Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2021

རེས་གཟའ་ཕུར་བུ། ༢༠༢༡།༠༣།༠༤

ཉན་པ།: Listen ཕབ་ལེན། Download ས་གནས་གཞུང་ནས་༸གོང་ས་མཆོག་ལ་དམིགས་བསལ་གྱི་སྔོན་ཁབ་བརྒྱབ་རྒྱུའི་མཐུན་རྐྱེན་སྦྱར་རྒྱུ། བོད་མི་ན་གཞོན་གསུམ་འཛིན་བཟུང་བྱས་པའི་ཁྲོད་ནས་གཅིག་གི་རྐང་པ་གཉིས་ཆ་བཅག་པ། བོད་དང་སི་རི་ཡ་གཉིས་འགྲོ་བ་མིའི་རང་དབང་ཆེས་ཞན་ཤོས་ཡིན་པར་མངོན་གསལ། རྒྱལ་སྤྱིའི་ཁྲོད་ ༢༠༢༢ ལོའི་ཨོ་རྩེད་དང་འབྲེལ་ནས་ལབ་གླེང་ཆེས་ཆེར་གནང་མུས། གཉན་རིམས་སྔོན་ཁབ་བརྒྱབ་ཟིན་ཡང་སྔོན་འགོག་ལམ་སྟོན་ཁག་མུ་མཐུད་གནང་དགོས། སྦེང་ལོར་ནང་གི་མཐོ་སློབ་ཀྱི་སློབ་མ་ཞིག་ལ་མངའ་སྡེའི་ཡིག་རྒྱུགས་ཁྲོད་རྩེ་སོན། Thursday 04/03/2021 Modalities being worked out for Dalai Lama's COVID-19 vaccination: Kangra authorities Three Tibetan teens missing and one hospitalised by police for creating text chat group Freedom House: Tibet ties Syria as world’s least free Critics question China’s right to host Winter Olympics Covid-19: Vaccinated Tibetans urged not to let their guard down Tibetan girl listed in State Rank holders of RGUHS, Karanataka

༸གོང་ས་མཆོག་ལ་ཏོག་དབྱིབས་སྔོན་ཁབ་བརྒྱབ་རྒྱུའི་དམིགས་བསལ་མཐུན་རྐྱེན་སྦྱར་རྒྱུ་ཡིན་ཞེས་གསུངས་འདུག

ཧི་མཱ་ཅལ་ཀངྒ་རཱ་ས་གནས་གཞུང་གི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཏོག་དབྱིབས་གཉན་རིམས་ ༡༩ པའི་སྔོན་ཁབ་བརྒྱབ་རྒྱུ་ཐད་དམིགས་བསལ་མཐུན་རྐྱེན་སྦྱར་རྒྱུ་རེད་འདུགབོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་དབུས་དང་ཀངྒ་རཱ་རྫོང་གི་སྤྱི་ཁྱབ་སྨན་པ་འགན་འཛིན་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་སྐུ་འཁོར་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་བརྒྱབ་གནང་རྒྱུར་དམིགས་བསལ་མཐུན་རྐྱེན་སྦྱར་རྒྱུ་དང་བོད་མི་ཡོངས་ལ་སྔོན་ཁབ་བརྒྱབ་རྒྱུའི་འབོད་སྐུལ་ཞུས་དོན་ལྟར་ཀངྒ་རཱ་རྫོང་དཔོན་སྐུ་ཞབས་ Rakesh Prajapati མཆོག་གིས་སྤྱིར་དམིགས་བསལ་གྱི་ཆོག་མཆན་དགོས་ཀྱི་མེད་ཀྱང་།  ལོ་ན་ ༦༠ ཡན་ཚང་མར་སྔོན་ཁབ་བརྒྱབ་ཀྱི་ཡོད་པ་བཞིན་༸གོང་ས་མཆོག་ལ་དམིགས་བསལ་གྱི་སྔོན་ཁབ་བརྒྱབ་རྒྱུའི་མཐུན་རྐྱེན་སྦྱར་རྒྱུ་ཡིན་ཞེས་གསུངས་འདུག དེ་བཞིན་ཀངྒ་རཱ་རྫོང་གི་སྤྱི་ཁྱབ་སྨན་པ་འགན་འཛིན་སྐུ་ཞབས་ Gurdarshan Gupta ལགས་ཀྱིས་ང་ཚོས་༸གོང་ས་མཆོག་ལ་༸སྐུའི་ཕོ་བྲང་དུ་སྔོན་ཁབ་བརྒྱབ་རྒྱུའི་ཐད་དམིགས་བསལ་མཐུན་རྐྱེན་བསྐྲུན་རྒྱུར་དགོངས་པ་བཞེས་ཀྱི་ཡོད་ཅེས་གསུངས་འདུག གཞི་རྩའི་རྒྱ་གར་ནང་ཏོག་དབྱིབས་སྔོན་ཁབ་ཐོག་མར་སྨན་པ་དང་སྨན་ཞབས་པ།  དེ་བཞིན་མདུན་བསྐྱོད་ཞབས་ཞུ་བ་ལ་བརྒྱབ་ཡོད་པ་དང་། བདུན་ཕྲག་སྔ་མའི་གྲངས་ཐོར་གཞིགས་ན་ད་བར་ཁྱོན་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ནང་མདུན་བསྐྱོད་ཕྱག་ལས་གནང་མཁན་མི་གྲངས་བསྡོམས་ ༤༠༦ ཙམ་ལ་རྒྱ་གར་གཞུང་གི་མཐུན་འགྱུར་འོག་སྔོན་འགོག་སྨན་ཁབ་བརྒྱབ་ཐུབ་པ་བྱུང་ཡོད་པ་རེད། སྔོན་ཁབ་རིམ་པ་གཉིས་པ་དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡  ནས་མི་ལོ་ན་ ༦༠ ཡན་དང་དེ་བཞིན་ལོ་ན་ ༤༥ ཡན་གང་ཞིག་ལ་ཁྲག་ཤེད་དང་གཅིན་སྙི་སོགས་བླ་གཉན་གྱི་ནད་གཞི་ཡོད་པ་ཚོར་བརྒྱབ་རྒྱུ་དབུ་འཛུགས་གནང་ཡོད་པ་རེད།  དེའི་ཁྲོད་ཁ་ས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ལོ་ན་ ༦༠ ཡན་གྱི་དགེ་འདུན་པ་དང་བཙུན་མ་ ༨༢ དང་མན་སྤར་ཕན་བདེ་གླིང་དང་གཞན་ས་ཁུལ་ཁག་གི་ལོ་ན་བགྲེས་པ་ཚོར་ཏོག་དབྱིབས་སྔོན་ཁབ་བརྒྱབ་འདུག

བོད་མི་ན་གཞོན་གསུམ་འཛིན་བཟུང་བྱས་པའི་ཁྲོད་ནས་གཅིག་གི་རྐང་པ་གཉིས་ཆ་བཅག་འདུག

ཉེ་ཆར་ཟླ་བ་སྔོན་མའི་ཚེས་ ༡༧ ཉིན་གྱི་མཚན་མོར།   བོད་མཚོ་སྔོན་ཞིང་ཆེན་གྱི་ཡ་གྱལ། དགའ་སྐྱེ་དགུ་མདོ་ཡི་ཁྲི་འདུ་རྫོང་སྡོམ་མདའ་ཡུལ་ཚོའི་ཉེན་རྟོག་ལས་ཁུངས་ཀྱིས།   ལོ་གསར་གྱི་སྐབས་ལ་དམིགས་ནས་ཆེད་དུ་བཟོས་པའི་རྫ་རི་དཀར་མོའི་དགོང་ཚོགས་ཟེར་བའི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་ཀན་སྲི་དང་མཐོ་རིམ་སློབ་མ་སངས་རྒྱས་མཚོ། དགྲ་འདུལ་བཅས་སྡོམ་མདའ་ནས་འཇུ་བཟུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་ནའང་།  ཉིན་འགའི་རྗེས་སུ་དགྲ་འདུལ་ལགས་ལ་བཙོན་ཁང་དུ་གཅར་རྡུང་བྱས་ནས་རྐང་ལག་གཉིས་ཆ་བཅག་ནས་སྨན་ཁང་དུ་བསྐྱལ་ཡོད་པའི་གནས་ཚུལ་ཕྱི་ལོ་ཐོན་ཡོད་པ་རེད།

བོད་དང་སི་རི་ཡ་གཉིས་འགྲོ་བ་མིའི་རང་དབང་གི་གནས་བབས་ཆེས་ཞན་ཤོས་ལ་མངོན་གསལ།

ཨ་རིའི་ནང་རྟེན་གཞི་བྱས་པའི་ Freedom House འམ་རང་དབང་ཁང་པ་ཞེས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ ཕྱི་ལོ་ ༢༠༢༠ ལོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ལ་ཞིབ་འཇུག་མཐིལ་ཕྱིན་གནང་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་བར་བོད་ནི་འཛམ་གླིང་སྟེང་རང་དབང་གི་གནས་བབ་ཆེས་ཞན་ཤོས་ཡིན་པར་མངོན་གསལ་གནང་འདུག་པ་མ་ཟད། སྔ་ལོར་ Syria ནང་གི་གནས་སྟངས་རྒྱལ་སྤྱིའི་ཁྲོད་ཆེས་ཞན་ཤོས་དང་དེའི་རྗེས་སུ་བོད་ཆགས་ཀྱི་ཡོད་ཀྱང་འདི་ལོ་བོད་ཀྱི་གནས་སྟངས་དེ་ Syria དང་འདྲ་བའི་རང་དབང་ཆེས་དམའ་ཤོས་ཡིན་པར་ཆེད་བཀོད་གནང་འདུགདེ་ཡང་ཕྱི་ལོ་ ༢༠༢༡ ལོའི་རང་དབང་ཁང་པས་སྙན་ཐོར་གཞིགས་ན། འཛམ་གླིང་རྒྱལ་ཁབ་ཁག་གི་ཁྲོད་རང་དབང་གི་གནས་བབས་ལས་ བོད་ཀྱི་རང་དབང་གི་གྲངས་ཚད་ནི་བརྒྱ་ནས་གཅིག་དང་སི་རི་ཡའི་རང་དབང་གི་གྲངས་ཚད་ནི་ཀླད་ཀོར་ནས་གཅིག་ཆགས་ཡོད་པས་བོད་ཀྱི་རང་དབང་དེ་ Syria ནང་གི་གནས་སྟངས་དང་གཅིག་མཚུངས་ཡིན་པར་བཀོད་འདུག དེའི་ནང་གསལ་ཆབ་སྲིད་ཀྱི་རང་དབང་ཚད་གཞི་བརྒྱ་ཆ་ ༤༠ ནས་བོད་ལ་ཀླད་ཀོར་འོག་-༢ ཞེས་ བཀོད་འདུག་པ་དང་། སྤྱི་དམངས་ཐོབ་ཐང་ཁྲོད་ཚད་གཞི་གྲངས་ ༦༠ ནས་བོད་ནང་ལ་རང་དབང་གི་ཚད་གཞི་ ༣ མ་གཏོགས་མེད་པར་མངོན་གསལ་གནང་ཡོད། ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་རང་དབང་ཁང་པའི་སྙན་ཐོ་ནང་དུ་བོད་དེ་རང་དབང་རྩ་བ་ནས་མེད་པའི་ས་ཁུལ་ནང་དུ་མིང་འདོན་གནང་བ་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཅན་དུ་གྱུར་པ་སྟོན་གྱི་ཡོད་སྐོར་གསུངས་པ་དང་འབྲེལ། དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ཀྱི་གནད་དོན་ཐོག་ཤུགས་སྣོན་རྒྱག་དགོས་པའི་དྲན་སྐུལ་གནང་བ་ཞིག་ཡིན་པར་གསུངས་འདུག དེ་བཞིན་རྒྱ་ནག་གི་ནང་དུ་དྲ་རྒྱ་སྔོག་བཤེར་རང་དབང་དང་དྲ་རྒྱའི་ཐོག་གནས་ཚུལ་ལྟ་གློག་གི་རང་དབང། དྲ་རྒྱ་བཀོལ་སྤྱོད་གནང་མཁན་རྣམས་ཀྱི་ཐོབ་ཐང་ལ་བརྩི་སྲུང་ཞུ་རྒྱུ་བཅས་ཀྱི་ཐོག་ནས་བརྒྱ་ཆ་ནས་རང་དབང་གི་གནས་ཚད་ཀྱི་བརྒྱ་ཆ་ ༡༠ མ་གཏོགས་རག་མེད་པར་མ་ཟད་མང་གཙོའི་གནས་སྟངས་ཀྱི་ཐོ་གཞུང་ཁྲོད་རྒྱ་ནག་གི་མིང་བསྐྱར་བཀོད་གནང་མི་འདུག རྒྱ་ནག་གཞུང་གི་ངོས་ནས་འདས་པའི་ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱེས་ཐབས་གཙོས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་འདེམས་ཕྱོགས་ལ་སྟངས་འཛིན་བྱེད་བཞིན་པ་དང་བོད་ནང་གི་ཞིང་འབྲོག་མང་ཚོགས་ཀྱི་ས་ཞིང་བཙན་འཕྲོག་གིས་བོད་མི་ཕོན་ཆེ་ཞིག་བཙན་དབང་གིས་ངལ་རྩཔལ་བསྒྱུར་བཀོད་ཀྱི་ར་བར་འཇོག་བཞིན་པ་དང་། དེ་བཞིན་བོད་ཀྱི་སློབ་གྲྭ་ཁག་གི་ནང་དུ་བོད་ཡིག་ལས་རྒྱ་ཡིག་གཙོ་བཟུང་གིས་བོད་ཡིག་རྩ་མེད་གཏོང་ཐབས་བྱེད་མུས་ཁར་བོད་མིའི་ཐོག་ལྟ་སྲུང་སྔར་ལྷག་བྱེད་བཞིན་ཡོད་པར་མངོན་གསལ་དང་སྦྲགས། བཙོན་འཇུག་འོག་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བཞིན་ཡོད་པ་ལྟར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱིས་ད་བར་བོད་ནང་བོད་མི་ ༡༥༥ ཙམ་ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་ཡོད་ཀྱང་། བོད་ནང་གི་གནས་སྟངས་ལོ་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་སྐོར་བོད་མི་དང་རྒྱལ་སྤྱིའི་སྙན་ཐོ་རིམ་ཁག་གིས་ཆེས་མངོན་གསལ་གནང་ཡོད། ཉེ་ཆར་ Foreign Correspondent Club of China ཞེས་རྒྱ་ནག་ཏུ་ཕྱག་ལས་གནང་བཞིན་པའི་ཕྱིའི་རྒྱལ་ཁབ་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་སྙན་ཐོ་འདོན་སྤེལ་གནང་བར་སྔ་ལོ་ ༢༠༢༠ ལོར་རྒྱ་གཞུང་གིས་ཡུལ་དེར་ཕྱག་ལས་གནང་བཞིན་པའི་ཕྱིའི་གསར་འགོད་པ་དང་གསར་ཁང་ཁག་གི་ཐོག་དམ་དྲག་ཆེས་ཆེར་བྱས་ཡོད་པར་མ་ཟད་ལྷག་པར་དུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལ་ཁ་གཡར་ནས་གསར་འགོད་པར་སུན་གཙེར་དང་མཐོང་མཆན་མ་སྤྲད་སོགས་ཀྱི་གནད་དོན་མང་དག་ཅིག་གི་ཐོག་ནས་དམ་དྲག་ཤུགས་སྔར་ལྷག་བྱེད་བཞིན་ཡོད་པ་གསུངས་ཡོད།

རྒྱལ་སྤྱིའི་ཁྲོད་ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩེད་དང་འབྲེལ་ནས་ལབ་གླེང་ཆེས་ཆེར་གནང་བཞིན་པ།

ཨ་རི་དང་ཁེ་ན་ཌ།་དེ་བཞིན་ཉེ་ཆར་ནི་ཐར་ལན་ཌི་བཅས་ཀྱིས་གཞུང་འབྲེལ་སྒོ་ནས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་གཉེར་བཞིན་པའི་བྱ་སྤྱོད་དེ་དག་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་ཡིན་པར་འགྲེལ་བརྗོད་སྔ་རྗེས་སུ་གནང་བའི་ཁྲོད། ཨོ་ལམ་པིག་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་ཡོ་རོབ་དང་ཨ་རི། ཁེ་ན་ཌའི་གྲོ་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་གཞུང་གིས་ཡུ་གུར་ས་ཡ་མང་པོར་སྡུག་སྦྱོང་ཚད་མེད་བཏང་དང་གཏོང་བཞིན་པར་བརྟེན་ ༢༠༢༢ ལོའི་དགུན་དུས་ཀྱི་ཨ་རྩེད་འགྲན་ཚོགས་དེ་རྒྱ་ནག་ནས་ཕྱིར་འཐེན་གྱིས་རྒྱལ་ཁབ་གཞན་ནང་སྐོང་ཚོགས་གནང་དགོས་པའི་ཞུ་སྐུལ་རིམ་པ་གནང་བཞིན་ཡོད་པ་རེད།ཨ་རིར་རྟེན་གཞི་བྱས་པའི་ Politico ཞེས་པའི་གསར་ཁང་གི་བཅར་འདྲིའི་ཐོག་ནི་ཐར་ལན་ཌིའི་གྲོས་ཚོགས་འཐུས་མི་ Sjoerd Sjoerdsma ལགས་ཀྱིས་ཡུ་གུར་མི་རིགས་བཀག་སྐྱིལ་བྱ་ཡུལ་དེ་དམག་ཆེན་གཉིས་པའི་རྗེས་ཀྱི་བཀག་སྐྱིལ་ཁང་ཆེ་ཤོས་དེ་ཆགས་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་བེུད་རྣམས་ལ་བཙན་གཡེམ་དང་སྐྱེ་སྒོ་བཀག་རྒྱུ་སོགས་ཀྱི་བྱ་ངན་མུ་མཐུད་སྤེལ་བཞིན་པའི་དཔང་རྟགས་གསལ་པོ་ཡོད་སྟབས། ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་དེ་རྒྱ་ནག་གྱི་རྒྱལ་ས་པེ་ཅིང་དུ་འཚོགས་རྒྱུ་ཡིན་པ་ལས་འཕྲལ་མར་ཕྱིར་འཐེན་གནང་དགོས་སྐོར་སོགས་གསུངས་འདུག་པ་དང་སྦྲགས། རྒྱལ་སྤྱིའི་རྩེད་རིགས་ལྷན་ཚོགས་སུ་འདྲ་ཞིག་ནས་ཨོ་རྩེད་དང་རྐང་སྤོལ་རྩེད་འགྲན་སོགས་གོ་སྒྲིག་གནང་སྐབས་གོ་སྒྲིག་གནང་ཡུལ་གྱི་རྒྱལ་ཁབ་དེར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སོགས་ལ་རྟོག་ཞིག་ནན་པོ་གནང་དགོས་གལ་ཡིན་པ་གསུངས་འདུགརྩ་བའི་འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བདུན་གྱིས་པེ་ཅིང་ཨོ་ལམ་སྤིག་རྩེད་འགྲན་དེ་ས་གནས་གཞན་དུ་གནས་སྤོ་གནང་དགོས་པའི་གཞེན་སྐུལ་གནང་བ་དང་། ཁེ་ན་ཌའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཀྱིས་ཀྱང་ཟླ་བ་དེའི་ཟླ་དཀྱིལ་དུ་དགོས་འདུན་དེ་སླར་ཆེད་འདོན་གནང་ཡོད་པ་རེད།Politico གསར་ཁང་གིས་ཨོ་ལམ་སྤིག་རྩེད་འགྲན་ཚོགས་ཡུལ་གྱི་རྒྱལ་ཁབ་ཞིག་གི་ཐོག་འདི་ལྟ་བུའི་གླེང་གཞི་བྱུང་བ་དེ་ད་རེས་ཐེངས་དང་པོ་ཆགས་ཀྱི་མེད་པ་དང་། དེ་སྔ་ ༡༩༣༦ ལོར་འཇར་མ་ནི་ཁུལ་དུ་རྩེད་འགྲན་དེ་ཚོགས་སྐབས་ཨ་རི་གཙོས་རྒྱལ་ཁབ་ཁག་ཅིག་ཕྱིར་འཐེན་གནང་བ་མ་ཟད། ཕྱི་ལོ་ ༡༩༨༠ ལོར་སྐབས་དེའི་ཨུ་རུ་སུའི་གཞུང་གིས་ Afghanistan ལ་དབང་སྒྱུར་བྱས་པར་བརྟེན་རྒྱལ་ས་ Moscow ཁུལ་གྱི་ཨོ་རྩེད་འགྲན་ཚོགས་ནས་ཕྱིར་འཐེན་གནང་ཡོད་པ་སོགས་ལུང་འདྲེན་གནང་བ་དང་འབྲེལ། པེ་ཅིང་གི་དགུན་དུས་ཨོ་ལམ་སྤིག་ལ་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དེས་རྩེད་འགྲན་དངོས་ཀྱི་ཐོག་ཤུགས་རྐྱེན་ཇི་འདྲ་ཞིག་ཐེབས་མིན་ད་ལྟ་བརྗོད་དཀའ་བའི་གནས་ལས་མ་འདས་ཀྱང་།དེ་སྔ་ ༢༠༠༨ ལོར་པེ་ཅིང་དུ་རྩེད་འགྲན་དེ་ཚོགས་སྐབས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་འབྲེལ་བོད་ས་ཁྱོན་ཡོངས་སུ་རྩེད་འགྲན་སྔ་སྣུར་གྱིས་ངོ་རྒོལ་ལས་འགུལ་ཆེས་ཆེར་སྤེལ་སྐོར་དྲན་སྐུལ་གནང་འདུགའོན་ཀྱང་ Netherlands གྱི་ Clingendael Institute ཞེས་པའི་ཉམས་ཞིབ་ཁང་དུ་རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་ TiesDams ཡིས་ཡུ་གུར་མི་རིགས་ཀྱི་གནད་དོན་རྐྱེན་གྱིས་ཐེངས་འདིའི་ཨོ་རྩེད་འགྲན་ཚོགས་ལ་དོ་ཕོག་འགྲོ་རྒྱུ་ནི་ཆེས་དཀའ་བ་ཞིག་ཡིན་སྐོར་གསུངས་པ་དང་ཆབས་ཅིག ནི་ཐར་ལན་ཌི་གྲོས་ཚོགས་ཀྱིས་འཇོག་པའི་གྲོས་ཆོད་སྟེ་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་ཀྱི་བྱ་འགུལ་བརྩམས་དང་རྩོམ་བཞིན་པའི་གྲོས་ཆོད་དེའི་རྐྱེན་གྱིས་ཡུལ་དེའི་གཞུང་གསར་པའི་ངོས་ནས་ཨ་རིའི་སྲིད་འཛིན་གསར་པ་ JoeBiden དང་ཁོང་གི་འཛིན་སྐྱོང་གི་ངོས་ནས་རྒྱ་གཞུང་ལ་ཁ་གཏད་གཅོག་རྒྱུའི་སྲིད་བྱུས་ལ་རྒྱབ་སྐྱོར་དང་ཡང་ན་འཇར་མ་ནིའི་བློན་ཆེན་དང་ཕ་རན་སིའི་སྲིད་འཛིན་ལྟར་བསྟུན་མཁས་བཅས་གང་གནང་མིན་འདམ་ག་ཞིག་བཟོ་ངེས་ཡིན་སྐོར་གསུང་འདུགGlobal Athlete ཞེས་པའི་རྩེད་འགྲན་ཚོགས་པའི་སྐུ་ཞབས་ Rob Koehler ལགས་ཀྱིས་ཨོ་ལམ་སྤིག་རྩེད་འགྲན་ལྷན་ཚོགས་ཀྱིས་ཐོག་མ་ཉིད་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཆེས་ཞན་པའི་རྒྱལ་ཁབ་ལ་གོ་སྐབས་གནང་ཡོད་སྟབས་དེས་རྩེད་འགྲན་པ་ཚོ་གང་གནང་མིན་དཀའ་བརྗོད་དཀའ་བའི་གནས་སུ་ལྷུང་ཡོད་སྐོར་གསུངས་འདུགསྤྱིར་འཛམ་གླིང་ཁྱོན་ཡོངས་ནས་སྐྱོན་བརྗོད་ཤུགས་ཆེ་གནང་བར་བརྟེན་ཟླ་བ་སྔོན་མར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པས་ཆབ་སྲིད་ཀྱི་གནད་དོན་ལ་ཁ་གཡར་ནས་ཨོ་རྩེད་འགྲན་ཚོགས་ལ་བར་ཆད་བཟོ་བ་ནི་འགན་མ་འཁུར་བའི་མཚོན་རྟགས་ཤིག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཀྱང་དེ་འབྲེལ་སྐྱོན་བརྗོད་གནང་མཁན་དག་ལ་རྒྱབ་སྐྱོར་མི་གནང་བའི་ཡིད་ཆེས་ཡོད་སྐོར་བཤད་པ་མ་ཟད། རྒྱ་ནག་གི་ཕྱི་སྲིད་སྲིད་བློན་ཆེན་ WangYi ཡིས་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་སྲིད་བྱུས་གཙོ་འཛིན་JosepBorrell ལགས་སུ་ཕྱོགས་གཉིས་ཀའི་ཁེ་ཕན་སླད་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་ལམ་སྤིག་རྩེད་འགྲན་དེ་གོ་སྐབས་ཤིག་ཡིན་པར་བཤད་ཡོད་པ་རེད།།

རེས་གཟའ་ལྷག་པ། ༢༠༢༡།༠༣།༠༣

ཉན་པ།: Listen ཕབ་ལེན། Download བོད་མིའི་ཆབ་སྲིད་བཙོན་པ་ཞིག་ལོ་དགུའི་བཙོན་འཇུག་རྗེས་གློད་གྲོལ་བཏང་འདུག གོམ་བགྲོད་ཀྱི་དགོས་འདུན་འགྲུབ་རྒྱུར་བོད་མི་མང་ཚོགས་ཀྱིས་མཉམ་ཞུགས་གནང་རོགས། འཇར་མན་གྱི་ནང་དུ་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་འཆར། རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྩིས་མེད་ཀྱིས་ཐེ་ཝན་ལ་འབྲེལ་ལམ་འཛུགས་རྒྱུའི་གྲོས་འཆར། རྒྱལ་ཚོགས་ཀྱི་གཙོ་འཛིན་ཤིན་ཅང་དུ་ཕེབས་སྐབས་ཕྱོགས་ལྷུང་གནང་རྒྱུ་མེད་པར་སྐུལ་འདུག ༸གོང་ས་མཆོག་གི་བཀའ་སློབ་ལས་རིམ། གཞིས་ལུས་བོད་མི་ན་གཞོན་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་དགོས་སྐོར། Wednesday 03/03/2021 Tibetan political prisoner released after 9 years of imprisonment March to Delhi reaches Karnal, activist reiterates call for fellow Tibetans’ participation Bremen to hoist Tibet Flag on March 10, more cities urged to join Bill introduced in US Congress to scrap 'one-China' policy China welcomes UN Rights Chief to visit Xinjiang but without political motive FEATURE: Dalai Lama speech on preservation of Tibetan language inside Tibet

བོད་མིའི་ཆབ་སྲིད་བཙོན་པ་ཞིག་ལོ་དགུའི་བཙོན་འཇུག་རྗེས་གློད་གྲོལ་བཏང་འདུག

བོད་མི་ཆབ་སྲིད་བཙོན་པ་གངས་བུ་རིག་རྒྱས་ཉི་མ་ལགས་རྒྱ་གཞུང་གི་བཙོན་ཁང་ནང་དུ་ལོ་དགུའི་བཙོན་འཇུག་རྗེས། ཉེ་ཆར་ཕྱི་ཟླ་ ༢ པའི་ཚེས་ ༢༥ ཉིན་གློད་གྲོལ་བཏང་འདུགདེ་ཡང་ Swiss ནང་དུ་བཅའ་བཞུགས་བོད་མི་ཆབ་སྲིད་བཙོན་ཟུར་མགོ་ལོགས་འཇིགས་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། བོད་བྲག་མགོ་རྫོང་གཙང་སྟོད་ཡུལ་ཚོ་ནས་ཡིན་པའི་གངས་བུ་རིག་རྒྱས་ཉི་མ་ལགས་ཉེ་ཆར་ཚེས་ ༢༥ ཉིན་བཙོན་གྲོལ་བཏང་འདུག་པ་དང་། གློད་གྲོལ་བཏང་བའི་སྐབས་སུ། རྒྱ་གཞུང་གིས་ཁོང་གི་གཉེན་ཉེ་འབྲེལ་སོགས་ཀྱིས་ཁོང་བསུ་མ་བྱེད་མི་ཆོག་པ་མ་ཟད། ཁོང་བཙོན་གྲོལ་ཐོབ་པའི་རྗེས་སུ། མི་མང་འདུ་འཛོམས་དང་། བསང་གཏོང་བ། གུར་ཕུབ་པ། བརྙན་དང་པར་བླངས་ནས་དྲྭ་ལམ་སོགས་སུ་སྤེལ་བའི་གནས་ཚུལ་བྱུང་ཚེ་ཁྲིམས་འགལ་ཡིན་པའི་བཙན་བཀའ་བཏང་ཡོད་པ་རེད་འདུག རྩ་བའི་གངས་བུ་རིག་རྒྱས་ཉི་མ་ལགས་ད་ལྟ་དགུང་ལོ་ ༣༠ ཡིན་འདུག་པ་དང་། ཁོང་དཀར་མཛེས་ཁུལ་བྲག་མགོ་རྫོང་། གཙང་སྟོད་ཡུལ་ཚོ་གཙང་སྟོད་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཕ་མིང་ལ་དབྱེར་མེད་དང་མ་མིང་ལ་སྐལ་བཟང་མཚོ་ཡིན་པ་དང་། ཁོང་ནི་ཁྱིམ་ཚང་གི་བུ་གཅིག་པོ་དེ་ཡིན་པ་དང་། དེ་སྔ་བཙོན་འཇུག་མ་བྱས་པའི་སྔོན་ལ་རྫོང་གི་ཆུ་གློག་དང་འབྲེལ་བའི་ལས་ཁུངས་ཤིག་གི་ནང་དུ་ལས་ཀ་བྱས་ཡོད་འདུག   ཕྱི་ལོ ༢༠༡༢ ལོར་བོད་ཀྱི་ལོ་སར་སྐབས་བྲག་མགོ་དང་གསེར་རྟའི་ཕྱོགས་ནས་མི་མང་གིས་རྒྱ་ནག་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་གྱི་སྐད་འབོད་གནང་སྐབས། གངས་བུ་རིག་རྒྱས་ཉི་མ་ཁོང་དང་བྲག་མགོ་དགོན་པའི་དགེ་འདུན་པ་བཀྲ་ཤིས་དར་རྒྱས་དང་རྣམ་རྒྱལ། ཅེས་བེ་སོགས་ཡུལ་མི་བཅུ་ལྷག་ལ་སྤྱི་ཚོགས་ལ་གཏོར་བརླགས་དང་། མི་རིགས་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་བཏང་བའི་མཐར། ཁོང་གི་རོགས་པ་ཚོར་ལོ་བཅུ་གཉིས་ནས་བཅུ་བཞིའི་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། གནས་ཚུལ་མཁོ་སྤྲོད་པས་གསུངས་བར་གཞིགས་ན། གངས་བུ་རིག་རྒྱས་ཉི་མ་ལགས་བཙོན་གྲོལ་བཏང་བའི་སྐབས་རིང་ལ་གཟུགས་གཞིའི་གནས་སྟངས་ཇི་འདྲ་ཡོད་པ་གསལ་པོ་ཤེས་རྟོགས་ཐུབ་མེད་ཀྱང་། ཁོང་བཙོན་ཁང་དུ་ཡོད་སྐབས། ཁོང་གིས་ཉམ་ཆུང་བའི་བཙོན་མའི་ལས་དབང་ལ་སྲུང་སྐྱོབ་དང་། ཚད་ལས་འདས་པའི་མནར་གཅོད་སོགས་ལ་ངོ་རྒོལ་དང་གདོང་ཐུག་ཡང་ཡང་བརྒྱབ་སྟེ་བཙོན་ཁང་དུ་ཡུན་རིང་བཅུག་པའི་གནད་དོན་ལན་མང་བྱུང་ཡོད་པར་བརྟེན། ད་ལྟ་ཁོང་གི་མིག་གིས་གསལ་བོ་མི་མཐོང་བ་དང་། གློ་བ་ནད་པར་གྱུར་བ། མགོ་ནད་བྱུང་བ། སྒལ་ཚིགས་ནད་པར་གྱུར་བ་སོགས་ཁོང་གི་ལུས་སེམས་གཉིས་ལ་རྒྱུན་ལྡན་མིན་པའི་ནད་གཞི་མང་པོ་བྱུང་ཡོད་པ་གསུངས་གི་འདུག གནས་ཚུལ་མཁོ་སྤྲོད་པས་ད་དུང་། གངས་བུ་རིག་རྒྱས་ཉི་མ་ལགས་གློད་གྲོལ་རྗེས་རང་ཁྱིམ་དུ་འབྱོར་ཏེ་ཁྱིམ་མི་དང་སྤུན་མཆེད་རྣམས་དང་མཇལ་འཕྲད་བྱུང་སྐབས། ཁོང་སྔར་བཞིན་འགན་ཁུར་ཡོད་པའི་བོད་མི་ཞིག་ཡིན་པ་དེ་བརྗེད་མེད་པ་དང་། བོད་མི་གཞན་རྣམས་ལ་རང་ཉིད་བོད་མི་ཞིག་ཡིན་པ་དུས་ནམ་ཡང་བརྗེད་རྒྱུ་མེད་པ་དང་། རང་རང་གི་དཔའ་སྤོབས་མ་ཞུམ། ནང་ཁུལ་ལ་མཐུན་སྒྲིལ་དང་། ལྷག་པར་དུ་རང་གི་སྐད་ཡིག་དང་ཆོས་ལུགས་ལ་སློབ་སྦྱོང་བྱེད་དགོས་པའི་སྐུལ་མ་བྱས་པ་མ་ཟད། སྐད་ཆ་འདི་དག་ནི་ང་དེ་རིང་གསོན་པོ་ཡིན་པའི་རྟགས་དང་། ཡུན་རིང་ཡིད་ལ་བཅངས་པའི་སེམས་གཏམ་དམར་དམར་དེ་ཡིན་པས་ཚང་མས་ཐུགས་ལ་འཛིན་པར་ཞུ། ཞེས་སོགས་གསུངས་ཡོད་པ་རེད་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་གི་བཙོན་གྲོགས་བཀྲ་ཤིས་དར་རྒྱས་དང་། རྣམ་རྒྱལ་གཉིས་ད་དུང་བཙོན་ཁང་དུ་ལུས་ཡོད་པ་དང་། བཙོན་གྲོགས་གཞན་འགའ་རེ་བཙོན་གྲོལ་ཐོབ་ཡོད་ཀྱང་ལུས་སེམས་གཉིས་ལ་གནོད་སྐྱོན་ཐེབས་ཡོད་པ་རེད་འདུག རྩ་བའི་དེང་སྐབས་བོད་ནང་དུ་རྒྱ་གཞུང་གི་དམ་དྲག་ཚད་ལས་བརྒལ་བ་བྱས་པའི་རྐྱེན་གྱིས། རང་ལུས་མེར་བསྲེགས་དང་ཞི་བའི་ངོ་རྒོལ་སོགས་ཀྱི་གནས་ཚུལ་ཐོས་རྒྱུ་མེད་ཀྱང་། རྒྱ་གཞུང་གི་བཙོན་ཁང་ནང་དུ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་འོག བོད་མི་ཆབ་སྲིད་བཙོན་པ་སྐུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་རིམ་པ་ཐོན་བཞིན་པ་རེད།

རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྩིས་མེད་ཀྱིས་ཐེ་ཝན་ལ་འབྲེལ་ལམ་འཛུགས་རྒྱུའི་གྲོས་འཆར་བཏོན་པ།

ཨ་རིའི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་གྲོས་ཚོགས་འོག་མའི་ནང་དུ། ཨ་རིའི་ངོས་ནས་དུས་ཚོད་ཡོལ་ཟིན་པའི་རྒྱ་ནག་གཅིག་གི་སྲིད་བྱུས་དེ་ནག་གསུབ་བཏང་སྟེ། ཐེ་ཝན་དང་མཉམ་དུ་གཞུང་འབྲེལ་གྱི་ཐོག་ནས་འབྲེལ་ལམ་བསྐྱར་གསོ་གནང་དགོས་བའི་གྲོས་འཆར་ཞིག་ཆེད་འདོན་གནང་འདུགདེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་ཁག་ལ་གཞིགས་ན། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས། Tom Tiffany དང་ Scott Perry ལགས་གཉིས་ཀྱིས་གྲོས་ཚོགས་ཀྱི་དབུས་སུ་ཨ་རིའི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་དོར་ཏེ་ཐེ་ཝན་གྱི་རྒྱལ་ཁབ་མཉམ་དུ་གཞུང་འབྲེལ་གྱི་འབྲེལ་ལམ་བསྐྱར་འཛུགས་དགོས་བར་འབོད་སྐུལ་བྱས་པ་མ་ཟད། ཐེ་ཝན་ནི་འདས་བའི་མོ་ལོ་༧༠ ལྷག་གི་ལོ་རྒྱུས་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་མངོན་གསལ་གནང་འདུགགྲོས་ཚོགས་འཐུས་མི་གཉིས་ཀྱིས་ཐེངས་འདིའི་གྲོས་འཆར་བརྒྱུད་བྷ་ཌན་སྲིད་གཞུང་ནས་རྒྱལ་སྤྱིའི་སྒྲིག་འཛུགས་གང་སར་ཐེ་ཝན་ལ་ངོས་འཛིན་ཡོང་ཐབས་བྱེད་དགོས་པ་མ་ཟད། ཐེ་ཝན་སྲིད་གཞུང་ལ་འབྲེལ་མོལ་གྱིས་ཕྱོགས་གཉིས་དབར་རང་དབང་གི་ཚོང་འབྲེལ་གྲོས་ཆོད་འཇོག་དགོས་པའི་ཞུ་སྐུལ་བྱས་འདུག གྲོས་ཚོགས་སུ་གྲོས་འཆར་ཆེད་འདོན་གནང་སྐབས། སྐུ་ཞབས་ Tiffany ལགས་ཀྱིས་འདས་པའི་མི་ལོ་ ༤༠ རིང་ལ། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་སྲིད་འཛིན་རིམ་པས་དངོས་ཡོད་གནས་ལུགས་ལ་ལྟོས་མེད་ཐེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་རྒྱ་ནག་གི་རྫུན་བསྒྲགས་བྱེད་བཞིན་པ་དེ་བསྐྱར་བཟློས་ཡང་བཟློས་བྱས་ཡོད་སྐོར་བརྗོད་པ་དང་འབྲེལ། ད་ནི་ཨ་རིའི་ངོས་ནས་དུས་ཚོད་ཡོལ་ཟིན་པའི་རྒྱ་ནག་གཅིག་གི་སྲིད་བྱུས་དེ་རྒྱང་ནས་དོར་དགོས་བའི་དུས་ལ་བབ་ཡོད་ཅེས་གསུང་བ་མ་ཟད། སྐུ་ཞབས་ Perry ལགས་ཀྱིས་ཀྱང་ད་བར་ཐེ་ཝན་དང་མཉམ་དུ་ཕྱོགས་མང་པོ་ནས་མཉམ་ལས་བྱེད་མཁན་རང་དབང་ལྡན་པའི་ཨ་རིའི་རྒྱལ་ཁབ་ངོས་ནས་ཐེ་ཝན་ནི་འདས་པའི་ལོ་ངོ་ ༧༠ ནས་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་ཡོངས་གྲགས་གནང་དགོས་སྐོར་གསུངས་འདུག གཞི་རྩའི་ཨ་རིའི་གཞུང་ངོས་ནས་ཕྱི་ལོ་ ༡༩༧༩ བར་ཐའེ་ཝན་དང་ལྷན་དུ་གཞུང་འབྲེལ་གྱི་འབྲེལ་ལམ་བཞག་ཡོད་ཀྱང་། ༧༩ ལོར་སྐབས་དེའི་སྲིད་འཛིན་སྐུ་ཞབས་ Jimmy Carter མཆོག་གིས་བློ་བུར་ཐའེ་ཝན་དང་འབྲེལ་ལམ་བཅད་དེ་རྒྱ་ནག་དམར་ཤོག་གཞུང་ལ་ངོས་འཛིན་གནང་ཡོད་པ་རེད། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་དེའི་རྗེས་ Taiwan Relations Act ཞེས་པའི་ཁྲིམས་གཞི་གཏན་འབེབས་བརྒྱུད་ཨ་རི་དང་ཐེ་ཝན་གཉིས་དབར་དཔལ་འབྱོར་དང་རིག་གཞུང་སོགས་ཀྱི་འབྲེལ་ལམ་འཙུགས་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་བཞི་བཅུ་བ། སྐུ་ཞབས་ Ronald Reagan ལགས་ཀྱི་ལས་ཡུན་སྐབས་ six assurances ཞེས་གནད་དོན་དྲུག་གི་ཐོག་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་བཏང་བ་དང་སྦྲགས། ཐེ་ཝན་གྱི་བདག་དབང་རྒྱ་ནག་ལ་ཡོད་པར་བརྗོད་བཞིན་པ་དེར་ཨ་རིའི་ངོས་ནས་ངོས་ལེན་མེད་པའི་རྣམ་པ་གསལ་སྟོན་བྱས་ཡོད་པ་རེད། འོན་ཀྱང་གྲོས་ཚོགས་འཐུས་མི་རྣམས་གཉིས་ཀྱིས་ཨ་རིའི་གཞུང་གིས་ད་དུང་ཡང་ཐའེ་ཝན་ལ་གཞུང་འབྲེལ་སྒོ་ནས་ངོས་འཛིན་མེད་པ་མ་ཟད། མཚོ་གླིང་རྒྱལ་ཁབ་དེར་ཨི་རན་དང་བྱང་ཀོ་རི་ཡ་ལྟ་བུའི་ཆེས་གདུག་རྩུབ་ལྡན་པའི་རྒྱལ་ཁབ་བཞིན་ལྟ་ཕྱོགས་འཛིན་བཞིན་པར་སྐྱོན་བརྗོད་དང་འབྲེལ། སྐུ་ཞབས་ Tiffany ལགས་ཀྱིས་ཨ་རིའི་ངོས་ནས་རང་གི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་སྐད་ཆ་བཤད་རྒྱུར་རྒྱ་ནག་དམར་ཤོག་གི་ཆོག་མཆན་གྱི་དཔང་ཡིག་ཅིག་དགོས་དོན་མེད་པ་དང་།  ཐེ་ཝན་ནི་རང་དབང་དང་མང་གཙོ་ལྡན་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་རེད་ལ། ཨ་རིའི་ངོས་ནས་དངོས་བདེན་གྱི་གནད་དོན་དེ་མངོན་གསལ་གནང་དགོས་བའི་དུས་ལ་བབ་ཡོད་པར་བསྒྲགས་འདུག འདི་ལོའི་ཕྱི་ཟླ་གཉིས་བའི་ནང་དུ་ཡང་། ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་ Rick Scott ལགས་ཀྱིས་ Taiwan Invasion Prevention Act ཞེས་ཐེ་ཝན་བཙན་འཛུལ་སྔོན་འགོག་གི་ཁྲིམས་འཆར་བསྐྱར་འདོན་གནང་ཡོད་པ་དང་།  ཁྲིམས་འཆར་དེ་བརྒྱུད་ཨ་རི་དང་ཐེ་ཝན་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་གྱིས། ཐེ་ཝན་གྱི་ངོས་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྲིད་བྱུས་དང་དམག་ཤུགས་ལ་འགོག་རྒོལ་བྱེད་རྒྱུའི་ནུས་པ་སྤྲོད་ཀྱི་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གཞུང་གིས་ཉེ་བའི་ཟླ་ཤས་ནང་ཐའེ་ཝན་གྱི་གཡས་གཡོན་དུ་དམག་གི་ལས་དོན་གཞི་རྒྱ་ཆེ་རུ་བཏང་བ་མ་ཟད། ཐེ་ཝན་དེ་བཞིན་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཞིག་ཡིན་པ་བསྐྱར་ནན་དང་། མཚོ་གླིང་དེ་རྒྱ་ནག་སྐམ་ས་དང་ཟླ་སྒྲིལ་བྱ་རྒྱུར་དྲག་ཤུགས་བེད་སྤྱོད་བྱེད་དགོས་བྱུང་ནའང་བྱེད་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད་པ་རེད།

གོམ་བགྲོད་ཀྱི་དགོས་འདུན་འགྲུབ་རྒྱུར་བོད་མི་མང་ཚོགས་ཀྱིས་མཉམ་ཞུགས་གནང་རོགས།

བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་ལོ་གསར་པའི་ཚེས་གཅིག་སྟེ། ཕྱི་ཟླ་ ༢ ཕྱི་ཚེས་ ༡༢ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་དབུ་འཛུགས་ཀྱི་རྒྱལ་ས་ལྡི་ལི་བར་དུ་རྒྱ་གར་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་གནང་བཞིན་པ་དེར་བསྒྱུར་བཅོས་གཏོང་དགོས་པའི་དགོས་འདུན་བཏོན་པའི་ཐོག་བོད་དོན་གོམ་བགྲོད་གནང་བཞིན་ཡོད་པ་རེད། དེ་རིང་བསྟན་འཛིན་བརྩོན་འགྲུས་ལགས་གོམ་བགྲོད་ཉིན ༢༠ པ་དེར་རྒྱ་གར་གྱི་མངའ་སྡེ་ Haryana གྲོང་ཁྱེར་ Karnal ནས་ Panipat ཕྱོགས་སུ་ཐོན་བཞིན་པ་དང་བསྟུན། འདི་ག་རླུང་འཕྲིན་ཁང་ནས་སྤྱི་ཡོངས་ནས་ད་བར་གྱི་གོམ་བགྲོད་ལས་འགུལ་གྱི་གནས་སྟངས་དང་། ལྷག་པར་དུ་རིང་མིན་རྒྱལ་ས་ལྡི་ལིར་འབྱོར་བའི་སྐབས་སུ་ལས་འགུལ་དང་འབྲེལ་བའི་འཆར་གཞི་ག་རེ་ཡོད་མིན་སོགས་དང་འབྲེལ་བཀའ་འདྲི་ཁག་ཅིག་ཞུ་སྐབས། ཕྱི་ཚེས་ ༡༠ ཉིན་རྒྱལ་ས་ལྡི་ལིར་འབྱོར་སྐབས་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་མཛད་རིམ་ཁག་ལ་མཉམ་ཞུགས་གནང་རྒྱུ་ཙམ་མ་ཟད། ཐེངས་འདིའི་གོམ་བགྲོད་ཁྲོད་ཀྱི་དགོས་འདུན་གཙོ་བོ་སྟེ། རྒྱ་གར་གཞུང་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་གནང་བཞིན་པ་དེ་བསྒྱུར་བཅོས་གཏོང་དགོས་པའི་དགོས་འདུན་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་གནང་པ་ཁག་རྒྱ་གར་གྱི་སྲིད་བློན་ལས་ཁུངས་སུ་འབུལ་རྒྱུ་སོགས་ཀྱི་འཆར་གཞི་ཡོད་པ་ངོ་སྤྲོད་དང་སྦྲགས། གོམ་བགྲོད་ཀྱི་དགོས་འདུན་འདི་ནུས་པ་ལྡན་པ་ཞིག་ཡོང་བར་བོད་མི་མང་ཚོགས་ནས་སྤྱི་དོན་རང་ལ་བསམ་བློ་བཏང་སྟེ། མཚན་རྟགས་བསྡུ་རུབ་ནང་ངེས་པར་དུ་མཉམ་ཞུགས་གནང་རོགས་གནང་ཞེས་རེ་སྐུལ་གནང་སོང་། གཞི་རྩའི་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་བཞུགས་སྒར་ནས་རྒྱལ་ས་ལྡི་ལི་བར་སྤྱི་ལེ་ ༥༠༠ ལྷག་གི་གོམ་བགྲོད་ཀྱི་ལས་འགུལ་འདིའི་ཁྲོད་ས་གནས་ས་ཐོག་གི་རྒྱ་གར་མང་ཚོགས་རྣམས་ལ་རྒྱ་ནག་གཞུང་ནས་བོད་ས་བཙན་འཕྲོག་བྱས་པ་མ་ཟད། ད་ཆ་རྒྱ་གར་གྱི་ས་ཁུལ་ཁག་ཏུ་ཡང་བཙན་འཛུལ་བྱེད་བཞིན་པའི་གནས་སྟངས་དང་། རྒྱ་གར་འདི་བོད་དང་ས་མཚམས་ཀྱི་འབྲེལ་བ་ཡོད་པ་ལས། རྒྱ་ནག་དང་ས་མཚམས་ཀྱི་འབྲེལ་བ་མེད་པ་སོགས་ཞིབ་ཕྲ་ངོ་སྤྲོད་དང་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམ་སྤེལ་སོགས་ཀྱང་གནང་བཞིན་ཡོད་པ་རེད།

Latest news