Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2021

དབྱིན་ཡུལ་ནང་བོད་དོན་གོམ་བགྲོད་ལས་འགུལ་སྤེལ་བ།

ནད་ཡེམས་ཀྱི་ཛ་དྲག་གནས་སྟངས་ཡོད་མེད་ལ་ལྟོས་མེད་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་ཚོས་གཅིག་གཉིས་མཐུད་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་དང་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ལ་བོད་དོན་ཞུ་གཏུག་ལས་འགུལ་མང་དག་ཅིག་སྤེལ་བཞིན་པའི་ཁྲོད་འདིར་ཁ་ཉིན་རེས་གཟའ་སྤེན་པའི་ཉིན་དབྱིན་ཡུལ་ནང་གནས་བཞུགས་བོད་མི་བསྟན་འཛིན་དབྱིག་གཉེན་ལགས་ཀྱིས་སྣེ་ཁྲིད་པའི་འོག་བོད་མི་དགྲ་ལྷ་ཚེ་རིང་ལགས་དང་ཕུན་ཚོགས་ནོར་བུ་ལགས། བཀྲིས་ཚེ་རིང་ལགས་བཅས་བོད་མི་བཞིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌན་ནང་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་ནས་རྒྱ་གར་གཞུང་ཚབ་བར་བོད་དོན་གོམ་བགྲོད་ཀྱིལས་འགུལ་ཞིག་སྤེལ་འདུགཐེངས་འདིའི་བོད་དོན་གོམ་བགྲོད་ལས་འགུལ་སྣེ་ཁྲིད་གནང་མཁན་བསྟན་འཛིན་དབྱིག་གཉེན་ལགས་ཀྱིས་ད་ལྟའི་ཆར་རྒྱ་གར་ནང་བསྟན་འཛིན་བཙོན་འགྲུས་ལགས་ཀྱིས་སྤེལ་བཞིན་པའི་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དང། སྐབས་དེར་ལས་འགུལ་ཁྲོད་ཁོང་རྣམས་ཀྱིས་དབྱིན་ཡུལ་གྲོས་ཚོགས་ཀྱི་ངོས་ནས་རྒྱ་གར་གཞུང་ཚབ་བར་བོད་དང་རྒྱ་གར་གྱི་རྒྱལ་དར་བསྣམས་ཏེ་མང་ཚོགས་ལ་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམས་སྤེལ་གནང་གི་ཡོད་པ་གསུངས་སོང་།སྐབས་དེའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་དགྲ་ལྷ་ཚེ་རིང་ལགས་ཀྱིས་ཀྱང་ད་ཆ་དབྱིན་ཡུལ་ནང་ནད་ཡམས་རྐྱེན་གྱིས་བོད་མི་འདུ་འཛོམས་གནང་སྟེ་བོད་དོན་ལས་འགུལ་སྤེལ་རྒྱུ་དཀའ་བའི་གནས་ལས་མ་འདས་སྟབས་ཐེངས་འདིའི་ལས་འགུལ་བརྒྱུད་ཡོ་རོབ་རྒྱལ་ཁབ་ནང་དུ་གནས་སྡོད་བོད་མི་ཚོས་དེ་དེ་བཞིན་བོད་དོན་ལས་འགུལ་མུ་མཐུད་སྤེལ་གནང་ཡོང་བའི་རེ་སྐུལ་གནང་བཞིན་འདུག

ཁྲོམ་ར་རིག་པའི་དུས་རབས་ཀྱི་ནང་ཆོས་འཆད་སྤེལ།

ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་ད་ལྟའི་དུས་ཚིགས་འདིར་༸རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྙིང་པོ་ཤེས་རབ་དང་སྙིང་རྗེའི་ཉམས་ལེན་དག་ཡུལ་དུས་གནས་སྐབས་དང་འཚམས་པར་གདུལ་བྱ་རྣམས་ལ་ཡང་དག་པར་སྟོན་པར་བྱེད་པར་དམིགས་བསལ་འཆད་ཁྲིད་ཀྱི་ཐབས་ལམ་སོགས་དགོས་ངེས་སུ་གཟིགས་ཏེ་དེ་རིང་དྲྭ་ལམ་བརྒྱུད་ཁྲོམ་ར་རིག་པའི་དུས་རབས་ཀྱི་ནང་ཆོས་འཆད་སྤེལ་ཞེས་པའི་བརྗོད་གཞི་ཐོག་ཟབ་སྦྱོང་དབུ་འཛུགས་གནང་སོང་། ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར་ཐེ་ཝན་གནས་བཞུགས་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་སོགས་དགེ་འདུན་པ་ནས་མཉམ་ཞུགས་དང་དམིགས་བསལ་ལས་རིགས་སོ་སོའི་ནང་བསྟན་ཁྲོམ་རའི་བརྗོད་གཞི་དང་འབྲེལ་བའི་མཁས་དབང་དང་ཆེད་མཁས་པ་རྣམས་གདན་འདྲེན་ཞུས་འདུག   མཛད་སྒོར་སྐུ་མགྲོན་གཙོ་བོ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཕྱག་བསྟར་ངེས་སྟོན་པ་དང་དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་གིས་དྲྭ་ལམ་བརྒྱུད་ཟབ་སྦྱོང་གི་བརྗོད་གཞི་དང་འབྲེལ་བའི་བཀའ་སློབ་གནང་སོང་། རླུང་འཕྲིན་ཁང་གིས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་འཇིགས་མེད་རྣམ་རྒྱལ་མཆོག་ལ་ཟབ་སྦྱོང་གི་དམིགས་ཡུལ་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཁོང་གིས་སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་མེད་སྐྱེས་ཆེན་དམ་པ་དང་དགེ་བའི་བཤེས་མཉེན་སོགས་ནས་དུས་དང་མཐུན་པའི་མདུན་སྐྱོད་གནང་དགོས་གལ་དང་ལྷག་པར་དུ་སངས་རྒྱས་ཀྱི་ཆོས་འཆད་སྤེལ་ཀྱི་ཐབས་ལམ་ལ་བསྒྱུར་བཅོས་གནང་དགོས་སྐོར་གྱི་ལམ་སྟོན་ཕེབས་དོན་ལྟར་ཟབ་སྦྱོང་དེ་གོ་སྒྲིག་གནང་བ་ཞིག་ཆགས་ཡོད་པར་གསུངས་ཡོད།ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དེ་ནི་ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༠ ཉིན་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་རིན་པོ་ཆེ་མཆོག་དང་ཀ་ཐོག་རིག་འཛིན་ཆེན་པོ་མཆོག་རྣམ་གཉིས་ཀྱིས་གཙོས་པའི་དགེ་འདུན་པ་ཁག་ཅིག་གིས་དབུ་ཁྲིད་ནས་གསར་འཛུགས་གནང་ཡོད་པ་རེད། ཞིབ་འཇུག་ཚོགས་པའི་དམིགས་ཡུལ་ནི་༸སྟོན་པ་ཐུགས་རྗེ་ཅན་གྱི་གསུང་གི་སྙིང་པོ་ཤེས་རབ་དང་བརྩེ་བས་ཕྱུག་པའི་སློབ་གསོ་དེ་ཉིད་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྤྱི་ཚོགས་སུ་དར་སྤེལ་གནང་རྒྱུ་དེ་ཡིན་པ་རེད།

Latest news