རྒྱུ།

རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་སང་ཉིན་ནས་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བདུན་པ་བསྐོང་འཚོགས་གནང་རྒྱུ་རེད་འདུག འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའམ་ Cosmologyand Consciousness བགྲོ་གླེང་གི་རིམ་པ་དེ་ནི་༸གོང་ས་༸སྐྱབས་མགོན་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་འོག་ཕྱི་ལོ་ ༢༠༠༠ ལོ་ནས་ད་བར་བོད་ཀྱི་དཔེ་མཛོད་ཁང་ནས་དགེ་འདུན་པ་ཚོར་ཚན་རིག་སློབ་ཁྲིད་གནང་བའི་ལས་གཞི་མང་དག་ཞིག་ཡོད་པའི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་ནི་ Observation and Reality ཞེས་ལྟ་ཞིབ་དང་གནས་ཚུལ་ཞེས་རེད་འདུག བོད་ཀྱི་དཔེ་མཛོད་ཁང་ནས་བགྲོ་གླེང་འདི་སྒང་ཏོག་ཏུ་ཡོད་པའི་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་དང་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། སང་ཉིན་ནས་དབུ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་འཚོགས་རྒྱུའི་བགྲོ་གླེང་དེའི་ཐོག་རྒྱལ་སྤྱིའི་ས་གནས་འདྲ་མིན་ནས་ཕེབས་པའི་ཚན་རིག་པ་དང་ནང་པའི་དགེ་འདུན་པ་ ༣༠ ཙམ་གྱི་དབར་རིག་གཞུང་བརྗེ་རེས་ཀྱི་གྲོས་མོལ་གནང་རྒྱུ་མ་ཟད། Quantum Physics འམ་ཚད་རྡུལ་དངོས་ཁམས་རིག་པའི་ཡ་མཚན་གནས་ཚུལ་དེ་དག་ནང་པའི་ལྟ་གྲུབ་དང་འབྲེལ་བ་དང་འགལ་ཕྱོགས་ཇི་ཡོད་ལ་དཔྱད་གླེངདང་དྲི་བ་དྲིས་ལན་སོགས་གནང་རྒྱུ་རེད་འདུག བོད་ཀྱི་དཔེ་མཛོད་ཁང་ནས་ཐེངས་འདིའི་བགྲོ་གླེང་ཐོག་བཅར་བའི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་སུམ་ཅུ་སྐོར་ཞིག་བགྲོ་གླེང་དེའི་སྔོན་འགྲོའི་ཚུལ་དུ་བདུན་ཕྲག་བཞིའི་རིང་ཚན་རིག་ངོ་སྤྲོད་ཀྱི་ཟབ་སྦྱོང་ཞིག་ཐོག་མཉམ་ཞུགས་ཀྱིས་དེང་དུས་ཚན་རིག་ཆེད་གཉེར་བྱ་རྒྱུའི་གོ་སྐབས་ཕུལ་ཡོད་པ་རེད། རྩ་བའི་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བདུན་པ་ལྟ་ཞིབ་དང་གནས་ཚུལ་ཞེས་པ་དེ་ནི་ནང་པའི་མཁས་དབང་ཁག་དང་ཚན་རིག་པའི་དབར་སེམས་དོན་གྱི་རིན་ཐང་དང་ཚན་རིག་གི་དཔྱད་ཞིབ་མཉམ་འབྲེལ་ཁྱབ་སྤེལ་སླད་དམིགས་པའི་བགྲོ་གླེང་རིམ་ཞིག་གོ་སྒྲིག་གནང་བཞིན་པའི་ནང་ཚན་ཞིག་ཆགས་ཀྱི་ཡོད་པ་དང་། བོད་ཀྱི་དཔེ་མཛོད་ཁང་ནས་ཕྱི་ལོ་ ༢༠༡༡ ནས་དབུ་འཛུགས་ཀྱིས་ད་བར་སེམས་དང་བེམ་རྫས། ཤེས་རྟོགས་དང་ལག་ལེན། དེ་བཞིན་མཐུན་འགྲིག་དང་བདེ་སྐྱིད། གཞན་ཡང་སེམས་ཚོར་སྟངས་འཛིན་དང་བཅོས་སྒྱུར་ཞེས་པའི་བརྗོད་ཁག་གི་ཐོག་བགྲོ་གླེང་སྔ་རྗེས་ཐེངས་དྲུག་གོ་སྒྲིག་ཞུས་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༡༨།༡༠།༠༢

ཉན་པ།: Listen ཕབ་ལེན། Download ཆབ་སྲིད་བཙོན་ཟུརགཞོན་ནུ་དཔལ་ལྡན་ལགས་འདས་གྲོངས་སུ་ཕྱིན་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་ལ་བློ་འཚབ་ཀྱི་རྣམ་པ་བསྟན་འདུག གཙང་བཟོའི་ལས་གཞིའི་བརྒྱུད་བདག་ཉིད་ཆེན་པོ་གྷན་དྷཱི་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ། གཞིས་ཆགས་རྒྱུན་གནས་ཐུབ་ཐབས་སུ་ཆུ་རགས་དགོས་པའི་དགོངས་འཆར་ཕུལ་བ། བོད་ཚ་སྣ་གྲོང་ཚོའི་རྒུན་འབྲུམ་གྱི་ཞིང་ར་ཞེས་པ་འཛམ་གླིང་གི་ཟིན་ཐོའི་ནང་འདེམས་ཐོན། བཀའ་ཤག་སྐབས་ ༡༥ པའི་དྲུང་ཆེ་བཞི་གསར་དུ་བསྐོ་གཞག གླུ་གཞས་ལས་རིམ། ངག་དབང་མཁས་མཆོག་ལགས་ཀྱི་གླིང་བུའི་སྒྱུ་རྩལ། Tuesday 02/10/2018 Former political prisoner Shonu Palden passes away Six UN member states highlight China’s gross rights violation at UNHRC CTA marks Gandhi Jayanti through mass cleanliness drive Flood affected Tibetans in Kullu urge Home Kalon to build dam Tibetan vines recognised as ‘world’s highest vineyard’ Kashag appoints 4 new Secretaries, 2 are women MUSIC FEATURE: Ngawang Khechog, a world renowned Tibetan flutist

ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་་ལགས་འདས་གྲོངས་སུ་གྱུར་བ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་ཕ་ཡུལ་ཀན་ལྷོ་རྨ་ཆུ་རྫོང་། དབལ་བན་ཡུལ་ཚོ་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ལགས་བཙོན་འཇུག་སྐབས་ཀྱི་གཅར་རྡུང་དང་མནར་གཅོད་དྲག་པོ་བཏང་རྐྱེན་གཟུགས་གཞི་བདེ་ཐང་མེད་པར་བརྟེན་ཁ་སང་ཟླ་ ༩ ཚེས་ ༣༠ ཉིན་སྨན་ཁང་དུ་འགྲོ་བའི་ལམ་བར་ནས་འདས་གྲོངས་སུ་ཕྱིན་འདུག རྩ་བའི་གཞོན་ནུ་དཔལ་ལྡན་ལགས་སྤྱི་ལོ་ ༢༠༠༨ ལོར་ས་བྱི་ལོའི་ཞི་རྒོལ་དང་འབྲེལ་བའི་ཐོག་ནས་ ༢༠༡༢ ལོ་འཛིན་བཟུང་བཙོན་འཇུག་བྱས་ནས་ལོ་ ༢ དང་ཟླ་ ༩ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ནའང་། བཙོན་འཇུག་གི་སྐབས་སུ་ཚད་ལས་འགལ་བའི་སྡུག་སྦྱོང་མནར་གཅོད་བཏང་རྐྱེན་ཕྱིས་སུ་བཙོན་འཇུག་ལོ་གཅིག་གི་རྗེས་སུ་སྐུ་གཟུགས་ཀྱི་གནས་བབ་ཤིན་ཏུ་སྐྱོ་བའི་ཐོག་ནས་དུས་བཅད་བཙོན་འཇུག་མ་ཚང་གོང་དུ་གློད་བཀྲོལ་བཏང་ཡོད་པ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས་བཙོན་ཁང་ནང་གཞོན་ནུ་དཔལ་ལྡན་ལགས་ཀྱི་མིག་གི་དབང་ཤེས་ཉམས་པ་དང་། ཁྲག་རྩ་འགག་པ། དབུགས་འབྱིན་རྔུབ་དཀའ་བ། རྣ་བས་མི་གོ་བ་སོགས་ཀྱི་རྒྱུན་ལྡན་མིན་པའི་ནད་གཞི་སྣ་ཚོགས་ཕོག་པའི་འོག་ནས་རྒྱ་ནག་གིས་ཁོང་བཙོན་ཁང་དུ་བསད་པའི་ནག་ཉེས་ཁུར་མི་འདོད་པས་གློད་བཀྲོལ་བཏང་བ་ཞིག་ཡིན་སྐོར་གསུངས་ཡོད། ཁོང་བཙོན་གྲོལ་བཏང་བ་ནས་ནད་མནར་གྱི་དབང་གིས་གཤག་བཅོས་ཆེན་པོ་ཐེངས་གཉིས་བཏང་ཡོད་སྟབས་ཁྱིམ་ཚང་གི་དཔལ་འབྱོར་གྱི་གནས་བབ་ཀྱང་ཧ་ཅང་ཞན་པོར་གྱུར་ཡོད་པ་མ་ཟད་ཁོང་གི་བུ་མོ་རྣམ་རྒྱལ་སྒྲོལ་མ་ལགས་ཀྱང་ཕ་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པའི་གནད་དོན་འོག་སློབ་འཇུག་བྱེད་ཐབས་མེད་པའི་གནས་སུ་ལྷུང་བ་དེ་ནི་ད་སྐབས་རྒྱ་གཞུང་གིས་ཆབ་སྲིད་བཙོན་པ་ཡོངས་ཀྱི་ནང་མིར་collective punishment ཞེས་ཐུན་མོང་ལ་སྡུག་སྦྱོང་ཁྲིམས་གཅོད་གཏོང་བཞིན་པ་དེའི་དཔེ་མཚོན་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་ཡོད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟར་གནས་ཁང་གིས་ནད་མནར་སྡུག་སྦྱོང་དབང་གིས་འདས་གྲོངས་སུ་ཕྱིན་པའི་ཆབ་སྲིད་བཙོན་ཟུར་དཔལ་ལྡན་ལགས་ཀྱི་ནང་མིར་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་གནང་བ་དང་འབྲེལ། ཆབ་སྲིད་བཙོན་ཟུར་ཁོང་བཙོན་ཁང་དུ་ཡོད་སྐབས་གཅར་རྡུང་བཏང་ཡོད་པ་མ་ཟད་སྨན་བཅོས་མ་གནང་སྟབས་འདས་གྲོངས་སུ་གྱུར་ཡོད་པས་རྒྱ་གཞུང་གིས་ཁོང་གྲོངས་རྐྱེན་དེ་བཙོན་ཁང་དུ་ཡོད་དུས་ཆེད་དུ་སྣང་མེད་བཏང་བ་ཞིག་གམ། ཡང་ན་སྨན་བཅོས་ཀྱི་ལྟ་སྐྱོང་དེ་ལྷོད་གཡེང་ཤོར་བ་གང་ཡིན་ལ་ཞིབ་འཇུག་བྱས་ནས་འབྲེལ་ཡོད་མི་སྣར་ཁྲིམས་དོན་ལྟར་ཉེས་ཆད་གཅོད་དགོས་བ་མ་ཟད་ཕྱིན་ཆད་གནད་དོན་དེ་ལྟ་བུ་མི་ཡོང་བར་བྱ་དགོས་པའི་རེ་སྐུལ་ཞུས་འདུག

གཙང་བཟོའི་ལས་གཞི་བརྒྱུད་བདག་ཉིད་ཆེན་པོ་གྷན་དྷཱི་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་མོ་འདི་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་ འཁྲུངས་སྐར་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་གཉིས་ཀྱིས་རྐང་འགན་བཞེས་ཐོག་སྔ་དྲོ་ཚོུད་ ༩ པ་ནས་བཞུགས་སྒར་དྷ་སའི་ཉེ་འཁོར་ས་གནས་དང་གཞུང་ལམ་ཁག་གཙང་བཟོ་གནང་རྒྱུའི་ལས་གཞི་གཞི་རྒྱ་ཆེ་བ་ཞིག་སྤེལ་སོང་། ལས་གཞི་དེ་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། རྡ་རམ་ས་ལའི་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་ P. Chaudhary ལགས། རྡ་ས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajay Singh Mankotya ལགས། དེ་བཞིན་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་། ས་གནས་མི་མང་བཅས་ཕེབས་འདུགསྐབས་དེར་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨ ལོ་འདི་བཞིན་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྟབས། དེ་རིང་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷཱི་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་སྦྲགས། རྒྱ་གར་དབུས་གཞུང་གི་གཙང་བཟོའི་ལས་འགུལ་ Swatch Bharat Abhiyaan ཞེས་པར་རྒྱབ་སྐྱོར་དང་། ལྷག་པར་དུ་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་མཚོན་ཕྱིར་ཁོར་ཡུག་གཙང་བཟོའི་ལས་འགུལ་འདི་གོ་སྒྲིག་ཞུས་པ་ཞིག་ཡིན་སྐོར་གསུངས་ཡོད།  གཞི་རྩའི་གཙང་བཟོའི་ལས་གཞི་འདིའི་ནང་བོད་མིའི་སྒྲིག་གཞུགས་ཀྱི་སྲི་ཞུ་ལས་བྱེད་དང་། བཞུགས་སྒར་ཁུལ་གྱི་ས་གནས་མི་མང་བཅས་ནས་མཉམ་ཞུགས་ཐོག་གངས་ཅན་སྐྱིད་གཤོངས་དང་། མེག་གྷན་ཁྲོམ་གཞུང་། རྡ་སྟེང་བོད་ཁྱིམ། བོད་ཀྱི་ཟློས་གར་ཚོགས་པ། རྡ་ཤོད་བོད་ཁྱིམ། ནོར་གླིང་སོགས་ཉེ་འཁོར་གྱི་ས་གནས་དང་གཞུང་ལམ་བཅས་གཙང་བཟོ་གནང་ཡོད་པ་དང་། བཀའ་བློན་མཆོག་གིས་མཉམ་ཞུགས་པ་ཡོངས་ལ་བསྔགས་བརྗོད་དང་འབྲེལ་ལས་གཞི་འདི་མིག་དཔེ་འོས་པ་ཞིག་གནང་གལ་ཐད་ཚང་མས་ཧུར་ཐག་གནང་རོགས་ཞེས་འབོད་སྐུལ་གནང་ཡོད།གཞན་ཡང་དེ་རིང་སྔ་དྲོ་ཚོུད་ ༩ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་བཅས་བཀའ་ཤག་ཏུ་ལྷན་འཛོམས་ཐོག་ཆེས་ཐོག་མར་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་པ་དང་དུས་མཚུངས་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་ཡོད་པ་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷཱི་མཆོག་གི་སྐུའི་འཁྲུངས་སྐར་ཐེངས་ ༡༤༩ པ་དང་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་མོ་ཞིག་ཡིན་སྟབས། ང་ཚོ་བོད་མིར་མཚོན་ན་བོད་ཀྱི་བདེན་པའི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ཐོག་ནས་མུ་མཐུད་རྒྱུན་སྐྱོང་གནང་བཞིན་ཡོད་དང་འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེ་ཁྱབ་པར་ཡིད་སྨོན་ཡོད་ཅེས་གསུངས་ཡོད།སྲིད་སྐྱོང་མཆོག་གིས་དེ་རིང་ཟླ་ ༡༠ ཚེས་ ༢ དེ་བཞིན་རྒྱ་གར་གཞུང་གིས་གཙང་བཟོའི་ལས་འགུལ་ Swatch Bharat Abhiyaan ཞེས་སྤེལ་བཞིན་ཡོད་པར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཡོངས་ཀྱིས་གངས་སྐྱིད་ཀྱི་ས་ཁུལ་དང་། ཇོ་གི་ཝ་ར། རྡ་སྟེང་བོད་ཁྱིམ་སོགས་སུ་གཙང་བཟོའི་ལས་གཞི་སྤེལ་ཟིན་པ་ལྟར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཡོད་པའི་བོད་མི་ཚོས་ཀྱང་། གཞིས་ཆགས་ཀྱི་ཁོར་ཡུག་དང་། ཉེ་འགྲམ་རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་གསེབ་བཅས་སུ་གཙང་བཟོའི་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་ཡོད། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བོད་མི་ཚོས་དེ་འབྲེལ་གཙང་བཟོའི་ལས་འགུལ་སྤེལ་ཡོད་པའི་སྐོར་འདི་གའི་གསར་འགོད་པས་བཏང་གནས།

དོ་བྷི་དཔལ་རབ་གླིང་བོད་མིས་གཞིས་ཆགས་རྒྱུན་གནས་ཐུབ་ཐབས་སུ་ཆུ་རགས་བརྟན་པོ་ཚུགས་དགོས་པའི་དགོངས་འཆར་ཕུལ་བ།

ཉེ་ཆར་རྒྱ་གར་ཧི་མཱ་ཅལ་མངའ་སྡེ་ནང་ཆར་ཞོད་རྐྱེན་པས་ཡུལ་ལུང་ཁག་ཅིག་ནང་ས་རུད་དང་འགྲོ་ལམ་འགག་པ་སོགས་ཀྱི་དཀའ་ངལ་མི་ཉུང་བ་ཞིག་འཕྲད་པ་དང། དེའི་ཁྲོད་ཀུ་ལུ་མ་ན་ལི་དོ་བྷི་དཔལ་རབ་གླིང་བོད་མིའི་གཞིས་ཆགས་སུ་ཆུ་རུད་རྐྱེན་པས་གོད་ཆག་ཚབས་ཆེ་ཕོག་ནས་བོད་མི་རྣམས་ཀྱི་སྡོད་ཁང་དང། འགྲོ་ལམ་འགག་པ་སོགས་ཀྱི་དཀའ་ངལ་ནང་ལྷུང་ཡོད་སྟབས། ད་ཆ་ཁུལ་དེའི་བོད་མིརྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་ལ་མ་འོངས་པར་ཆུ་རུད་ཀྱི་དཀའ་ངལ་འགོག་ཐབས་སུ་ཆུ་རགས་བརྟན་པོ་ཞིག་ངེས་ཚུགས་དགོས་སྐོར་དགོངས་འཆར་ཁག་ཅིག་ཕུལ་འདུགད་ཆ་ཀུ་ལུ་ཁུལ་དུ་ཆར་ཞོད་རྐྱེན་པས་ཆུ་རུད་ཀྱི་གོད་ཆག་ཕོག་ནས་གཟའ་འཁོར་གཅིག་སོང་མཚམས་སུ་འདི་ག་རླུང་འཕྲིན་ཁང་ནས་ཞལ་པར་བརྒྱུད་དོ་བྷི་ས་གནས་འཐུས་མི་སྐལ་བཟང་ཚེ་རིང་ལགས་སུ་ད་ལྟའི་གནས་སྟངས་སྐོར་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ད་ཆ་བོད་མི་ཕལ་མོ་ཆེའི་སྡོད་ཁང་ནང་ཆུ་རུད་རྐྱེན་པས་བྱེ་མ་དང་འདམ་རྙོག་གིས་ཁེངས་ནས་ས་གནས་མི་མང་རྣམས་ཀྱིས་གཙང་བཟོ་དང།  གཞིས་ཆགས་སུ་དེ་འབྲེལ་གོད་ཆག་ཕོག་པ་ལས་སླར་གསོའི་ཆེད་ཕྱར་གྲུ་མཉམ་འདེགས་ཀྱི་ཕྱག་ལས་གནང་བཞིན་ཡོད་པ་གསུངས་སོང་།རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་ ༩ ཚེས་ ༢༦ དང་ ༢༧ བཅས་ཉིན་གཉིས་རིང་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་ནང་སྲིད་དྲུང་འཕར་ཚེ་དབང་རྒྱལ་པོ་ཨཱརྱ་ལགས་རྣམ་གཉིས་ཀུ་ལུ་ས་གནས་སུ་གནས་སྟངས་གང་ཡིན་རྟོག་ཞིབ་སླད་འཚམས་གཟིགས་སུ་ཕེབས་འདུག་པ་དང།  བཀའ་བློན་མཆོག་ནས་ས་གནས་མི་མང་ལ་ཐུགས་གསོ་དང་དེ་བཞིན་དཀའ་ངལ་རྣམས་སེལ་རྒྱུའི་ལམ་སྟོན་གནང་བ་མ་ཟད་སྒོས་སུ་ངལ་སེལ་རོགས་སྐྱོར་མ་དངུལ་འབུམ་ ༡༠ གནང་རྒྱུའི་གསལ་བསྒྲགས་གནང་འདུགརྩ་བའི་ཀུ་ལུ་མ་ན་ལི་ཁྱབ་ཁོངས་སུ་ཡོད་པའི་པ་ཏི་ཀུལ་དང།  དོ་བྷི།  དཔལ་རབ་གླིང།  ཀུ་ལུ་ཡུ་ལོ་ཀོའི་སོགས་སུ་བོད་མི་ ༡༨༠༠ ལྷག་གནས་བཞུགས་གནང་གི་ཡོད་པ་དང།  དེའི་ཁྲོད་ད་རེས་ཆུ་རུད་ཀྱི་གོད་ཆག་ཚབས་ཆེ་ཤོས་དེ་དོ་བྷི་ཁུལ་དུ་ཕོག་པ་དང།  སྐབས་དེར་དོ་བྷི་ཁུལ་དུ་ཆུ་མགོ་མི་འདྲ་བ་གསུམ་ནས་ཆུ་ཡོང་བའི་རྐྱེན་གྱིས་ས་གནས་མི་མང་གི་སྡོད་ཁང་རྣམས་ཆུས་ཁེངས་སྟབས་བོད་མི་རྣམས་རང་ཁྱིམ་ནས་ཕྱིར་ཐོན་གནང་དགོས་བྱུང་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༡༨།༡༠།༠༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཨིན་ཌོ་ནེ་ཤ་ཡར་ས་འགུལ་གྱི་གོད་ཆག་ཕོག་པར་ཨ་སྒོར་ཁྲི་ལྔ་བསྩལ་བ། བྱིས་པའི་སེམས་ཁམས་གསོ་སྐྱོང་ཐོག་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་༨ཚོགས་པ། ལྷོ་ཕྱོགས་སུ་མཐོ་རིམ་སློབ་མའི་མཐུན་ཚོགས་དབར་ཚོགས་ཆེན་ཚོགས་འདུག ཀརྨ་དགྲ་འདུལ་ལགས་ཀྱིས་ཁྲིམས་ཞིབ་པའི་དམ་འབུལ་གནང་བ། སྤྱི་འཐུས་ཚོགས་གཙོས་སྦིར་ནང་བློ་གྲོས་དགའ་ཚལ་ཚོགས་ཁང་དབུ་འབྱེད་གནང་བ། བོད་ཀྱི་གཙང་ཆུ་ནི་ཨེ་ཤ་ཡའི་ཚེ་སྲོག་ཡིན་པའི་ལས་འགུལ་སྤེལ་བ། Monday 01/10/2018 Dalai Lama donates to Indonesia quake and Tsunami relief TMAI hosts 8th Body, Mind and Life conference All India Tibetan Students’ Association Meet convenes in Bylakuppe Karma Damdul sworn in as new Justice Commissioner TPiE opens new hall of Lily Tibetan Settlement Exile Tibetans mark World Rivers Day

ཀརྨ་དགྲ་འདུལ་ལགས་ཀྱིས་ཁྲིམས་ཞིབ་པའི་དམ་འབུལ་གནང་བ།

ཉེ་ཆར་སྐབས་ ༡༦ པའི་བོད་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་འོས་འདེམས་གནང་བ་ལྟར་ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་ཀྱིས་ལས་འཁུར་དམ་འབུལ་གནང་སོང་།   དེ་རིང་ཟླ་ ༡༠ ཚེས་ ༡ ཉིན་སྔ་དྲོ་ཚོུད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁང་བརྩེགས་གསར་པའི་ཚོགས་ཁང་ཆེན་མོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེན་མཆོག་གིས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་བཀའ་བློན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ལྷན་འཛོམས་ཐོག་ཀརྨ་དགྲ་འདུལ་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་འཁུར་དམ་འབུལ་ཞུས་སོང་།རྩ་བའི་ཀརྨ་དགྲ་འདུལ་ལགས་ཉེ་ཆར་མཇུག་སྒྲིལ་ཟིན་པའི་སྐབས་བཅུ་དྲུག་པའི་བོད་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གཉིས་པའི་ཐོག་ངོ་ཡོད་སྤྱི་འཐུས་ ༢༡ གི་རྒྱབ་བསྐྱར་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འོས་འདེམས་གནང་ཡོད་པ་དང་། ཁོང་གིས་འདས་པའི་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་མཉམ་འབྲེལ་ནང་ཚོང་ལས་འགན་འཛིན་དང་དྲུང་ཆེ། ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ལས་ཁང་གི་ལས་དྲུང་། དེ་བཞིན་སྦེལ་ཀོབ་བདེ་སྐྱིད་སླར་གསོ་དང་། མན་སྤར་ཕན་བདེ་གླིང་གཞིས་ཆགས། འབྲས་ལྗོངས་སྒང་ཏོག་ས་གནས་བཅས་ཀྱི་གཞིས་འགོ་དང་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་ལྷོ་སྤྱི་བཅས་གནང་མྱོང་ཡོད་པ་མ་ཟད་ཕྱི་ལོ་ ༢༠༡༧ ལོ་མཇུག་ནས་ཆོས་རིག་ལས་ཁུངས་སུ་དྲུང་འཕར་ལས་འགན་ཐོག་དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེའི་སྣེ་ཤན་ཞབས་ཞུ་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་ཨིན་ཌོ་ནེ་ཤ་ཡར་ས་འགུལ་དང་མཚོ་རླབས་ཀྱི་གོད་ཆག་ཕོག་པར་ངལ་སེལ་ཨ་སྒོར་ཁྲི་ལྔ་ཞལ་འདེབས་བསྩལ་བ།

ཁ་སང་ཟླ་ ༩ ཕྱི་ཚེས་ ༣༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་ Indonesiaའི་མཚོ་གླིང་Sulawesiཞེས་པའི་ཁུལ་དེར་ས་ཡོམ་དང་། དེས་རྐྱེན་པའི་tsunami འམ་མཚོ་རླབས་ཀྱི་གོད་ཆག་བྱུང་ནས་མི་རྒྱུ་གཉིས་ཀར་གནོད་འཚེ་ཆེན་པོ་ཕོག་པར་ཐུགས་གསོའི་གསུང་འཕྲིན་དང་འབྲེལ། ངལ་སེལ་ཆེད་ཨ་སྒོར་ཁྲི་ལྔ་གསོལ་བསྩལ་གནང་འདུག མགོན་པོ་༸གང་ཉིད་མཆོག་ནས་ Indonesia སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་Joko Widodoམཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་བསྩལ་ཡོད་པ་དང་དེའི་ནང་ Sulawesi མཚོ་གླིང་དུ་ས་ཡོམ་དང་མཚོ་རླབས་ཀྱི་འཇིག་པའི་འོག་རྐྱེན་ལམ་དུ་འགྱུར་བ་དང་རྨས་སྐྱོན་ཕོག་མཁན་རྣམས་ལ་ཐུགས་སྨོན་དང་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་བསྩལ་བ་མ་ཟད། འཇིག་པ་ལས་སྲོག་ཐར་བ་དང་རྨས་སྐྱོན་ཕོག་མཁན་ཚོའི་ཆེད་དུ་ངལ་སེལ་གྱི་ལས་གཞི་སྤེལ་མུས་ཡིན་པ་མཁྱེན་རྟོགས་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ཐེབས་རྩ་ཁང་ནས་ indonesia མི་མང་ལ་རོགས་སྐྱོར་དང་འདས་གྲོངས་སུ་གྱུར་པའི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཞལ་འདེབས་ཨ་སྒོར་ཁྲི་ལྔ་གསོལ་བསྩལ་གནང་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག ༸གོང་ས་མཆོག་ནས་༸གང་ཉིད་མཆོག་ཕྱི་ལོ་ ༡༩༨༢ ལོར་indonesia ནང་རྟེན་གཞི་བྱས་པའི་ནང་པའི་གནས་ཆེན་Borobudar ཞེས་པ་དེར་ཆིབས་བསྒྱུར་གྱིས་ཆོས་འབུལ་མཛད་རྒྱུའི་སྐལ་བཟང་གོ་སྐབས་བྱུང་སྐོར་བཀའ་བསྩལ་བ་དང་། སྐབས་དེའི་ཚེ་མགོན་པོ་༸གང་ཉིད་མཆོག་ལ་ indonesia ཡི་མི་སེར་དང་རིག་གཞུང་བཅས་ལ་ཧ་ཅང་གི་བློ་ཉེ་བའི་དགོངས་པ་གཏིང་ཟབ་ཀྱི་ཐུགས་ཚོར་ཞིག་བྱུང་ཞེས་བཀའ་བསྩལ་འདུག རྩ་བའི་ཉེ་ལམ་རེས་གཟའ་པ་སངས་ཉིན་ Indonesiaའི་མཚོ་གླིང་Sulawesiཞེས་པའི་ཁུལ་དེར་ས་ཡོམ་ཤུགས་ཚད་ ༧.༥ བརྒྱབ་རྐྱེན་ tsunami འམ་མཚོ་རླབས་ཀྱི་གོད་ཆག་བྱུང་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་བྱུང་ཡོད་པ་དང་ད་བར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། གོད་ཆག་དེས་རྐྱེན་པའི་ཉུང་མཐར་མི་གྲངས་ ༨༤༤ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཛ་དྲག་གྱི་ངལ་སྐྱོབ་ལས་གཞི་སྤེལ་མུས་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།

Latest news