Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2021

རེས་གཟའ་མིག་དམར། ༢༠༢༡།༠༣།༠༢

ཉན་པ།: Listen ཕབ་ལེན། Download རྒྱ་ནག་གིས་ཕྱིའི་གསར་འགོད་པར་སྔར་ལྷག་དམ་དྲག་བྱེད་མུས། རྒྱ་ནག་གིས་འཆར་ལྡན་གྱིས་བོད་མིའི་ངོ་བོ་རྩ་མེད་བཟོ་བཞིན་པ་མངོན་གསལ། ནད་པའི་གྲངས་ཐོ་མང་ན་ཡང་གནས་སྟངས་ཛ་དྲག་གང་ཡང་མེད་པར་གསུངས་སོང་། དྲ་ཐོག་བརྒྱུད་དཔྱ་དངུལ་འབུལ་སླད་gmail གློག་འཕྲིན་ཁ་བྱང་བཟོ་རྒྱུའི་སྐུལ་འདེད། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་འཛིན་བཟུང་བྱས་པར་མང་ཚོགས་ཀྱིས་རྒོལ་རྡུང་། བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་གི་ཟབ་ཁྲིད་མཇུག་སྒྲིལ། གླུ་གཞན་ལས་རིམ། གཞས་མ་དབང་སྒྲོན་མཚོའི་གཞས་ཟོ་དང་། Tuesday 02/03/2021 Foreign journalists in China see rapid decline in media freedom: FCCC report China strategically destroying Tibetan identity: Tibet side event paralleling UN session COVID cases soar at Gyutoe monastery but situation under control Tibetans in North America urged to participate in Chatrel online payment Protesting crowds gather outside Hong Kong court after dissidents charged Six months workshop on Tibetan language and Buddhist Studies concludes MUSIC FEATURE: ‘Eat it’ by Wangdon Tso

རྒྱ་ནག་ཏུ་ཕྱིའི་གསར་འགོད་པར་དམ་དྲག་སྔར་ལྷག་བྱེད་བཞིན་པ་མངོན་གསལ།

ད་བར་རྒྱལ་སྤྱིའི་སྙན་ཐོ་རིམ་པའི་ནང་རྒྱ་ནག་དེ་གསར་འགོད་རང་དབང་ཐོག་ལ་དམ་དྲག་ཤུགས་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཞིག་ཏུ་མངོན་གསལ་གནང་མུས་ཁྲོད་ཁ་སང་ Foreign Correspondent Club of China ཞེས་རྒྱ་ནག་ཏུ་ཕྱག་ལས་གནང་བཞིན་པའི་ཕྱིའི་རྒྱལ་ཁབ་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་སྙན་ཐོ་འདོན་སྤེལ་གནང་བར་སྔ་ལོ་ ༢༠༢༠ ལོར་རྒྱ་གཞུང་གིས་ཡུལ་དེར་ཕྱག་ལས་གནང་བཞིན་པའི་ཕྱིའི་གསར་འགོད་པ་དང་གསར་ཁང་ཁག་གི་ཐོག་དམ་དྲག་ཆེས་ཆེར་བྱས་ཡོད་པར་མ་ཟད་ལྷག་པར་དུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལ་ཁ་གཡར་ནས་གསར་འགོད་པར་སུན་གཙེར་དང་མཐོང་མཆན་མ་སྤྲད་སོགས་ཀྱི་གནད་དོན་མང་དག་ཅིག་གི་ཐོག་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་གསུངས་འདུགཁ་སང་རྒྱ་ནག་ནང་གནས་སྡོད་བྱེད་བཞིན་པའི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ཀྱིས་འདས་པའི་ཕྱི་ལོ་ ༢༠༢༠ ལོའི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་བར་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་ཏུ་གསར་འགོད་ལས་དོན་གཉེར་བཞིན་པའི་གསར་ཁང་དང་གསར་འགོད་པ་བཅས་ལ་འདྲི་རྩད་གནང་སྐབས་ལན་འདེབས་གནང་མཁན་ ༡༥༠ ཙམ་ལས་བྱུང་མེད་པ་དང་། དེའི་ཁོངས་ནས་རྒྱ་ནག་ཏུ་གསར་འགོད་པའི་ལས་རིགས་གཉེར་ཕྱོགས་ཀྱི་གནས་སྟངས་ལ་ཡར་རྒྱས་ཕྱིན་འདུག་ཅེས་གསུང་མཁན་གང་ཟག་གཅིག་ཀྱང་བྱུང་མེད་པའི་ཁར་གནས་སྟངས་དེ་ལོ་གསུམ་གྱི་རིང་དེ་མུར་ལུས་ཡོད་པ་རེད་འདུག སྙན་ཐོར་གཞིགས་ཚེ་སྔ་ལོར་རྒྱ་ནག་གཞུང་གིས་ལྟ་སྲུང་འཕྲུལ་ཆས་སོགས་གཉན་རིམས་འགོག་ཐབས་དང་འབྲེལ་བའི་ཐབས་བྱུས་ཡོངས་རྫོགས་སྤྱོད་དེ་ཕྱིའི་གསར་འགོད་པ་དང་དེ་དག་གི་རྒྱ་རིགས་ལས་རོགས། དེ་བཞིན་བཅར་འདྲི་ཞུ་ཡུལ་བཅས་ལ་འཇིགས་སྐུལ་དང་སུན་གཙེར་བཟོས་ཡོད་སྐོར་བཀོད་འདུག དེ་བཞིན་ཉེན་རྟོག་པས་མང་ཚོགས་ཀྱི་འཕྲོད་བསྟེན་བདེ་འཇགས་ལ་ཁ་གཡར་བ་དང་བཙན་དབང་ཐོག་ནས་ཟུར་འཇོག་བྱ་རྒྱུ་སོགས་ཀྱི་ཉེན་བརྡ་བཏང་བར་མ་ཟད་རྒྱ་ནག་ཏུ་གནས་སྡོད་ཆོག་པའི་མཐོང་མཆན་བཀག་སྡོམ་བརྒྱུད་གསར་འགོད་པ་རྣམས་ལ་ཚོར་བ་རྣོ་བའི་ས་ཚིགས་ཁག་ཏུ་བསྐྱོད་རྒྱུར་དམ་དྲག་ཆེས་ཆེར་བྱེད་པའི་ཁྲོད་རྣམ་ཀུན་ལོ་གཅིག་གི་རིང་བསྡད་ཆོག་པའི་མཐོང་མཆན་རག་སར་སྔ་ལོར་གསར་འགོད་པ་ ༡༣ ཙམ་ལ་ཟླ་བ་དྲུག་དང་དེ་ལས་ཉུང་བའི་དུས་ཐུང་གི་ཆོག་མཆན་སྤྲད་འདུག་པ་དང་། ཨ་རི་དང་ལྷན་དུ་འབྲེལ་ལམ་སྡུག་ཏུ་སོང་བར་བརྟེན་རྒྱ་ནག་ནང་དུ་ལས་དོན་གཉེར་བཞིན་པའི་ཨ་རིའི་གསར་འགོད་པ་བཅུ་ལྷག་ཕྱིར་ཕུད་བཏང་བ་དང་དེ་བཞིན་ཨོ་སི་ཊོ་ལི་ཡའི་གསར་འགོད་པ་གཉིས་ལ་སུན་གཙེར་བཟོས་རྐྱེན་ཕྱིར་ལོག་གནང་དགོས་པའི་གནས་སྟངས་སོགས་བྱུང་ནས་གསར་འགོད་པ་རྣམས་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་སྤྱོད་ཀྱི་ཡོད་སྐོར་གསུངས་འདུག ལྷག་པར་དུ་ཤིན་ཅང་ཁུལ་དུ་གསར་འགོད་ལས་དོན་གཉེར་བཞིན་པ་རྣམས་ལ་དམིགས་བསལ་གྱི་དམ་དྲག་ཆེ་བ་བྱེད་ཀྱི་ཡོད་པ་དང་སྔ་ལོར་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ནང་ཕྱག་ལས་གནང་བྱེད་བཞིན་པའི་ཨོ་སི་ཊོ་ལི་ཡའི་མི་སེར་ཡིན་པའི་གསར་འགོད་པ་ Cheng Lei དང་དེའི་རྗེས་སུ་ Bloomberg གསར་ཁང་དུ་ཕྱག་ལས་གནང་བཞིན་པའི་རྒྱ་རིགས་གསར་འགོད་པ་ Haze Fan ལགས་གཉིས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ཉེས་མིང་འོག་འཛིན་བཟུང་གིས་དུས་ད་ལྟའང་བཙོན་འཇུག་འོག་ཡོད་པར་མངོན་གསལ་གནང་ཡོད་པ་རེད། དེ་རིང་ AFP གསར་ཁང་གིས་སྙན་ཐོའི་སྐོར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Wang Wenbin ལ་འདྲི་རྩད་བྱེད་སྐབས་ཁོ་པས་རྒྱ་ནག་གཞུང་གིས་ད་བར་ FCCC ལྷན་ཚོགས་དེ་ངོས་ལེན་བྱེད་ཀྱི་མེད་པ་དང་ལྷན་ཚོགས་ཀྱི་འདོན་སྤེལ་གནང་བའི་སྙན་ཐོ་དེ་རྙོག་གླེང་བཟོ་རྒྱུ་དང་འུར་སྒྲོག་བྱ་རྒྱུར་དམིགས་པ་ཞིག་ཡིན་པར་འགྲེལ་བརྗོད་དང་། རྒྱ་ནག་དེ་ཁྲིམས་ཀྱི་དབང་སྒྱུར་ལྡན་ཞིང་། རྒྱ་ནག་གིས་ཕྱིའི་གསར་ཁང་དང་གསར་འགོད་པ་རྣམས་ལ་རྒྱལ་ཁབ་ཀྱི་ཁྲིམས་གཞིར་བཟུང་ལས་དོན་གཉེར་བར་དགའ་བསུ་ཞུ་བཞིན་ཡོད་པ་ལྟར་གསར་འགོད་པ་དེ་དག་ལ་མུ་མཐུད་མཐུན་རྐྱེན་སྦྱོར་རྒྱུ་ཡིན་སྐོར་བརྗོད་པར་མ་ཟད། གསར་འགོད་རང་དབང་ལ་ཁ་གཡར་ནས་རྒྱ་ནག་ལ་མི་དགའ་བའི་གནས་ཚུལ་རྫུན་མ་སྤེལ་བཞིན་ཁག་ལ་དགག་པ་ཡོད་ཅེས་བཤད་འདུག རྩ་བའི་ Foreign Correspondents’ Club of China ཞེས་པ་ནི་རྒྱ་ནག་ནང་ཕྱག་ལས་གནང་བཞིན་པའི་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་ཤིག་ཡིན་པ་དང་མཐུན་ཚོགས་དེར་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ ༤༠ ཙམ་གྱི་གསར་འགོད་པ་དང་གསར་འགོད་ལས་རིགས་ཀྱི་མཁས་དབང་། དེ་བཞིན་གཞུང་འབྲེལ་གྱི་མི་སྣ་བཅས་ཡོད་པ་རེད།

ནད་པའི་གྲངས་ཐོ་མང་ན་ཡང་གནས་སྟངས་ཛ་དྲག་གང་ཡང་མེད་པར་གསུངས་སོང་།

ཟླ་བ་སྔོན་མའི་ཟླ་མཇུག་དང་། ཟླ་བ་འདིའི་ཚེས་འགོ་ལ། བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ནང་དུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཆེ་ཆེར་བྱུང་སྟེ། གྲྭ་མང་ ༣༠༠ ལྷག་ཙམ་ལ་བརྟག་དཔྱད་བྱས་པའི་གྲུབ་དོན་དུ། གྲྭ་མང་གི་གཙོ་བྱས་པའི་མི་སྐྱ་རེ་ཟུང་སྟེ། ཁྱོན་རྒྱུད་སྟོད་གྲྭ་ཚང་གི་ནང་དུ་གནས་སྡོད་བྱེད་མཁན་གྱི་བོད་མི་ ༡༥༦ ལྷག་ལ་ནད་རྟགས་ཐོན་ནས་ད་ལྟའི་ཆར་རྒྱ་གར་དབུས་གཞུང་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ལྟར་གྲྭ་ཚང་རང་གི་ནང་དུ་ཟུར་བཀག་བྱས་འདུགདེ་རིང་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་ནས་རྒྱུད་སྟོད་གྲྭ་ཚང་གི་ཤེས་ཡོན་འགན་འཛིན་བློ་བཟང་ཀླུ་སྒྲུབ་ལགས་སུ་ད་ལྟའི་གྲྭ་ཚང་གི་གནས་བབ་སྤྱི་ཡོངས་ཀྱི་ཆ་ནས་བཀའ་འདྲི་ཞུས་པར་ཁོང་གིས། སྤྱི་ཡོངས་ཀྱི་ཆ་ནས་བརྟག་དཔྱད་རིམ་པ་བྱས་པའི་བརྒྱུད་རིམ་གྱི་ཁྲོད་ནས་གྲྭ་ཚང་གི་ནང་དུ་ནད་པའི་གྲངས་ཐོ་གང་འཚམས་ཤིག་ཐོན་ཡོད་ནའང་། ནད་པ་གཅིག་ཏོག་ཙམ་ཛ་དྲག་གིས་ད་ལྟའི་ཆར་ཀང་ར་རྫོང་ཁོང་གི་ཊན་ཊྲ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པ་མ་གཏོགས། ནད་རྟགས་ཐོན་པའི་ནད་པ་གཞན་རྣམས་ཟུར་བཀག་བྱས་པ་ཙམ་ལས་རིམས་ནད་ཀྱི་རྐྱེན་གྱིས་ཉེན་ཚབ་ཆེ་བའི་དཀའ་ངལ་ཆེན་པོ་གང་ཡང་འཕྲད་ཀྱི་མེད་པར་གསུངས་སོང་། དེ་བཞིན་ཁོང་གིས། སྤྱི་ཡོངས་ཀྱི་ཆ་ནས་གྲྭ་ཚང་གི་ནང་དུ་རིམས་ནད་ཁྱབ་བརྡལ་གྱིས་གྲྭ་མང་གང་འཚམས་ཤིག་ཟུར་འགོག་བྱེད་བཞིན་ཡོད་ནའང་། རྒྱ་གར་དབུས་གཞུང་གི་བཀའ་དྲིན་དང་། རང་རེའི་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་གཙོ་བྱས་པའི་བདེ་ལེགས་སྨན་ཁང་སོགས་ཀྱི་རོགས་འདེགས་ཀྱི་འོག  ནད་རྟགས་ཐོན་ནས་ཟུར་བཀག་བྱེད་བཞིན་པའི་གྲྭ་མང་ལ་དུས་ཐོག་ཏུ་གསོལ་སྨན་སྤྲོད་བཞིན་པ་ཡོད་སྟབས་དཀའ་ངལ་སོགས་གང་ཡང་མེད་སྐོར་གསུངས་བ་དང་སྦྲགས། བརྒྱུད་ལམ་ཁག་ཅིག་གི་ཐོག་གི་གནས་ཚུལ་ཁུངས་ལྡན་མ་ཡིན་པ་ཞིག་ཁྱབ་བཞིན་ཡོད་པ་ནི། དེང་སྐབས་རྒྱུད་སྟོད་གྲྭ་ཚང་གི་ཆོས་ཐོག་གི་དུས་ཚིགས་དང་ཁེལ་ཡོད་སྟབས། ཕྱི་ནས་ཆོས་ཐོག་ལ་ཕེབས་པ་ཁག་ཅིག་ཡོད་པ་ལྟར། མང་ཚོགས་ཀྱི་ཁྲོད་དུ་ཐེངས་འདིའི་རིམས་ནད་འགོས་ཁྱབ་དེ་ཕྱི་ནས་ཕེབས་མཁན་རྣམས་བརྒྱུད་ནས་ཁྱབ་བརྡལ་བྱུང་བཞིན་ཡོད་སྐོར་བརྗོད་མཁན་བྱུང་ཡོད་ནའང་། བརྟག་དཔྱད་རིམ་པ་བྱས་པའི་ནང་དུ་ཕྱི་ནས་ཕེབས་མཁན་རྣམས་ཀྱི་ཁྲོད་དུ་རིམས་ནད་འགོས་ཁྱབ་བྱུང་མཁན་གཅིག་ཀྱང་མེད་པར་གསུངས་སོང་། གཞན་ཡང་གསར་འགོད་པས་རྩ་བའི་རྒྱ་ནག་གི་རིམས་ནད་འདི་རྒྱལ་སྤྱིའི་ས་ཆ་གང་སར་ཁྱབ་བརྡལ་འགྲོ་བཞིན་ཡོད་པ་ལྟར། ཐེངས་འདིར་རྒྱུད་སྟོད་གྲྭ་ཚང་གི་ནང་དུ་ཡང་ཁྱབ་བརྡལ་བྱུང་སྟེ་གྲྭ་མང་བརྒྱ་དང་ལྔ་བཅུ་ལྷག་ལ་འགོས་ཁྱབ་བྱུང་ཡོད་སྟབས། ཁུལ་གནས་སྡོད་བྱེད་བཞིན་པ འི་ཡུལ་མི་རྣམས་ཀྱིས་རྣམ་འགྱུར་གྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། ཡུལ་མི་རྣམས་ཀྱིས་སྡང་སྡུག་གི་རྣམ་འགྱུར་སོགས་གང་ཡང་བསྟན་མེད་པར་ཞི་བདེ་ལྷིང་འཇགས་ཀྱི་ངང་གནས་ཡོད་པར་གསུངས་སོང་། དེ་བཞིན་ཁོང་གིས། རྒྱུད་སྟོད་གྲྭ་ཚང་དང་འབྲེལ་ཡོད་ཀྱི་དད་ལྡན་མང་ཚོགས་རྣམས་ཀྱིས་ནད་པའི་དྲང་ཐོ་ལ་གཞིགས་ཏེ་ཐུགས་ཁྲལ་གནང་མཁན་བྱུང་གི་ཡོད་ནའང་། ནད་རྟགས་ཐོན་པའི་གྲངས་ཀ་ཙམ་ལས། དཀའ་ངལ་ཆེན་པོ་གང་ཡང་འཕྲད་མེད་སྐོར་ངོ་སྤྲོད་ཀྱིས། རྒྱུད་སྟོད་གྲྭ་ཚང་དང་འབྲེལ་ཡོད་རྣམས་ཀྱིས་ཐུགས་ཁུར་རྩ་མ་ནས་གནང་མི་དགོས་ཞེས་འབོད་སྐུལ་ཞུས་སོང་། གཞི་རྩའི་རྒྱུད་སྟོད་གྲྭ་ཚང་གི་ནང་དུ་སྤྱི་ཡོངས་ཀྱིས་གྲྭར་ཞུགས་བྱས་ཡོད་མཁན་གྲྭ་མང་ ༤༠༠ ལྷག་ཡོད་ནའང་། ཐེངས་འདིར་ཁག་ཅིག་ས་གནས་ཀྱི་དགོན་པའི་ཡན་ལག་ཁག་ཏུ་ཕེབས་པ་དང་། ཁག་ཅིག་དུས་བསྟུན་གྱིས་གུང་གསེང་ལ་ཕྱིན་ཡོད་སྟབས། ད་ཆ་གྲྭ་མང་༣༢༠ ཙམ་ལས་མེད་པ་ལྟར་ཚང་མ་བརྟག་དཔྱད་བྱས་ཟིན་ཡོད་པ་དང་། ཟུར་བཀག་བྱས་པའི་ནད་པ་རྣམས་ལ་བདུན་ཕྲག་གཉིས་ཀྱི་ནང་དུ་ནད་རྟགས་ངན་པ་གང་ཡང་མ་ཐོན་ན་བསྐྱར་དུ་བརྟག་དཔྱད་བྱེད་མི་དགོས་བར་རྒྱུན་ལྡན་ལྟར་ཆོས་ཞུགས་བྱས་ཆོག་པར་གོང་རིམ་ནས་ལམ་སྟོན་གནང་འདུག

རྒྱ་གཞུང་གིས་འཆར་ལྡན་ཐོག་བོད་མིའི་ངོ་བོ་རྩ་མེད་བཟོ་བཞིན་པ་མངོན་གསལ།

རྒྱ་ནག་གི་ཉམས་ཞིབ་པ་ Adrain Zenz ལགས་ཀྱིས་རྒྱ་གཞུང་གིས་བོད་ཁུལ་དུ་འཆར་གཞི་དང་ལྡན་པའི་ཕུགས་རྒྱང་རིང་པོའི་སྲིད་བྱུས་ལག་བསྟར་གྱིས་བོད་མིའི་ངོ་བོ་རྩ་མེད་བཟོ་བཞིན་ཡོད་སྐོར་གསུངས་སོང་། ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ལྷན་ཚོགས་ཐེངས་ ༤༦ འཚོགས་བཞིན་པ་བསྟུན་ཁ་སང་ཕྱི་དྲོ་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ཐད་གཏོང་དྲྭ་ལམ་བརྒྱུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཟུར་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་ཨ་རི་ནང་རྟེན་གཞི་བྱས་པའི་ Victims of Communism ཞེས་པའི་ཚོགས་པའི་རྒྱ་ནག་གི་ཉམས་ཞིབ་པ་དང་མཁས་དབང་སྐུ་ཞབས་ Adrain Zenz ལགས་ཀྱིས་ཉེ་ཆར་སྤེལ་བའི་དཔྱད་རྩོམ་བོད་ནང་རྒྱ་ནག་གཞུང་གིས་དམག་སྦྱོང་ལམ་ནས་བོད་མིའི་མང་ཚོགས་ལ་ལས་རིགས་སྦྱོང་བརྡར་སྤྲོད་བཞིན་ཡོད་ཅེས་པའི་བརྗོད་གཞི་ཐོག་གཏམ་བཤད་སྤེལ་བ་དང་འབྲེལ། ཁོང་གིས་རྒྱ་ནག་གཞུང་གིས་བོད་ཁུལ་དབུལ་སྒྲོལ་དགག་སྒྲོལ་ཞེས་པའི་ལས་གཞི་འོག་བོད་མིའི་འབྲོག་སྡེ་ཁག་གྲོང་སྡེར་གཏན་སྡོད་གཞི་སྤོ་རུ་འཇུག་པ་དང་། དེ་བཞིན་གྲོང་གསེབ་ཁུལ་གྱི་མང་ཚོགས་རྣམས་ལས་རིགས་སྦྱོང་བརྡར་དང་འབྲེལ་ནས་རྒྱ་ནག་ནང་བཟོ་གྲྭ་ཁག་ཏུ་བགོས་འགྲེམས་སོགས་ཐབས་བྱུས་དང་ཕུགས་རྒྱང་རིང་པོར་དམིགས་པའི་འཆར་གཞི་དང་ལྡན་པའི་སྲིད་བྱུས་ལག་བསྟར་བརྒྱུད་དེ་བོད་ཁྱོན་ཡོངས་ལ་སྟངས་འཛིན་སྟབས་བདེ་ཐུབ་རྒྱུ་དང་ལྷག་པར་དུ་བོད་མིའི་སྐད་ཡིག་དང་རིག་གཞུང། བོད་མི་རིགས་ཀྱི་ངོ་བོ་བཅས་ཕྱོགས་རྩ་མེད་བཟོ་བཞིན་ཡོད་ཅེས་གསུངས་ཡོད།དེ་བཞིན་ཁ་སང་ལས་རིམ་ཐོག་གཏམ་བཤད་གནང་མཁན་བོད་དོན་མཁས་དབང་དང་རྩོམ་པ་པོ་ Kate Saunders ལགས་ཀྱིས་བོད་ནང་ཆོས་དད་དང་སྤྱི་མང་། དེ་བཞིན་རིག་གཞུང་ཐོབ་ཐང་གི་གནས་བབ་སྐོར་གཏམ་བཤད་སྤེལ་བ་དང་འབྲེལ་ནས་རྒྱ་ནག་གཞུང་གིས་དམ་དྲག་གི་སྲིད་བྱུས་འདྲ་མིན་ལག་བསྟར་བརྒྱུད་བོད་མིའི་ཆོས་དད་རང་དབང་དང་སྐད་ཡིག་རང་དབང་། རིག་གཞུང་རང་དབང་གི་གནས་བབ་ཉིན་རེ་བཞིན་ཆེས་རྡོག་རོལ་གཏོང་བཞིན་པར་བརྟེན་ཛ་དྲག་རང་བཞིན་དུ་གྱུར་ཡོད། ལྷག་དོན་ཉེ་ཆར་རྒྱ་གཞུང་གིས་བཙོན་འོག་ཏུ་འདས་གྲོངས་སུ་གྱུར་བའི་དཀོན་མཆོག་སྦྱིན་པ་ལགས་ཀྱི་གནས་ཚུལ་ལུང་འདྲེན་དང་སྦྲགས། ད་ཆ་བོད་ས་ཁྱོན་ཡོངས་སུ་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་སྡོད་སྤྱོད་གསུམ་ལ་ཧ་ཅང་ལྟ་སྲུང་དང་དམ་དྲག་ཆེས་ཆེར་བྱེད་བཞིན་ཡོད་སྟབས་བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་གནང་རྒྱུར་བོད་ནང་གི་བོད་མི་ཚོའི་ཚེ་སྲོག་ལ་ཧ་ཅང་ཉེན་ཁ་ཆེན་པོ་ཆགས་པར་གསུངས་ཡོད། གླེང་མོལ་རིམ་དེའི་ཐོག་སུད་སི་སྐུ་ཚབ་དོན་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྲི་ཞུ་བ་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཉེ་ཆར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱ་གཞུང་གི་ཕྱི་སྲིད་བློན་ཆེན་ Wang Yi ཡིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་མང་ཚོགས་ཀྱི་འཚོ་བར་འོད་སྟོང་འབར་བ་བྱུང་ཡོད་ཅེས་པའི་གཏམ་བཤད་ལ་སྤེལ་བར་དཔྱད་ཞིབ་ཀྱི་རང་བཞིན་ལྡན་པའི་ཐོག་ནས་དགག་ལན་ཚུལ་དུ་ད་བར་རྒྱལ་ཚོགས་ཀྱི་ཁྱད་ལས་རྟོག་ཞིབ་སྡེ་ཁག་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྡེ་ཁག་གི་སྙན་ཐོ་ཁག་ལུང་འདྲེན་གྱིས་དོན་དངོས་ཐོག་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་སྡོད་སྤྱོད་གསུམ་ལ་དམ་དྲག་དང་ལྟ་སྲུང་གི་ལས་གཞི་ཁག་གི་ཐོག་ཚད་མཐོའི་ཡར་རྒྱས་ཕྱིན་པ་ལས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཡར་རྒྱས་གང་ཡང་ཕྱིན་མེད་སྐོར་གསུངས་ཡོད་པ་རེད།རྣམ་ཀུན་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་དང་འབྲེལ་སྐོང་ཚོགས་གནང་སྲོལ་ཡོད་པའི་བོད་དོན་དང་འབྲེལ་བའི་ཟུར་ཚོགས་དེ་རིགས། རྒྱལ་ཚོགས་ཀྱི་ཚོགས་འདུ་དུས་མཉམ་རྒྱལ་ཚོགས་ནང་ཚོགས་ཀྱི་ཡོད་ཀྱང་། ད་ལྟའི་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་ད་ལན་གྱི་རྒྱལ་ཚོགས་ཀྱི་ཚོགས་དུས་ཆ་ཚང་དྲྭ་ལམ་ཐོག་སྐོང་ཚོགས་གནང་དགོས་པ་བྱུང་ཡོད་རེད། སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གི་ངོས་ནས་ད་ལན་གྱི་ཟུར་ཚོགས་དེ་གཙོ་བོ་རྒྱལ་ཚོགས་ཀྱི་ཚོགས་འདུ་དང་འབྲེལ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་གླེང་སློང་རྒྱུན་སྐྱོང་ཡོང་ཕྱིར་དྲྭ་ཐོག་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་ཞེས་གསུངས་སོང་།

ཧོང་ཀོང་གི་མང་གཙོ་དོན་གཉེར་བ་འཛིན་བཟུང་བྱས་པར་མི་མང་གིས་ངོ་རྒོལ།

ཁ་སང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་ཉེན་རྟོག་པས་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་ ༤༧ འཛིན་བཟུང་གིས་ཁྲིམས་བཤེར་འགོ་འཛུགས་སྐབས་ཧོང་ཀོང་གི་མང་གཙོ་དོན་གཉེར་བའི་མི་མང་བརྒྱ་ཕྲག་ལྷག་གིས་ཁྲིམས་ཁང་མདུན་དུ་འདུ་འཛོམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུགརྒྱ་ནག་གཞུང་གིས་ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ཟེར་བའི་འོག་ཉེན་རྟོག་པས་ཧོང་ཀོང་ཁྱོན་ཡོངས་སུ་ཞིབ་བཤེར་བརྒྱུད་ཁུལ་དེའི་མང་གཙོ་དོན་གཉེར་བ་ ༤༧ ལ་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ཁ་སང་རེས་གཟའ་ཟླ་བའི་ཉིན་ཁོང་རྣམས་ལ་ཁྲིམས་བཤེར་འགོ་འཛུགས་སྐབས་གྱོན་ཆས་ནག་པོ་གྱོན་པའི་ཧོང་ཀོང་གི་མང་གཙོ་དོན་གཉེར་ཅན་མི་མང་བརྒྱ་ཕྲག་བརྒལ་བ་ཡུལ་དེའི་ཁྲིམས་ཁང་མདུན་དུ་འདུ་འཛོམས་ཀྱིས་ཧོང་ཀོང་བཅིངས་བཀྲོལ་གཏོང་དགོས། རང་དབང་ཐོག་འཐབ་རྩོད་དང་ཧོང་ཀོང་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་པའི་འབོད་ཚིག་འོག་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་གནང་འདུག  སྐབས་དེར་རྒྱ་ནག་གཞུང་གིས་ཁྲིམས་ཁང་གི་ཉེ་འཁོར་དུ་ཉེན་རྟོག་པ་བརྒྱ་བརྒལ་བ་འགྲེམས་འཇོག་གིས་ས་གནས་ཡུལ་མིའི་ངོ་རྒོལ་ལས་འགུལ་སྤེལ་བར་འགོག་ཐབས་ཀྱིས་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་ཁྲོད་རང་ལོ་ ༥༧ ཡིན་པ་ Herbert Chow ཡིས་ད་ཐེངས་ཀྱི་འཛིན་བཟུང་བྱས་པ་དེ་ནི་ཧོང་ཀོང་གི་འདས་པའི་ལོ་རྒྱུས་ཁྲོད་ཁུངས་ལུང་མེད་པའི་འཛིན་བཟུང་ཚད་མཐོ་ཤོས་བྱས་པ་དེ་ཆགས་ཀྱི་ཡོད་པར་ཟུར་ཟ་བྱས་འདུག་ཀྱང་། ཁོང་གིས་ཁྲིམས་ཁང་གིས་དྲང་བདེན་ལ་རྒྱབ་སྐྱོར་གནང་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་འདུག འཛིན་བཟུང་བྱས་པའི་མང་གཙོའི་དོན་གཉེར་བ་ ༤༧ དེ་དག་ཁོངས་སུ་ ༣༩ སྐྱེས་པ་དང་ ༨ བེུད་ཆགས་ཀྱི་ཡོད་པར་མ་ཟད་ཁོང་རྣམས་རང་ལོ་ ༢༣ ནས་ ༦༤ བར་རེད་འདུགརྒྱ་ནག་གཞུང་གིས་བར་ལམ་ཧོང་ཀོང་ནག་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ཟེར་བ་གཏན་འབེབས་བྱས་ཏེ་ཧོང་ཀོང་མང་གཙོ་དོན་གཉེར་བའི་ཐོག་དྲག་གནོན་དང་མང་གཙོ་དོན་གཉེར་བ་ ༤༧ འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འཕྲལ་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་རྒྱ་གཞུང་ལ་དབྱིན་ཡུལ་གཞུང་གིས་དེ་སྔ་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་སྐབས་ཁས་ལེན་བྱས་པའི་འབྲུ་དོན་ཁག་ལ་བརྩི་མེད་རྡོག་རོལ་གྱིས་བྱ་སྤྱོད་སྤེལ་བཞིན་པར་སྐྱོན་བརྗོད་བྱས་དང་བྱེད་པའི་ཁྲོད་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Anthony Bliken ལགས་ཀྱིས་རང་ཉིད་ཀྱི་ Twitter དྲྭ་གནས་ཐོག་རྒྱ་གཞུང་གིས་ཧོང་ཀོང་གི་མང་གཙོ་དོན་གཉེར་བར་ཉེས་འཛུགས་བྱས་པར་སྐྱོན་བརྗོད་དང་འབྲེལ་ཁོང་རྣམས་འཕྲལ་མར་གློད་བཀྲོལ་དགོས་པའི་དགོས་འདུན་ཆེད་འདོན་དང་། ཆབ་སྲིད་ཀྱི་ལས་འགུལ་ནང་མཉམ་ཞུགས་དང་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་རྒྱུ་ནི་ཁྲིམས་འགལ་གང་ཡང་མིན་པར་ནན་བརྗོད་གནང་སྟེ་ཨ་རི་ཧོང་ཀོང་མི་མང་དང་མཉམ་དུ་ཡོད་ཅེས་གསུངས་འདུག དེ་བཞིན་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་མཆོག་གིས་ཀྱང་ Twitter དྲ་གནས་ཐོག་ཧོང་ཀོང་མང་གཙོ་དོན་གཉེར་བ་དེ་དག་ནི་རྒྱལ་ཁབ་མགོ་རྟིང་སློག་ཐབས་གནང་བའི་ནག་ཉེས་འགེལ་བའི་བྱ་སྤྱོད་དེ་ནི་དྲང་བདེན་མིན་པ་དང་ཁེ་ན་ཌ་གཞུང་གིས་འབྲེལ་ཡོད་དཔོན་རིགས་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་གནང་འདུག དབྱིན་ཡུལ་དང་རྒྱ་ནག་གཉིས་ཟུང་འབྲེལ་ཐོག་སྤྱི་བསྒྲགས་ཀྱི་འབྲུ་དོན་ལྟར་རྒྱ་ནག་གིས་ཁས་ལེན་བྱས་པའི་རྒྱལ་སྤྱིའི་འཆིངས་ཡིག་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་འདུགརྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་དྲྭ་ཐོག་བདེན་དཔང་ར་སྤྲོད་ཀྱི་ཉམས་ཞིབ་པ་ Sophie Mask ལགས་ཀྱིས་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་རྣམས་ཀྱིས་རྒྱ་གཞུང་གི་དྲག་ཤུགས་དབང་སྒྱུར་ལ་ཁ་གཏད་གཅོག་རྒྱུའི་ཐབས་ཤེས་གནང་བ་ཙམ་ལ་ནག་ཅན་དུ་ངོས་འཛིན་གྱིས་ཚེ་བཙོན་ཁྲིམས་ཐག་བཅད་པ་ནི་མང་གཙོ་ལ་རྒོལ་རྡུང་ཚ་ནན་དང་ཐབས་བྱུས་མི་ལྡན་པའི་ཁྲིམས་ཞིག་ཆགས་ཡོད་པར་ཟུར་ཟ་གནང་བར་མ་ཟད། ཧོང་ཀོང་ནང་མངོན་པར་གསལ་བའི་མང་གཙོའི་དོན་གཉེར་བ་ཚང་མ་བཙན་དབང་ཐོག་བཙོན་འཇུག་བྱས་པ་དང་ཡང་ན་རྒྱལ་ཁབ་ཀྱི་སྲིད་གཞུང་མགོ་རྟིང་སློག་ཐབས་གནང་བར་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད། དབྱིན་ཡུལ་དང་ཡོ་རུབ་མཐུན་ཚོགས་བཅས་ཀྱིས་མང་གཙོ་དོན་གཉེར་བའི་ཐོག་སྐྱོན་འཛུགས་བྱས་པ་དེ་དག་ནི་རྒྱལ་ཁབ་དེའི་ཁྲིམས་རྣམས་མང་གཙོ་དོན་གཉེར་བར་འགོག་རྒོལ་བྱ་རྒྱུ་ཁོ་ནར་དམིགས་པ་ལས་དོན་དངོས་ཐོག་རྒྱལ་ཡོངས་ཀྱི་བདེ་འཇགས་ལ་ཆ་འཇོག་གནང་བ་མིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

རེས་གཟའ་ཟླ་བ། ༢༠༢༡།༠༣།༠༡

ཉན་པ།: Listen ཕབ་ལེན། Download རྒྱ་ནག་གིས་མེ་ཏོག་རྫོང་ཁོངས་སུ་འགྲོ་སྐྱོད་ལ་ཞིབ་བཤེར་བྱེད་འགོ་བཙུགས་འདུག ནད་ཡམས་དང་རྒྱལ་ཁབ་བདེ་འཇགས་ལ་ཁ་གཡར་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ། ཞི་ཅིན་ཕིང་གིས་རྒྱ་ནག་ལ་རྒྱལ་སྤྱིའི་ཁྲོད་ཁྲིམས་ཀྱི་ངལ་བ་ཡོད་སྐོར་བཤད་པ། དབྱིན་ཡུལ་ནང་བོད་དོན་གོམ་བགྲོད་ལས་འགུལ་སྤེལ་འདུག བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་སློབ་གྲྭར་འབྱོར་བཞིན་པ། ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་ ༤༧ འཛིན་བཟུང་། ཁྲོམ་ར་རིག་པའི་དུས་རབས་ཀྱི་ནང་ཆོས་འཆད་སྤེལ། Monday 01/03/2021 China makes it border pass mandatory to enter and exit Metok UN rights chief slams China for restricting civil rights in the name of national security Xi Jinping says China has a legal problem: finding lawyers to defend its interests abroad Westminster to Indian Embassy: group of Tibetans in London express support to Tenzin Tsundue Back to School: students begin to arrive as TCV resumes school 47 Hong Kong activists charged with subversion Promoting Buddhism in the Age of Marketing: Workshop by ITBSI

རྒྱ་ནག་གིས་མེ་ཏོག་རྫོང་ཁོངས་སུ་འགྲོ་སྐྱོད་ལ་ཞིབ་བཤེར་བྱེད་འགོ་བཙུགས་འདུག

རྒྱ་ནག་གཞུང་གིས་དེ་རིང་ཟླ་བ་ ༣ པའི་ཚེས་ ༡ ནས་བཟུང་བོད་ཀྱི་མཐའ་མཚམས་སུ་ཁེལ་བའི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཁོངས་ཀྱི་ཟམ་ཆེན་གྱི་ཁ་རུ་ཕྱིར་སྐྱོད་དང་ནང་འཛུལ་བྱེད་མཁན་རྣམས་ཀྱི་འགྲོ་སྐྱོད་ཀྱི་ཡིག་ཆ་དང་། དེ་བཞིན་ཐོབ་ཐང་ལག་ཁྱེར་སོགས་ལ་ཞིབ་བཤེར་བྱེད་འགོ་བཙུགས་འདུགདེའང་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་དུ་། ཉིང་ཁྲིའི་མཐའ་མཚམས་དོ་དམ་རུ་ཁག་གི་བརྡ་ཁྱབ་ནང་དུ་ཉིང་ཁྲི་ས་ཁུལ་གྱི་མེ་ཏོག་རྫོང་ནི་རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དོ་དམ་ཁྱབ་ཁོངས་འོག་ཚུད་ཀྱི་ཡོད་སྟབས། ཁུལ་དེའི་མཐའ་མཚམས་ཁུལ་དུ་མི་མང་ནང་འཛུལ་དང་ཕྱིར་ཐོན་བྱེད་མཁན་རྣམས་ཀྱིས་ངེས་བར་དུ་རྒྱ་ནག་གི་མཐའ་མཚམས་དོ་དམ་གྱི་སྒྲིག་གཞིར་སྲུང་བརྩི་ཞུས་ཏེ་འབྲེལ་ཡོད་ཀྱི་དགོས་ངེས་ཡིག་ཆ་རྣམས་མཁོ་སྤྲོད་བརྒྱུད་འགག་སྒོ་བརྒལ་དགོས་བར་འཁོད་འདུག དགོས་ངེས་ཀྱི་ཡིག་ཆའི་ཁོངས་སུ་མཐའ་མཚམས་དོ་དམ་ཁུལ་དུ་ཁྱིམ་ཐོ་ཡོད་པའི་མི་སྣ་དང་། ངེས་པར་དུ་རང་ཉིད་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཡོད་དགོས་བ། ཡང་ན་ཁྱིམ་ཐོ་འཁོད་སའི་རྒྱ་ནག་མི་དམངས་སྲིད་གཞུང་ངམ་སྤྱི་བདེ་ལས་ཁུངས་ཀྱིས་སྤྲད་པའི་དཔང་ཡིག་དང་དེ་དག་གི་སྟེང་དུ། རང་ཉིད་ཀྱི་ཉེ་ཆར་གྱི་འདྲ་པར་ཐོག་གཞུང་འབྲེལ་ཐམ་རྟགས་འཁོད་པ་སོགས་དགོས་བར་འཁོད་འདུག ཁྱིམ་ཐོ་མཐའ་མཚམས་དོ་དམ་ཁུལ་དུ་མེད་མཁན་གྱིས་ངེས་པར་དུ་མཐའ་མཚམས་ཀྱི་ལམ་ཡིག་དང་རྒྱ་ནག་གི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་འཁྱེར་དགོས་དང་།  ས་གནས་དེ་གའི་མཐའ་མཚམས་དོ་དམ་ཁུལ་གྱི་གནས་སྡོད་ལག་ཁྱེར་ལ་དེབ་སྐྱེལ་བྱས་ཟིན་པ་རྣམས་ཀྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་གནས་སྡོད་ལག་ཁྱེར་འཁྱེར་ཏེ་མཐའ་མཚམས་དོ་དམ་ཁུལ་ནས་འགྲོ་འོང་བྱ་ཐུབ་པར་འཁོད་འདུག གཞན་ཡང་དམིགས་བསལ་གྱི་ཆ་རྐྱེན་ཡོད་ཁག་ཅིག་ནི། ས་གནས་དེར་སྡོད་མཁན་མིན་ན་ཡང་། རྒྱ་ནག་གི་མི་དམངས་བཅིངས་འགྲོལ་དམག་དང་རྒྱ་ནག་གི་དྲག་ཆས་ཉེན་རྟོག་དམག་མི་ཡིན་ཚེ། དམག་ཁུལ་གྱི་དཔང་ཡིག་ཡོད་ཚེ་མཐའ་མཚམས་ཁུལ་དུ་འགྲོ་སྐྱོད་བྱེད་ཆོག་པར་གསལ་འདུག མཐའ་མཚམས་ཁུལ་དུ་འགྲོ་འོང་བྱེད་མཁན་གྱི་དོ་དམ་ལས་བྱེད་དང་དམག་མིའི་གཉེན་འབྲེལ་རྣམས་ཀྱིས་དོ་དམ་སྡེ་ཁུལ་གྱིས་སྤྲད་པའི་དཔང་ཡིག་འཁྱེར་ནས་འགྲོ་སྐྱོད་བྱེད་དགོས་བ་དང་།  རྒྱ་ནག་གི་མི་སེར་གྱི་ལག་འཁྱེར་ཡོད་པ་གང་ཞིག་ལ། རྒྱ་ནག་གི་ཕྱི་ལོག་ཏུ་སྡོད་མཁན་གྱི་བོད་མི་དང་ཧོང་ཀོང་གི་མི། དེ་བཞིན་ཨོ་མན་སོགས་ཀྱི་མི་སེར་རྣམས་མཐའ་མཚམས་སུ་སྐྱོད་སྐབས་ངེས་བར་དུ་མཐའ་མཚམས་སུ་འགྲོ་སྐྱོད་ཆོག་པའི་ལམ་ཡིག་འཁྱེར་དགོས་བ་དང་། དེ་བཞིན་ཐེ་ཝན་གྱི་མི་སེར་རྣམས་མཐའ་མཚམས་ཀྱི་ཁུལ་དུ་སྐྱོད་སྐབས་ངེས་བར་དུ་ཐེ་ཝན་སྐམ་ས་ཆེན་པོར་འགྲོ་འོང་བྱེད་པའི་ལམ་ཡིག་དང་བོད་དུ་འགྲོ་སྐྱོད་ཆོག་པའི་གཏན་སྡོད་ཀྱི་ཡི་གེ་སོགས་དགོས་བར་འཁོད་འདུག གཞི་རྩའི་རྒྱ་ནག་གིས་ལོ་ངོ་ཁ་ཤས་ཀྱི་སྔོན་ནས་བཟུང་བོད་མཐོ་སྒང་གི་མཐའ་མཚམས་ཁག་ཏུ་གྲོང་ཚོ་གསར་རྒྱག་དང་དམག་སྡེ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་ཀྱིས།  རྒྱ་ནག་རྒྱལ་ཁབ་བརྟན་བརླིང་དགོས་ན་བོད་ཀྱི་མཐའ་མཚམས་ཁག་ཏུ་སྲུང་སྐྱོབ་བྱེད་དགོས་བའི་བླངས་བྱ་རིམ་པ་བཏོིན་དེ་བོད་ཁུལ་གྱི་མཐའ་མཚམས་ཁག་ཏུ་གྲོང་ཚོ་མང་པོ་གསར་དུ་འཛུགས་སྐྲུན་གྱིས་བོད་མི་རྣམས་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་བཞིན་ཡོད་པ་ལྟར། ད་ཆ་བོད་རང་གི་མཐའ་མཚམས་ཁག་ཏུ་བོད་ཀྱི་ཡུལ་མི་རྣམས་འགྲོ་ཡོང་བྱེད་རྒྱུར་ཡང་དམ་དྲག་གིས་ས་གནས་ཀྱི་མི་མང་ལ་ཡང་འགྲོ་སྐྱོད་ཆོག་པའི་ཡིག་ཆ་དང་ལམ་ཡིག་སོགས་དགོས་བའི་ཁྲིམས་སྒྲིག་ལག་བསྟར་བྱེད་འགོ་བཙུགས་འདུག  

ནད་ཡམས་དང་རྒྱལ་ཁབ་བདེ་འཇགས་ལ་ཁ་གཡར་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ།

སུད་སི་གྲོང་ཁྱེར་ཇི་ནི་ཝར་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཐེངས་ ༤༦ ཐོག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོོབ་ཐང་གཙོ་འཛིན་ Michelle Bachelet མཆོག་གིས་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་དང་ཏོག་དབྱིབས་ནད་ཡམས་ཀྱི་མིང་བྱང་འོག་ཁུལ་དེའི་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་མི་མང་གི་རང་དབང་རྡོག་རོལ་མུ་མཐུད་གཏོང་བཞིན་འདུག་ཅེས་གསུངས་འདུགཟླ་བ་འདིའི་ཕྱི་ཚེས་ ༢༦ ཉིན་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་དུས་ཐོག འཛམ་གླིང་ཡུལ་གྲུ་ཁག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གཏམ་བཤད་སྤེལ་བའི་སྐབས་རྒྱ་ནག་གི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་ད་ལྟའི་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་དང་ནད་ཡམས་ཀྱི་མིང་བྱང་འོག་ཁུལ་དེའི་ལས་འགུལ་བ་དང་ཁྲིམས་རྩོད་པ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན། དེ་བཞིན་འབྲེལ་ཡོད་ཕྱི་རྒྱལ་མི་རིགས་བཅས་ལ་ཉེས་མེད་ཉེས་འཛུགས་ཀྱིས་བཀག་ཉར་དང་། དྲང་བདེན་མེད་པའི་ཁྲིམས་གཤེར་བྱེད་བཞིན་པ་བཅས་ནི་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྡོག་རོལ་བཏང་བ་ཞིག་ཡིན་པར་བསྐྱར་ནན་གྱིས་གསུངས་འདུག ལྷག་པར་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་དང་ཤར་ཏུར་ཀིས་ཐན་ནང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རང་དབང་ལྡན་པའི་དཔྱད་ཞིབ་བྱེད་དགོས་པར་མ་ཟད། རྒྱལ་ཚོགས་ལ་གཞུང་སྒེར་ཚོགས་སྡེ་ཁག་གིས་རྒྱ་གཞུང་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཉེས་འཛུགས་བྱས་ཁག་ཐོག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལས་ཁུངས་ཀྱི་ངོས་ནས་མུ་མཐུད་ཞིབ་དཔྱད་གནང་བཞིན་ཡོད་ཅེས་གསུངས་འདུག་པ་དང་། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་རྒྱ་ནག་ཏུ་ཆེད་ཕེབས་གནང་རྒྱུའི་ཐད་རྒྱ་ནག་ཕྱོགས་གཅིག་གི་འདོད་མོས་ལྟར་མིན་པར་ཕྱོགས་གཉིས་ཀའི་གྲོས་མཐུན་འོག་ཕེབས་ཐུབ་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་ཡོད། དེ་དང་ཕྱོགས་མཚུངས་ཉིན་དེར་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་འཛམ་གླིང་ནང་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་ཐོག་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་འཕེལ་གླེང་མོལ་གྱི་ལས་རིམ་ཐོག་འཇར་མ་ནིའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ Kia Mueller ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་ དབུལ་སྒྲོལ་འགག་སྒྲོལ་ཞེས་པའི་མིང་བྱང་འོག་ད་ཆ་བོད་མིའི་ངོ་བོ་དང་རིག་གཞུང་རྩ་མེད་གཏོང་ཆེད་གྲོང་གསེབ་ཁུལ་གྱི་མང་ཚོགས་རྣམས་དམག་སྦྱོང་ལྟེ་གནས་ཁང་དང་རྒྱ་ནག་ནང་གི་བཟོ་གྲྭ་ཁག་ཏུ་གཏོང་བཞིན་ཡོད་པར་མ་ཟད། ལྷག་པར་དུ་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་ནི་རྗེས་ལུས་དང་བོད་མི་རིགས་ནི་འཇོན་ཐང་མེད་པར་ངོས་འཛིན་གྱིས་བོད་མིར་མཐོང་ཆུང་ཁྱད་གསོད་བྱེད་བཞིན་པའི་གནད་དོན་ནི་ཁས་ལེན་བྱེད་ཐབ་བྲལ་བ་ཞིག་ཡིན་པར་གསུངས་འདུག དེ་བཞིན་རྒྱལ་ཚོགས་ཀྱི་ངོས་ནས་དབུལ་ཕོངས་དཀའ་ངལ་སེལ་ཐབས་ཐོག་གླེང་མོལ་གནང་སྐབས་འབྲེལ་ཡོད་ཚོས་ངེས་པར་དུ་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང། འཚོ་བ་དང་རིག་གཞུང་། གོམས་གཤིས་བཅས་ཀྱི་ཐོག་གུས་བརྩི་བྱེད་དགོས་པ་ལས་མང་ཚོགས་ཀྱི་འདོད་བློ་དང་མི་མཐུན་པར་བཙན་དབང་གིས་བྱ་སྤྱོད་སྤེལ་བཞིན་པ་ནི་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་དང་མཐུན་གྱི་མེད་པ་སོགས་འགྲེལ་བརྗོད་གནང་སྟེ་རྒྱལ་ཚོགས་ལ་རྒྱ་ནག་གཞུང་གིས་བོད་ནང་དུ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར་སྙན་སེང་ཞུས་འདུག

བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་སློབ་གྲྭར་འབྱོར་བཞིན་པ།

ཉེ་ལམ་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་ཡིག་ཚང་གིས་དེ་རིང་ནས་བཟུང་ཟླ་དུས་ཚེས་གྲངས་རིམ་པར་གཏན་འབེབས་ཀྱིས་སློབ་མ་རྣམས་སློབ་གྲྭར་རིམ་འབྱོར་དགོས་པའི་གསལ་བསྒྲགས་གནང་གནང་བ་ལྟར་དེ་རིང་དངོས་སུ་སློབ་ཕྲུག་རྣམས་སློབ་གྲྭར་འབྱོར་བཞིན་འདུག   སྤྱིར་ད་ཆ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་བྱུང་ནས་ལོ་གཅིག་ལྷག་འགྲོ་མུས་ཁྲོད་འདིར་རྒྱ་གར་དབུས་ས་གཉིས་ཀྱིས་སློབ་གྲྭ་ཁག་ཚོགས་འཐུས་ཆོག་པའི་བཀོད་ཁྱབ་གནང་ཡོད་པ་ལྟར་བོད་ཕྲུག་ཁྱིམ་སྡེས་དེ་རིང་འཛིན་རིམ་ལྔ་པ་དང་བརྒྱད་པ། བཅུ་པ་དང་བཅུ་གཉིས་ཀྱི་སློབ་མ་རྣམས་གསར་ཞུགས་ཚོ་སློབ་གྲྭར་འབྱོར་དགོས་པ་དང་། ཕྱི་ཚེས་ ༡༡ ཉིན་འཛིན་རིམ་དྲུག་པ་དང་དགུ་པའི་སློབ་ཕྲུག དེ་བཞིན་ཕྱི་ཚེས་ ༢༢ ཉིན་འཛིན་རིམ་བཞི་པ་མན་གྱི་སློབ་མ་རྣམས་སློབ་གྲྭར་འབྱོར་དགོས་པ། སློབ་གྲྭར་འབྱོར་ཚེ་བདུན་ཕྲག་གཅིག་གི་རིང་འགོག་དབྱེ་ཟུར་འཇོག་དུ་བཞུགས་དགོས་པའི་བཀོད་ཁྱབ་གནང་ཡོད་པ་རེད།བཀོད་ཁྱབ་གཞིར་བཟུང་དེ་རིང་དྷ་སྟེང་བོད་ཁྱིམ་དུ་འཛིན་རིམ་ལྔ་པ་དང་བརྒྱད་པ། བཅུ་པ་དང་བཅུ་གཉིས་ཀྱི་གསར་ཞུགས་སློབ་མ་རྣམས་སློབ་གྲྭར་འབྱོར་བཞིན་པ་དང་བསྟུན་སློབ་གྲྭའི་ལས་བྱེད་ཚོས་སློབ་ཕྲུག་རྣམས་ཀྱི་ཅ་དངོས་ལ་དུག་སེལ་དང་རྒྱལ་སྒོར་ཚ་བ་ཡོད་མེད་བརྟག་དཔྱད་སོགས་གནང་གི་འདུག གཞི་རྩའི་སློབ་གྲྭའི་བཀོད་ཁྱབ་ལམ་སྟོན་ལ་གཞིགས་ན། ཕྲུ་གུ་རྣམས་སློབ་གྲྭར་བསྐྱོད་པར་ཕ་མའི་ངོས་ནས་མོས་མཐུན་ཡོད་པའི་ངོས་སྦྱོར་འགན་ཡིག་དང་ཏོག་དབྱིབས་གཉན་རིམས་ ༡༩ བརྟག་དཔྱད་གནང་བའི་ངོས་འབྱོར། འཛིན་རིམ་དགུ་པ་ཡན་གྱི་སློབ་མ་རྣམས་ནས་ལག་ཐོགས་ཁ་པར་སོགས་མཉམ་འཁྱེར་ཆོག་པར་མ་ཟད་ཁ་པར་སོགས་བེད་སྤྱོད་གཏོང་ཕྱོགས་ཐད་སློབ་གྲྭའི་འབྲེལ་ཡོད་ཚོས་སྟངས་འཛིན་དམ་དོན་གནང་རྒྱུ་དང་། སླད་མར་རྒྱ་གར་དབུས་ས་གཉིས་ནས་བཀོད་ཁྱབ་དང་སློབ་གྲྭ་ཚོགས་མ་ཐུབ་པའི་གནས་སྟངས་འབྱུང་ཚེ་སྐབས་དང་དུས་ལ་ཕ་མར་འབྲེལ་བ་གནང་རྒྱུ་ཡིན་པ་བཅས་འཁོད་འདུག སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གིས་སློབ་སྡེ་སོ་སོའི་འགན་འཛིན་ནས་ས་གནས་ཀྱི་གནས་བབ་དང་ལམ་སྟོན་ལ་གཞིགས་ནས་སློབ་གྲྭ་ཚོགས་འཐུས་ཀྱི་ལམ་སྟོན་གནང་བའི་ཁྲོད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་འཛིན་རིམ་དྲུག་པ་ནས་དགུ་པའི་སློབ་མ་རྣམས་ཟླ་ ༣ ཚེས་ ༡༥ ཉིན་ནས་འཛིན་གྲྭ་འཚོགས་རྒྱུ་དང་ཟླ་ ༤ ཚེས་ ༡ ཉིན་འཛིན་རིམ་དང་པོ་ནས་ལྔ་པ། དེ་བཞིན་སྔོན་འགྲོའི་འཛིན་གྲྭ་ཁག་ཟླ་ ༤ ཚེས་ ༡༥ ཉིན་འཚོགས་རྒྱུའི་གསལ་བསྒྲགས་གནང་ཡོད།མ་སུ་རི་བོད་ཁྱིམ་ལྟ་བུར་མཚོན་ན་ད་ལྟའི་ཆར་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་ཡིག་རྒྱུགས་ནང་ཞུགས་དགོས་སྟབས་དེ་དག་གི་སློབ་མ་རྣམས་འབྱོར་བཞིན་པ་དང་། དེ་མིན་གྱི་འཛིན་གྲྭ་གཞན་རྣམས་རྗེས་སུ་འཚོགས་རྒྱུ་ཡིན་སྐོར་གསུངས་སོང་།

Latest news