Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2021

ལྷ་ས་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་ཉེ་འཁྲིས་ཉིང་ཁྲི་བར་མགྱོགས་ཚད་མྱུར་བའི་མེ་འཁོར་ཤར་གཏོང་བྱ་འཆར།

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༧ པའི་གོང་དུ་བོད་ཀྱི་རྒྱལ་ས་ལྷ་ས་ནས་འཕགས་བོད་གཉིས་ཀྱི་ས་མཚམས་ས་ཁུལ་ཨ་རུ་ནཱ་ཅལ་མངའ་སྡེའི་ཉེ་འཁྲིས་སུ་ཆགས་པའི་བོད་ལྷོ་ཁའི་ཉིང་ཁྲི་བར་bullet train འམ་མགྱོགས་ཚད་མྱུར་བའི་མེ་འཁོར་ཞིག་ཤར་གཏོང་བྱ་རྒྱུ་རེད་འདུགརེས་གཟའ་སྤེན་པ་སྟེ་ཚེས་ ༦ ཉིན་རྒྱ་ནག་གི་དབུས་མེ་འཁོར་སྡེ་ཚན་གྱི་འབྲེལ་ཡོད་མི་སྣ་མཐོ་གྲས་ཤིག་གིས་འདི་ལོའི་ཕྱི་ཟླ་ ༧ པའི་སྔོན་ལ་བོད་ནང་གི་ཐོག་མའི་མགྱོགས་ཚད་མྱུར་བའི་མེ་འཁོར་ཞིག་བོད་ཀྱི་རྒྱལ་ས་ལྷ་ས་དང་འཕགས་བོད་གཉིས་ཀྱི་ས་མཚམས་ས་ཁུལ་ཨ་རུ་ནཱ་ཅལ་མངའ་སྡེ་དང་ཆེས་ཉེ་བའི་བོད་ལྷོ་ཁའི་ཉིང་ཁྲི་དབར་ཤར་གཏོང་བྱ་རྒྱུ་ཡིན་སྐོར་བཤད་འདུག ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ལྕགས་ལམ་དེ་བཞིན་ཕྱི་ལོ་ ༢༠༡༤ ལོ་ནས་འགོ་འཛུགས་ཀྱིས་སྔ་ལོའི་ལོ་མཇུག་ལ་མཇུག་སྒྲིལ་ཟིན་ཡོད་པ་དང་། བོད་ནང་གི་ཆེས་ཐོག་མའི་གློག་ཤུགས་ཀྱིས་སྐྱོད་པའི་མེ་འཁོར་དེ་ཚོུད་གཅིག་ལ་སྤྱི་ལེ་ ༡༦༠ ལྷག་འགྲོ་སྐྱོད་ཐུབ་ཀྱི་ཡོད་པ་རེད་འདུགརྒྱ་ནག་གཞུང་གི་ངོས་ནས་ཐེངས་འདིའི་ལས་གཞི་དང་བསྟུན། རྒྱ་ནག་སྐམ་སའི་ཞིང་ཆེན་རིམ་པའི་ས་གནས་ཡོངས་སུ་མགྱོགས་ཚད་མྱུར་བའི་མེ་འཁོར་ཆེད་འཛུགས་བྱ་འཆར་ཡོད་པ་དང་། ཕྱི་ལོ་ ༢༠༢༥ བར་དུ་མེ་འཁོར་དེ་སྤྱི་ལོ་སུམ་ཁྲི་བདུན་སྟོང་དགུ་བརྒྱ་བར་ཤར་གཏོང་གིས་གྲོང་ཁྱེར་ཆེ་ཁག་བརྒྱ་ཆ་ ༩༨ ནས་མང་ཚོགས་འབུམ་ལྔ་འབོར་འདྲེན་བྱ་ཐུབ་པར་ཚོད་དཔག་བྱེད་བཞིན་འདུག གཞི་རྩའི་འདས་ལོ་ཕྱི་ཟླ་ ༡༡ ནང་རྒྱ་ནག་གི་སྲི་འཛིན་ཞི་ཅིན་ཕིང་གིས་ཉིང་ཁྲི་བར་མེ་འཁོར་ཤར་གཏོང་གི་ལས་གཞི་དང་འབྲེལ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་སྲིད་གྲོས་ཐོག་འགྲོ་གྲོན་ཇི་དགོས་ཆོག་མཆན་གྱི་གྲོས་འཆར་ཕུལ་ཡོད་པ་དང་ལས་གཞི་དེ་རྒྱལ་སྲུང་བདེ་འཇགས་དང་མི་རིགས་མཐུན་སྒྲིལ། ས་མཚམས་ས་ཁུལ་ཁག་སྲ་བརྟན་ཡོང་ཐབས་བཅས་དང་འབྲེལ་བའི་གལ་ཆེའི་རང་བཞིན་ལྡན་ཡོད་སྐོར་བཤད་ཡོད་པ་མ་ཟད། ལས་འཆར་དེས་བོད་ནུབ་ཕྱོགས་མངའ་ཁུལ་དང་ལྷག་དོན་ཟི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཟེར་བ་སོགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་ལ་སྨན་པའི་ཞབས་འདེབས་ཞུས་པ་ཞིག་མཚོན་གྱི་ཡོད་སྐོར་གཏམ་བཤད་སྤེལ་ཡོད་པ་རེད།དེ་བཞིན་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཐོག་ཕུལ་བའི་ལོ་ལྔ་ཚན་ ༡༤ པའི་འཆར་འགོད་ཟིན་བྲིས་ནང་རྒྱ་གཞུང་གིས་མེ་འཁོར་འགྲིམ་འགྲུལ་གྱི་ལྕགས་ལམ་དེ་ལོ་ལྔའི་ནང་ཚུད་བོད་ནས་ལྷོ་ཨེ་ཤ་ཡའི་བར་མཐུད་འཆར་ཡོད་པ་དང་། དེའང་རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་ཁོངས་ཧི་མཱ་ལ་ཡ་བརྒལ་ནས་བོད་དང་བལ་ཡུལ་བར་མེ་འཁོར་མཐུད་ཐབས་ཀྱི་ལས་འཆར་ཁོངས་སུ་ཚུད་པ་དང་། བལ་ཡུལ་གཞུང་གི་སྲིད་འཛིན་ K P Sharma Oli  ཡིས་ཀྱང་དེར་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་འདུག

ལྷོ་ཕྱོགས་བོད་མི་རྒན་གྲས་རྣམས་ལ་ཏོག་དབྱིབས་སྔོན་ཁབ་ཀྱི་མཐུན་རྐྱེན་སྦྱོར་བཞིན་པ།

རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་ཧོན་སུར་རབ་རྒྱས་གླིང་དང་མོན་གྷོ་འདོད་རྒུ་གླིང་། དེ་བཞིན་ཀོ་ལི་གྷལ་དོན་ལྡན་གླིང་བཅས་ལྷོ་ཕྱོགས་བོད་མི་གཞི་ཆགས་ཁག་ལ་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་རྒྱག་འགོ་བཙུགས་པ་དང་། བོད་མི་རྣམས་ཀྱིས་ཆེས་ཐོག་མར་སྔོན་ཁབ་རྒྱག་རྒྱུར་དོགས་ཟོན་གནང་ཡང་ད་ཆ་འཚང་ཀ་ཤིག་ཤིག་གནང་གི་ཡོད་པར་གསུངས་སོང་།མོན་གྷོ་འདོད་རྒུ་གླིང་གཞི་ཆགས་ལ་མཚོན་ན་ཕྱི་ཟླ་  ༣ ཚེས་ ༣ ནས་ད་བར་བོད་མི་ཁྱོན་ ༣༤༠ ལྷག་ཙམ་ལ་སྔོན་ཁབ་བརྒྱབ་ཟིན་ཡོད་པ་དང་སྔོན་ཁབ་བརྒྱབ་སྐབས་སྡེ་ཚན་གཉིས་སུ་དབྱེ་ཡོད་པའི་ཁོངས་དགུང་ལོ་ ༦༠ ཡན་གྱི་རྒན་ཁོག་རྣམ་པ་དང་། དེ་བཞིན་བླ་གཉན་གྱི་ནད་གཞི་ཡོད་པའི་དགུང་ལོ་   ༤༥ ནས་ ༥༩ བར་བཅས་སྡེ་ཚན་གཉིས་ཆགས་ཀྱི་འདུག རླུང་འཕྲིན་ཁང་གིས་མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་སུ་སྔོན་ཁབ་གྱི་མཐུན་རྐྱེན་ཁྲོད་མི་མང་གི་མཉམ་ཞུགས་ཇི་ལྟར་གནང་གི་ཡོད་མེད་ཐད་ཞལ་པར་བརྒྱུད་བཀའ་འདྲི་ཞུས་སྐབས་ཁོང་གིས་ཆེས་ཐོག་མར་གོ་རྟོགས་ཞན་པའི་རྐྱེན་གྱིས་ས་གནས་རྒྱ་གར་གཞུང་ནས་མཐུན་རྐྱེན་སྦྱར་ཡོད་ཀྱང་མི་མང་རྣམས་ནས་ཞེད་སྣང་འོག་སྔོན་ཁབ་མ་བཞེས་པའི་གནས་སྟངས་བྱུང་ཡོད་པ་དང་། ད་ཆ་མང་ཚོགས་འཚང་ཀ་ཤིག་ཤིག་གནང་གི་ཡོད་པ་གསུངས་ཡོད།ཧོན་སུར་རབ་རྒྱས་གླིང་ལ་ད་ལྟའི་ཆར་སྨན་ཞབས་རྣམས་པ་དང་ས་གནས་ཀྱི་ནད་ཡམས་སྔོན་འགོག་ཚོགས་ཆུང་གི་ཚོགས་མི་དང་དང་བླངས་པ་རྣམ་པ། དེ་བཞིན་ཁྱབ་ཁོངས་དགོན་སྡེ་ཁག་གསུམ་གྱི་མཁན་བླ་དང་ལས་བྱེད་རྣམ་པ། ས་གནས་ཀྱི་སློབ་གྲྭའི་དགེ་རྒན་བཅས་ཁྱོན་མི་གྲངས་ ༡༧༠  མིན་ཙམ་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་བརྒྱབ་ཟིན་ཡོད་པ་དང་། འབྲེལ་ཡོད་ས་གནས་གཞུང་ནས་རང་ལོ་ ༦༠ ཡན་གྱི་བོད་མི་རྒན་གྲས་རྣམས་ལ་སྨན་ཁབ་རྒྱག་རྒྱུའི་བཀའ་འཁྲོལ་གནང་ཟིན་པ་ལྟར་གང་མགྱོགས་དབུ་འཛུགས་གནང་རྒྱུ་ཡིན་ཞེས་གསུངས་སོང་།དེ་བཞིན་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞི་ཆགས་ནང་ཁ་སང་ཕྱི་ཚེས་ ༥ ནས་དབུ་འཛུགས་ཀྱིས་སྨན་ཁབ་བརྒྱབ་དང་རྒྱག་མུས་རེད་འདུགབོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཟླ་ ༣ ཚེས་ ༦ ཉིན་བཞུགས་སྒར་དྷརྨ་ས་ལའི་ས་གནས་གཞུང་གི་སྨན་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་ཁབ་རིམ་པ་དང་པོ་དེ་བཞེས་པ་དང་འབྲེལ། ཏོག་དབྱིབས་གཉན་རིམས་ཀྱིས་མནར་བའི་ནད་པ་དང་མང་ཚོགས་གང་མང་ནས་ཁེ་ཕན་ཆེ་སར་དགོངས་པ་བཞེས་ཏེ་སྔོན་སྨན་ཁབ་བརྒྱབ་རྒྱུའི་སྙིང་སྟོབས་དང་སྤོབས་པ་ལྡན་དགོས་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད།

རེས་གཟའ་ཉི་མ། ༢༠༢༡།༠༣།༠༧

ཉན་པ།: Listen ཕབ་ལེན། Download བཙན་བྱོལ་བོད་མིས་རྒྱ་གར་ལ་ཕུལ་བའི་ལེགས་སྐྱེས་སྐོར་གླེང་བ། Sunday 07/03/2021 Contributions of Exiled Tibetans to India: An analysis with Darig Thokmay

རེས་གཟའ་སྤེན་པ། ༢༠༢༡།༠༣།༠༦

ཉན་པ།: Listen ཕབ་ལེན། Download སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་ ༢༠༢༡ གཞོན་སྐྱེས་དང་འོས་བསྡུ། Saturday 06/03/2021 Election 2021 and Tibetan Youth: Issues that matter

༸གོང་ས་མཆོག་གིས་ཛོ་ནཱལ་སྨན་ཁང་དུ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་རིམ་པ་དང་པོ་བསྒྲོན་པ།

དེ་རིང་སྔ་དྲོ་ཆུ་ཚོད་ ༦ པ་ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་བསྒྱུར་མཛད་དེ་དྷ་ཤོད་དུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་ཛོ་ནཱལ་སྨན་ཁང་དུ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་རིམ་པ་དང་པོ་དེ་བསྒྲོན་གནང་མཛད་སོང་། ད་ལྟའི་ཆར་རྒྱ་གར་ནང་དུ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་ Covid Shield དང་ COVAXIN ཞེས་མི་འདྲ་བ་གཉིས་ཡོད་པའི་ནང་ནས་༸གོང་ས་མཆོག་གིས་ Covid Shield ཞེས་པའི་སྔོན་ཁབ་དེ་བསྒྲོན་གནང་མཛད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ངོས་ཀྱི་ཡིད་ཆེས་འཕེར་བའི་གྲོགས་པོ་དང་སྨན་པ་ཚོས་གཉན་རིམས་ཀྱི་སྔོན་ཁབ་བསྒྲོན་དགོས་གལ་ཡིན་པའི་ལམ་སྟོན་ཕུལ་དོན་བཞིན་དེ་རིང་སྔོན་ཁབ་དེ་བསྒྲོན་པ་ཡིན་ཞེས་བཀའ་སྩལ་བ་དང་ཆབས་ཅིག ཏོག་དབྱིབས་གཉན་རིམས་ཀྱིས་མནར་བའི་ནད་པ་དང་མང་ཚོགས་གང་མང་ནས་ཁེ་ཕན་ཆེ་སར་དགོངས་པ་བཞེས་ཏེ་སྔོན་སྨན་ཁབ་བརྒྱབ་རྒྱུའི་སྙིང་སྟོབས་དང་སྤོབས་པ་ལྡན་དགོས་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད། སྐབས་དེར་ཆེད་བཅར་གནང་བའི་ཧི་མཱ་ཅལ་མངའ་སྡེའི་ཀངྒ་རཱ་རྫོང་ཁོངས་ཀྱི་སྨན་སྦྱོར་དང་འཕྲོད་བསྟེན་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ Dr. G. D. Gupta ལགས་སུ་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ཀངྒ་རཱ་ས་གནས་གཞུང་གི་ངོས་ནས་༸གོང་ས་མཆོག་ལ་སྔོན་ཁབ་བསྒྲོན་ཕྱིར་༸རྒྱལ་བའི་ཕོ་བྲང་དུ་དམིགས་བསལ་མཐུན་རྐྱེན་བསྐྲུན་རྒྱུར་དགོངས་པ་བཞེས་ཡོད་ཀྱང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་དཀྱུས་མ་དང་གཅིག་མཚུངས་ཐོག་ས་གནས་གཞུང་གི་སྨན་ཁང་ལ་མར་ཆིབས་བསྒྱུར་མཛད་རྒྱུ་ཡིན་པར་བཀའ་ཕེབས་མཛད་ཡོད་སྐོར་འགྲེལ་བརྗོད་གནང་སོང་བ་མ་ཟད། ཐེངས་འདིའི་གོ་སྐབས་དང་བསྟུན་༸གོང་ས་མཆོག་གིས་དབུས་པའི་༸རྒྱལ་བའི་ཆིབས་ཞབས་པ་སོགས་ཁྱོན་ལས་བྱེད་ ༡༡ ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་རིམ་པ་དང་པོ་དེ་བསྒྲོན་ཡོད་པ་དང་རིམ་པ་གཉིས་པ་དེ་ཉིན་གྲངས་ ༢༨ རྗེས་སུ་བསྒྲོན་རྒྱུ་ཡིན་པར་གསུངས་སོང་། ཧི་མཱ་ཅལ་མངའ་སྡེའི་གྲོང་ཁྱེར་ Hamirpur ནས་ཡིན་པའི་ཛོ་ནཱལ་སྨན་ཁང་གི་སྨན་ཞབས་པ་ Komal Kaplesh ལགས་ཀྱིས་དེ་རིང་༸གོང་ས་མཆོག་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་བསྒྲོན་ཡོད་པ་དང་། ཁོང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་དང་འབྲེལ་ནས་ད་རེས་ཁོང་གི་མི་ཚེ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་བ་ཐེངས་དང་པོ་ཆགས་ཀྱི་ཡོད་སྟབས་སེམས་ནང་དགའ་ཚོར་དཔག་མེད་བྱུང་ཞེས་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཉན་རིམས་ཀྱི་སྔོན་ཁབ་བསྒྲོན་རྒྱུའི་སྐལ་པ་བཟང་པོ་བྱུང་སོང་བར་མ་ཟད། སྔོན་ཁབ་དེ་ཡང་ཤིན་ཏུ་ཡག་པོ་བྱུང་སོང་ཞེས་གསུངས་ཡོད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༣ པ་ཙམ་ནས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་རྐྱེན་གྱིས་མཛད་འཆར་ཁག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ཐོག་བརྒྱུད་བསྐྱངས་ཏེ་ཕོ་བྲང་གི་ཕྱི་ཕྱོགས་སུ་ཆིབས་བསྒྱུར་གཅིག་ཀྱང་མཛད་མེད་པ་དང་། ད་རེས་ལོ་གཅིག་ཙམ་གྱི་རྗེས་སུ་མགོན་པོ་༸གང་ཉིད་མཆོག་སྔོན་ཁབ་བསྐྱོན་སླད་ཆིབས་བསྒྱུར་མཛད་སྐབས་དྷ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་བོད་མི་སེར་སྐྱ་མང་ཚོགས་རྣམས་ཀྱིས་གཙོས་པའི་ས་གནས་ཡུལ་མི་དང་ཕྱི་ནང་གི་ལྡན་མང་ཚོགས་དུ་མས་དགའ་དད་སྤྲོ་གསུམ་འཁོལ་བའི་ཐོག་ནས་ཕེབས་ལམ་གྱི་གཡས་གཡོན་དུ་བང་སྒྲིག་ནས་༸རྒྱལ་བའི་མཇལ་ཁ་ཞུས་ཡོད་པ་རེད།

རེས་གཟའ་པ་སངས། ༢༠༢༡།༠༣།༠༥

ཉན་པ།: Listen ཕབ་ལེན། Download པཱ་ལི་ཆོས་བརྒྱུད་འཛིན་མཁན་ཚོས་ཚད་མའི་གཞུང་ལ་ཐུགས་སྣང་གནང་ཚེ་དགེ་མཚན་ཡོད་པར་བཀའ་སྩལ། ཀུ་ལླུ་རྫོང་ཁུངས་བོད་མིའི་གཞིས་སྒར་དུ་ཆོས་ལུགས་མཐུན་འབྲེལ་གྱི་ལས་རིམ་གཉེར་བ། རྒྱ་ནག་ནི་ནུབ་ཕྱོགས་ཀྱི་མང་གཙོའི་རྒྱལ་ཁབ་ཁག་ལ་ཉེན་འཚབ་ཆེ་ཤེས་ཆགས་ཡོད། རྒྱ་ནག་གི་ཚོགས་ཆེན་གཉིས་པོའི་སྟེང་ཧོང་ཀོང་གི་འོས་བསྡུའི་བརྒྱུད་རིམ་ལ་བསྒྱུར་བཅོས་སྐོར་གླེང་རྒྱུ། ལི་ཐོ་ནི་ཡས་ཐེ་ཝན་ནང་ཚོང་དོན་ལས་ཁུངས་ཆེད་འཛུགས་བྱ་རྒྱུར་རྒྱ་གཞུང་གིས་བཀག་འགོག རྒྱ་གར་བྱང་ཤར་གྱི་འཕགས་བོད་ས་མཚམས་སུ་དཔེ་སྟོན་གྲོང་ཚོ་གསར་རྒྱག་གནང་འཆར། བཙན་བྱོལ་བོད་མིའི་གནས་སྟངས་ལས་རིམ། འཛོམས་དཔལ་ཚོང་ར་དང་ཤེལ་དཀར་ལྡུམ་ར། Friday 05/03/2021 Dalai Lama delivers inaugural address of the International Buddhist Conference on the 3 ‘trainings’ Thank You Dalai Lama marked with Inter Religious Dialogue in Kullu China a big threat to democracy in the west, EU Tibetan support group online meet China NPC: Beijing set to overhaul Hong Kong electoral system Beijing objects to plans of Lithuanian trade office in Taiwan Arunachal to develop 3 model villages along India-Tibet border DIASPORA FEATURE: Zomphel.com online Tibetan shop

པཱ་ལི་ཆོས་བརྒྱུད་འཛིན་མཁན་ཚོས་ཚད་གཞུང་ལ་ཐུགས་སྣང་གནང་དགོས་སྐོར་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིང་གྷ་པོར་གྱི་བོད་བརྒྱུད་ནང་པའི་ཆོས་ཚོགས་ Tibetan Buddhist Center གཙོས་པའི་ཚོགས་པ་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ལེགས་སྦྱར་དང་པཱ་ལའི་གཞུང་ལས་འབྱུང་བའི་བསླབ་པ་གསུམ་གྱི་བརྗོད་གཞིའི་བགྲོ་གླེང་ཉིན་དང་པོའི་དབུ་འབྱེད་མཛད་སྒོར་ཚོགས་མགོན་དུ་དབུ་བཞུགས་ཀྱིས་པཱ་ལི་ཆོས་བརྒྱུད་འཛིན་མཁན་ཚོས་ཚད་གཞུང་ལ་ཐུགས་སྣང་གནང་ཚེ་དགེ་མཚན་ཡོད་སྐོར་བཀའ་སྩལ་སོང་།   དེ་རིང་སྔ་དྲོ་ཕྱག་ཚོད་ ༩༌༣༠ ཐོག་༸གོང་ས་༸སྐྱབས་མགོན་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་བོད་བརྒྱུད་ནང་པའི་ཆོས་ཚོགས་དང་ཚོགས་པ་ཁག་ལ་བཀའ་སློབ་ལམ་སྟོན་སྩལ་སྐབས་དུས་རྒྱུན་ཐེག་པ་ཆེ་ཆུང་གཉིས་ཀྱི་བཀའ་མོལ་གནང་གི་ཡོད་སྟབས་དེ་ལྟ་བུའི་ཚིག་སྤྱོད་བྱེད་བཞིན་པ་ནི་མི་འགྲིག་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་ཞེས་པའི་ཐོག་ནས་དབྱེ་བ་མཛད་ཀྱི་ཡོད་སྐོར་བཀའ་སྩལ་དང་སྦྲགས། པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་གཉིས་ཀྱི་ནང་འདུལ་བའི་ཉམས་བཞེས་དང་བསླབ་པ་གསུམ་གྱི་ཉམས་ལེན་གཞི་རྩ་ཡིན་པ་དང་། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་བསྟན་སྐབས་སྟོན་ཡུལ་གདུལ་བྱའི་ཉམས་ལེན་གཞི་མར་བཞག་ནས་བཀའ་ཆོས་སྩལ་ཡོད་སྐོར་བཀའ་སྩལ་ཡོད།    མགོན་པོ་༸གང་ཉིད་མཆོག་གིས་བོད་ནང་དུ་ནང་པའི་ཆོས་བརྒྱུད་དར་ཚུལ་ངོ་སྤྲོད་མཛད་པ་དང་འབྲེལ་ནས་བོད་ནང་བོད་ཀྱི་སྔར་བྱོན་མཁས་གྲུབ་ཚོས་ཚད་མ་རིག་པའི་གཞུང་ལ་གལ་ཆེར་ངོས་འཛིན་གྱིས་ ཐུགས་སྣང་ཆེན་པོ་གནང་ཡོད་པ་དང་སྒོས་དེང་རབས་ཚན་རིག་ཡར་རྒྱས་ཆེན་པོ་ཕྱིན་པའི་དུས་སྐབས་འདིར་ལུང་ཁོ་ན་ལ་སྐྱབས་སུ་མཆི་ཞེས་ཕྱིན་ཚེ་ངལ་བ་འཕྲད་ཀྱི་ཡོད་སྟབས་པཱ་ལི་ཆོས་བརྒྱུད་འཛིན་མཁན་ཚོས་ཚད་མའི་གཞུང་ལ་ཏོག་ཙམ་ཐུགས་སྣང་གནང་ན་དགེ་མཚན་ཡོད་སྐོར་ལམ་སྟོན་བཀའ་སྩལ་སོང་། བརྗོད་གཞི་དང་འབྲེལ་ནས་ཚོགས་ཞུགས་པས་བཀའ་འདྲི་དགོངས་སྐོར་ཁག་ཅིག་ཞུས་པའི་ཁྲོད་ཚོགས་ཞུགས་པ་གཅིག་གིས་པཱ་ལི་དང་ལེགས་སྦྱར་གྱི་གཞུང་ནས་བསླབ་པ་གསུམ་གྱི་ཉམས་ལེན་སྐོར་གསུངས་ཁག་སློབ་གྲྭར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་གྱི་ངོ་བོར་སློབ་ཁྲིད་གནང་ཐུབ་མིན་ཐོག་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ཉམས་ལེན་གྱི་སྙོང་པོ་གང་ཡིན་བསླབ་དགོས་པས་དེ་ནི་གཞན་གནོད་གཞི་བཅས་སྤོང་བ་ཞིག་དགོས་ཀྱི་ཡོད་སྟབས། དེ་དག་དང་མཐུན་པའི་ལེགས་སྦྱར་དང་པཱ་ལི་ཆོས་བརྒྱུད་ནས་བསླབ་བྱ་གང་ལེན་ན་འགྲིག་པ་དང་སློབ་གྲྭར་སློབ་ཁྲིད་ཐུབ་སྐོར་བཀའ་སྩལ་ཡོད།དེ་བཞིན་ནང་པ་ཚད་ལྡན་ཞིག་ཇི་ལྟར་གནང་དགོས་སམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་སྐྱབས་འགྲོའི་ཚིག་ཞལ་འདོན་གནང་བ་ཙམ་མིན་པར་དེ་དག་གི་དོན་ཤེས་དགོས་པ་དང་། དེ་ནང་པའི་ཆོས་ཀྱི་དོན་གང་ཡིན་ཞིབ་རྒྱས་ཤེས་འདོད་ཡོད་ཚེ་དེར་སློབ་གཉེར་ཡང་གཏིང་ཟབ་གནང་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་སོང་།གཞི་རྩའི་དྲ་ཐོག་བརྒྱུད་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་ཀྱི་ཚོགས་ཆེན་དེ་སིང་གྷ་པུར་བོད་ཀྱི་ཆོས་ཚོགས་དང་མ་ལེ་ཤ་ཡའི་ཆོས་ཚོགས་གཉིས་ཀྱི་གོ་སྒྲིག་འོག་ཚོགས་སྡེ་ ༡༢ དང་ལྷན་དུ་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། ལྷན་ཚོགས་དེར་རྒྱལ་ཁབ་ ༡༤ ཡི་གསུང་བཤད་གནང་མཁན་ ༣༨ ལྷག་ཡོད་པ་རེད་འདུག

འདི་ལོའི་རྒྱ་ནག་གི་ཚོགས་ཆེན་གཉིས་པོའི་སྟེང་ཧོང་ཀོང་གི་འོས་བསྡུའི་བརྒྱུད་རིམ་ལ་བསྒྱུར་བཅོས་སྐོར་གླེང་རྒྱུ།

འདི་ལོའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་ཆེན་གཉིས་པོ་དེ་རིང་ཕྱི་ཟླ་ ༣ ཚེས་ ༥ ནས་འགོ་འཛུགས་ཀྱིས་ཚེས་ ༡༡ བར་འཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་ནག་གི་ལོ་ལྔ་ཚན་གྱི་ལས་འཆར་ ༡༤ པ་དེ་གཏན་འབེབས་བྱེད་རྒྱུ་ཡིན་པར་མ་ཟད། མ་འོངས་ཕྱི་ལོ་ ༢༠༣༥ བར་གྱི་འཆར་སྣང་ཞེས་ལོ་ ༡༥ ཡི་འཆར་གཞི་གཏན་འབེབས་བྱེད་རྒྱུ་ཡིན་པ་བཅས་ཀྱི་ཐོག་ཐེངས་འདིའི་ཚོགས་འདུ་བརྒྱུད་ཧོ་ངཀོང་ནང་གི་འོས་བསྡུའི་འགྲོ་ལུགས་ལ་བསྒྱུར་བཅོས་གཏང་རྒྱུའི་གྲོས་གཞི་གཏན་འབེབས་བྱེད་ཀྱི་ཡོད་པ་རེད་འདུགདེ་རིང་གི་ཚོགས་འདུ་གཉིས་པོ་དངོས་སུ་འགོ་འཛུགས་མ་བྱེད་གོང་ལ་ཁ་སང་སྐབས་ ༡༣ པའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་ཐེངས་ ༤ པའི་མགྲིན་ཚབ་པ་ Zhang Yesui ཟེར་བས་ཐེངས་འདིའི་ཚོགས་འདུའི་གྲོས་གཞིའི་སྐོར་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གི་ངོས་ནས་ཧོང་ཀོང་ནང་གི་འོས་བསྡུའི་འགྲོ་ལུགས་ཡར་རྒྱས་གཏང་རྒྱུར་དམིགས་སྟེ་ Patriots Governing Hong Kong འམ་ས་ཁུལ་དེ་རྒྱལ་ཞེན་ཅན་གྱི་མི་སྣ་ཚོས་སྐྱོང་རྒྱུའི་འགྲོ་ལུགས་ཞེས་དེ་སྔ་ཕྱི་ལོ་ ༡༩༨༠ ལོར་སྐབས་དེའི་རྒྱ་ནག་གི་འགོ་ཁྲིད་ཏིང་ཞའུ་ཕིང་གིས་ངོ་སྤྲོད་བྱས་པའི་འགྲོ་ལུགས་བཟོ་རྒྱུ་ཡིན་པར་བརྗོད་འདུག Zhang Yesui ཡིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཧོང་ཀོང་གི་གནད་དོན་ཐོག་ཐག་གཅོད་བྱ་རྒྱུའི་འགན་དང་དབང་ཚད་ཡོད་སྐོར་དང་འབྲེལ་ནས་སྔ་ལོ་ཧོང་ཀོང་ནང་དུ་ཟིང་འཁྲུག་གི་གནད་དོན་བྱུང་བ་ལྟར། ས་ཁུལ་དེར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཁྲིམས་སྒྲིག་ལག་བསྟར་དོན་འཁྱོལ་ཡོང་ཆེད་དང་རྒྱལ་ཞེན་ཅན་གྱི་ས་ཁུལ་སྐྱོང་རྒྱུའི་ལམ་ལུགས་དོན་སྨིན་སོན་ཕྱིར་དུས་དང་མཐུན་པའི་བསྒྱུར་བཅོས་གཏང་རྒྱུའི་དུས་ལ་བབ་ཡོད་པར་མངོན་གསལ་བྱས་ཡོད་འདུགརྩ་བའི་སྔ་ལོའི་ཚོགས་ཆེན་ཐོག་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་བྱས་པ་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྐྱོན་བརྗོད་རིམ་པ་བྱས་དང་བྱེད་མུས་ལ་ལྟོས་མེད་སྔ་ལོའི་ལོ་དཀྱིལ་ནས་ཧོང་ཀོང་ནང་དུ་ཁྲིམས་གཞི་དེ་ལག་བསྟར་གྱིས་ཧོང་ཀོང་ནང་གི་མང་གཙོའི་ལས་འགུལ་བ་མང་དག་ཅིག་འཛིན་བཟུང་བྱེད་མུས་ཡིན་པ་རེད། རླུང་འཕྲིན་ཁང་གིས་ཐེ་ཝན་སྐུ་ཚབ་དོན་གཅོད་དང་རྒྱ་ནག་ཉམས་ཞིབ་པ་ཟླ་བ་ཚེ་རིང་ལགས་སུ་འདི་ལོའི་རྒྱ་ནག་གི་ཚོགས་འདུ་གཉིས་པོའི་གནད་དགག་དང་དེའི་མཇུག་འབྲས་བཅས་ཀྱི་སྐོར་ལ་བཀའ་འདྲི་ཞུས་སྐབས་དེང་སྐབས་རྒྱ་ནག་ནང་གི་གནས་སྟངས་དང་ད་ལྟའི་ཚོགས་འདུའི་གྲོས་གཞི་བཅས་ཕྱོགས་ཡོངས་ལ་གཞིགས་ན་རྒྱ་ནག་དང་དེའི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་ཏུ་དམ་དྲག་སྔར་ལྷག་བྱེད་ཀྱི་ཡོད་པ་དང་། ཞི་ཅིན་ཕིང་གི་ངོས་ནས་གུ་ཡངས་དང་ཡར་རྒྱས་ཀྱི་ལམ་མ་ཡིན་པར་དེ་སྔའི་བསམ་བློ་དང་དུས་རབས་བསྐྱར་ལོག་བྱེད་བཞིན་ཡོད་པ་མངོན་རྒྱུ་ཡོད་སྐོར་གསུངས་སོང་།ལོ་རྗེས་མ་སྟེ་ ༢༠༢༢ ལོར་སྲིད་འཛིན་ཞི་ཅིན་ཕིང་གི་ལོ་བཅུའི་ལས་ཡུན་རྫོགས་ཀྱི་ཡོད་སྟབས་ཐེངས་འདིའི་ཚོགས་འདུའི་ཐོག་མ་འོངས་པར་ཞི་ཅིན་ཕིང་གི་རྗེས་འཇུག་མངོན་གསལ་བྱེད་དགོས་ཀྱི་ཡོད་ཀྱང་། དེ་སྔ་ཞི་ཅིན་ཕིང་གིས་དབང་ཚད་མུ་མཐུད་བཟུང་རྒྱུའི་རྣམ་པ་ཆེད་བཏོན་བྱས་ཟིན་པ་དང་། འདི་ལོའི་ཚོགས་ཆེན་གཉིས་ཀྱི་གོང་དུ་རྒྱ་ནག་ནང་ཞི་ཅིན་ཕིང་གིས་གཙོ་སྐྱོང་འོག་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་གསོ་སྤེལ་བའི་ཀུན་སློང་ཚོགས་ཆེན་ཚོགས་པ། དེ་བཞིན་མ་འོངས་པར་གཞུང་འཛིན་མཁན་དང་རྩེ་གཅིག་ཏུ་ མའོ་ཙེ་ཏུང་གི་རྗེས་འབྲང་ཡིན་པ་ Hua Guofeng སྐྱེས་ནས་ལོ་ ༡༠༠ འཁོར་བའི་དུས་དྲན་གཟབ་རྒྱས་བསུ་ཞུས་ཡོད་པ་དང་། འདི་ལོ་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ ༡༠༠ འཁོར་བ་དང་བསྟུན་ཞི་ཅིན་ཕིང་ལ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པ་བཅས་གཞིགས་ཏེ་རྒྱ་ནག་ཉམས་ཞིབ་པ་དང་བོད་ཀྱི་གནད་དོན་ཐོག་ཉམས་ཞིབ་པ་ཚོས་གསུངས་པར་ལོ་རྗེས་མར་ཞི་ཅིན་ཕིང་གི་ངོས་ནས་སྲིད་དབང་རྩིས་སྤྲོད་བྱེད་དཀའ་བའི་རྣམ་པ་མངོན་གསལ་ཆགས་ཡོད་པར་གསུང་མཁན་འདུག

རྒྱ་ནག་ནི་ནུབ་ཕྱོགས་ཀྱི་མང་གཙོའི་རྒྱལ་ཁབ་ཁག་ལ་ཉེན་འཚབ་ཆེ་ཤོས་ཆགས་ཡོད།

རྒྱ་ནག་དམར་པོའི་གཞུང་ནི་ད་ཆ་མང་གཙོ་དང་རང་དབང་ལྡན་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཉེ་འཚབ་ཆེ་ཤོས་ཆགས་ཡོད་ཅེས་གསུངས་སོང་། ཁ་སང་ཕྱི་ཚེས་ ༤ ཉིན་ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡོ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Mikulas Peksa ལགས་ཀྱིས་གཙོ་སྐྱོང་གནང་སྟེ་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ལྷན་དུ་དྲྭ་ཐོག་ཐད་གཏོང་བརྒྱུད་བོད་དོན་གླེང་མོལ་ལས་རིམ་ཞིག་གནང་སོང་བ་དང་། སྐབས་དེར་ཡོ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Mariam Lexmann ལགས་ཀྱིས་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་དུ་སྲིད་བྱུས་འདྲ་མིན་ལག་བསྟར་བརྒྱུད་བོད་མིའི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་འགྲེལ་བརྗོད་གནང་བ་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་གི་འབྲེལ་ཡོད་འགོ་ཁྲིད་ཚོའི་ཐོག་ཡོ་རོབ་གྲོས་མཐུན་ཚོགས་ཀྱི་ངོས་ནས་ Magnitsky Act ཁྲིམས་སྒྲིག་ལག་བསྟར་དོན་འཁྱོལ་ཡོང་བ་བཟོ་རྒྱུ་དང་ཡོ་རོབ་མཐུན་ཚོགས་ཀྱིས་ཆོས་དད་རང་དབང་སྐུ་ཚབ་བསྐྱར་བསྐོ་གནང་དགོས་པར་མ་ཟད། དེ་སྔ་ལྟར་མ་ཡིན་པར་ཡོ་རོབ་མཐུན་ཚོགས་ཀྱིས་ཆོས་དད་རང་དབང་གི་སྐུ་ཚབ་ཀྱི་ལས་དོན་གནང་ཕྱོགས་ལ་དོན་དམ་གྱི་རྒྱབ་སྐྱོར་ཡོད་པ་ཞིག་བཟོ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་ཆེས་གནད་ཆེར་ཆགས་སྐོར་གྲོས་ཚོགས་འཐུས་མི་རྣམས་ལ་གཞེན་སྐུལ་གནང་ཡོད་པ་རེད། ལས་རིམ་དེའི་ཐོག་སྦེལ་འཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་ད་བར་བོད་མི་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་གཞུང་དང་འབྲེལ་ཡོད་ཚོགས་སྡེ་ཁག་གིས་བོད་ནང་གི་ཆེས་ཛ་དྲག་རང་བཞིན་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་ཐེངས་མང་གནང་ཡོད་ཀྱང་། དོན་དངོས་ཐོག་བོད་ནང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་སྟབས། བོད་དོན་ལ་རྒྱབ་སྐྱོར་དང་འབྲེལ་བའི་སྤྱིར་བསྒྲགས་དང་སྲིད་བྱུས་གཏན་འབེབས་ཀྱི་གསལ་བསྒྲགས་སྤེལ་བ་ཙམ་མ་ཡིན་པར་བོད་ཀྱི་གནད་དོན་ཐོག་དོན་དམ་གནད་འཕིགས་ཀྱི་རྒྱབ་སྐྱོར་གནང་སྟེ་རྒྱ་ནག་ཐོག་སྲིད་བྱུས་དེ་དག་ལག་བསྟར་དོན་འཁྱོལ་ཡོང་བ་ཞིག་གནང་དུས་ཆགས་ཡོད་སྐོར་ནན་པོ་གསུངས་ཡོད། ལྷག་པར་དུ་ཁོང་གིས་རྒྱ་ནག་དམར་པོའི་ཞིང་བྲན་རིང་ལུགས་ནི་ད་ཆ་མང་གཙོ་དང་རང་དབང་ལྡན་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཉེ་འཚབ་ཆེ་ཤོས་ཆགས་ཀྱི་ཡོད་པར་མ་ཟད་མང་གཙོ་དང་རང་དབང་གཙོ་འཛིན་གནང་མཁན་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འཛམ་གླིང་ཐོག་མང་གཙོ་དང་རང་དབང་། ཁྲིམས་ལུགས་དབང་འཛིན། དྲང་བདེན་བཅས་ཀྱི་རིན་ཐང་ལ་དགའ་མོས་དང་མཉམ་སྤྱོད། དེ་བཞིན་འཐབ་རྩོད་གནང་མཁན་གྱི་ས་ཁུལ་ཁག་དང་དེའི་མང་ཚོགས་རྣམས་ཀྱི་རང་དབང་སྲུང་སྐྱོབ་གནང་རྒྱུ་ནི་ད་ལྟའི་དུས་སྐབས་འདིར་གལ་འགངས་ཆེན་པོ་ཆགས་ཡོད་ཅེས་གསུངས་སོང་། གཞན་ཡང་གླེང་མོལ་ཐོག་གྲོས་ཚོགས་འཐུས་མི་ Francisco Guerrero ལགས་དང་Samuel Cogolati ལགས་རྣམ་གཉིས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་རྡོག་རོལ་དང་བོད་མིའི་ཐོག་སྤེལ་བཞིན་པའི་བཙན་དབང་ངལ་རྩོལ་བསྒྱུར་བཀོད། བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན། དེ་བཞིན་རིང་མིན་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཨོ་རྩེད་འགྲན་ཚོགས། ཡོ་རོབ་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་ལ་གདོང་ལེན་གནང་ཕྱོགས་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་གླེང་སློང་མང་དག་ཅིག་གནང་ཡོད་པ་རེད།

Latest news